དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 30 April 2011
༄༅། །དུས་རབས་ཉེར་གཅིག་པའི་གྲོགས་པོ་ཚོ། །
དུས་རབས་ཉེར་གཅིག་པའི་ཆོས་པ། །
བརྟག་དཔྱོད་བློ་ལྡན་ཀྱི་ངེས་ཤེས། །
གོ་མྱོང་རྟོགས་པ་ཞིག་མེད་ན། །
དད་གུས་ལྟར་སྣང་དུ་འདུག་གོ། །

དབང་དྲག་གཟུགས་བརྙན་གྱི་བསྟན་པ། །
འཇིག་རྟེན་ཆོས་བརྒྱད་གྱི་བླ་རྫུན། །

སྤང་ལ་ཤ་མོང་བཞིན་རྡོལ་བས། །
བསྟན་པའི་བླ་བཙོང་གིས་གང་འདུག །

ཆོས་རབ་རྣམ་འབྱེད་ཀྱིས་དྲངས་པའི། །
ཐབས་མཆོག་སྙིང་རྗེ་དང་ལྡན་ཞིང་། །
ཤེས་རབ་དྲི་མེད་ཅིག་འཁྲུངས་ན། །
བསྟན་པ་རྣམ་དག་ཏུ་འདུག་གོ །

ཨུ་ཚུགས་གཞན་ཟེར་ལ་མ་ཉན། །
ངན་སྤྱོད་སྣ་དགུ་ལ་མ་བལྟ། །
གྲུབ་མཐའི་ཆགས་སྡང་ལ་མ་རྒྱུགས། །
ཐེག་གསུམ་སྙིང་པོ་ལ་བརྩོན་ཅིག །

རང་ཆོས་རང་རྒྱུད་ལ་སྦྱོར་དང་། །
རང་བྱུང་བསྟན་པ་ཡི་སྙིང་པོ། །
རང་རིག་རང་མལ་ནས་མཇལ་བས། །
རང་གྲོལ་སངས་རྒྱས་སུ་འདུག་གོ། །

ཨ་ནེ་དམ་ཆོས་ལ་ཤྲྰིས་ཅི་དྲན་གདམས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ