དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 30 April 2011
༄༅། །གླུ་གཞས་གྱེར་བ།
ཡ་གིའི་དགོང་སྔོན་དབྱིངས་ནས།།
ཉི་ཟླ་སྐར་གསུམ་ཤར་འདུག །
གོ་ལ་རླུང་གི་འཁོར་ལོས། །
ཤར་ནུབ་རྒྱུ་བར་ངོ་མཚར། །

བར་སྣང་སྟོང་པའི་ཀློང་ནས། །
འདབ་ཆགས་མཁའ་ལ་རྒྱུ་བ། །
དེང་རབས་སྒྱུ་འཕྲུལ་རིག་པས། །
ཤར་ནུབ་བགྲོད་པར་ངོ་མཚར། །

ས་གཞི་ཡངས་པའི་གནས་ནས། །
དགེ་འདུན་བསླབ་གསུམ་ལྡན་པ། །
ཐེག་གསུམ་ཆོས་ལ་བསྟེན་པས། །
ཐར་ལམ་གཤེགས་པར་ངོ་མཚར། །

ངོ་མཚར་དམ་པའི་ཡོན་ཏན། །
རིང་འདྲིས་རིག་དང་མ་རིག །
འཁོར་འདས་ལག་པའི་ལྟོ་རྒྱབ། །
ཀུན་གྱིས་རྟོགས་པར་སྨོན་ནོ། །

ཅེས་པ་གནམ་གྲུའི་ནང་ནས་དཔལ་དགྱེས་པ་རྡོ་རྗེས་གང་ཤར་བྲིས་པ་དགེའོ། །
༢༠༡༠ ༢ ༡༠

0 comments:

ཟིན་བྲིས་འཚོལ་ཡུལ