དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 2 May 2011
༄༅། །རང་ཡུལ་དྲན་གླུ་བྱིས་པའི་གདུང་དབྱངས།།
ན་མོ་གུ་རུ་ཨརྱ་ཨ་ཝ་ལོ་ཀེ་ཤྭ་ར་ཡེ། །
ཀ་མ་ལ་ལྟར་བཀྲ་བའི་ནོར་འཛིན་གཞིར། །
ཁ་བའི་ལྗོངས་སུ་སྐྱེས་པའི་བུ་ཆུང་ང་། །
ག་སར་གང་དུ་ཕྱིན་ཀྱང་བསམ་སྤྱོད་ཀུན། །
ང་ཚོའི་ཕ་མེས་འདི་འདྲར་སྲིད་ན་དཀོན། །
ཅ་ཅོའི་སྨྲ་ཉུང་འབྲུ་དྲུག་སྙིང་པོ་བསྒྲང་། །
ཆ་ལུགས་ཆོས་སྤྱོད་དྲན་ཤེས་བག་ཡོད་ལྡན། །
ཇ་དང་བཟའ་བཏུང་འདོད་ཆུང་ཆོག་ཤེས་ཅན། །
ཉ་སོགས་དུད་འགྲོ་རིགས་ལ་བྱམས་བརྩེ་མཛད། །
ཏ་ཐྰ་ག་ཏའི་བསྟན་པའི་སྲོག་སྙིང་འཛིན། །
ཐ་དག་གསང་ཆེན་ཐེག་པའི་ལམ་ལ་བརྩོན། །
ད་ལྟའི་ཚེ་འདིར་མངོན་འཚང་རྒྱས་པ་མང་། །
ན་ཚོད་ཁྱད་མེད་ལས་འབྲས་བསླུ་མེད་བལྟ། །
པ་སངས་ལྟར་དཀར་ལྷག་བསམ་དྲི་མེད་ངང་། །
ཕ་མེས་རིག་གཞུང་འཛིན་པའི་དམ་བཅའ་བརྟན། །
བ་མཆོག་གཡག་ཕྱུགས་འཚོ་བའི་དཔལ་ལ་རོལ། །
མ་ལུས་སྐྱེ་རྒུ་ཡོངས་ལ་ཕན་བདེས་སྐྱོངས། །
ཙ་ཙུབ་དུག་ལྔའི་སྤྱོད་པ་ན་ཕྲ་ཞིང་། །
ཚ་གྲང་དཀའ་སྤྱད་དོན་མེད་མ་ཡིན་པར། །
ཛ་ཡའི་བསྟན་པ་འཛིན་སྐྱོང་སྤེལ་ལ་བྲེལ། །
ཝ་ལེར་ངེས་ཤེས་ཟབ་མོས་གནས་ལུགས་མཇལ། །
ཞ་ལོང་ཡིན་ཡང་འཆི་ཆོས་རྣལ་མ་འགྲུབ། །
ཟ་ཉལ་འགྲོ་འདུག་དགེ་སེམས་གཙང་མ་ཅན། །
འ་ཅག་འདི་ཕྱི་དོན་ལྡན་མཛད་པ་ཀུན། །
ཡ་རབས་སྐྱེ་བོའི་གྲལ་གྱི་ཡང་རྩེ་ལགས། །
ར་བ་ཕྱི་རོལ་གངས་དཀར་རི་བོས་བསྐོར། །
ལ་ལུང་ཀུན་ཏུ་ལྷག་བསམ་དཀར་པོས་གང་། །
ཤ་རུས་གཅིག་པའི་དྲང་བདེན་དཀར་པོའི་རིགས། །
ས་སྟེང་འདི་ན་བསམ་སྤྱོད་ཨེ་མ་ཧོ། །
ཧ་གོ་རང་ཡུལ་ཕྱོགས་ཀྱི་ལྟ་སྤྱོད་འབྲས། །
ཨ་མའི་བུ་ངས་དྲན་པའི་ཀློང་ཆེན་ནས། །
ཧ་ཅང་ལོ་རྒྱུས་གཙང་མའི་རྡོ་རིང་ཞིག །
ཨ་ཧོ་བསྟན་སྲིད་གཡུང་དྲུང་ཐང་དུ་བསྐྲུན། །ཞེས་པའང་རབ་རྒྱན་ཤིང་བྱའི་ཐ་སྐར་ཟླ་བའི་ཡར་ཚེས་ཉིན་སེངྒ་གླིང་གི་ཨ་སེམས་ལྷ་ཁང་དུ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གང་དྲན་གླུ་རུ་བླངས་པ་ཤྲྰི་སརྦ་བི་ཛ་ཡནྟུ།། །།
ན་མོ་གུ་རུ་ཨརྱ་ཨ་ཝ་ལོ་ཀེ་ཤྭ་ར་ཡེ། །
ཀ་མ་ལ་ལྟར་བཀྲ་བའི་ནོར་འཛིན་གཞིར། །
ཁ་བའི་ལྗོངས་སུ་སྐྱེས་པའི་བུ་ཆུང་ང་། །
ག་སར་གང་དུ་ཕྱིན་ཀྱང་བསམ་སྤྱོད་ཀུན། །
ང་ཚོའི་ཕ་མེས་འདི་འདྲར་སྲིད་ན་དཀོན། །
ཅ་ཅོའི་སྨྲ་ཉུང་འབྲུ་དྲུག་སྙིང་པོ་བསྒྲང་། །
ཆ་ལུགས་ཆོས་སྤྱོད་དྲན་ཤེས་བག་ཡོད་ལྡན། །
ཇ་དང་བཟའ་བཏུང་འདོད་ཆུང་ཆོག་ཤེས་ཅན། །
ཉ་སོགས་དུད་འགྲོ་རིགས་ལ་བྱམས་བརྩེ་མཛད། །
ཏ་ཐྰ་ག་ཏའི་བསྟན་པའི་སྲོག་སྙིང་འཛིན། །
ཐ་དག་གསང་ཆེན་ཐེག་པའི་ལམ་ལ་བརྩོན། །
ད་ལྟའི་ཚེ་འདིར་མངོན་འཚང་རྒྱས་པ་མང་། །
ན་ཚོད་ཁྱད་མེད་ལས་འབྲས་བསླུ་མེད་བལྟ། །
པ་སངས་ལྟར་དཀར་ལྷག་བསམ་དྲི་མེད་ངང་། །
ཕ་མེས་རིག་གཞུང་འཛིན་པའི་དམ་བཅའ་བརྟན། །
བ་མཆོག་གཡག་ཕྱུགས་འཚོ་བའི་དཔལ་ལ་རོལ། །
མ་ལུས་སྐྱེ་རྒུ་ཡོངས་ལ་ཕན་བདེས་སྐྱོངས། །
ཙ་ཙུབ་དུག་ལྔའི་སྤྱོད་པ་ན་ཕྲ་ཞིང་། །
ཚ་གྲང་དཀའ་སྤྱད་དོན་མེད་མ་ཡིན་པར། །
ཛ་ཡའི་བསྟན་པ་འཛིན་སྐྱོང་སྤེལ་ལ་བྲེལ། །
ཝ་ལེར་ངེས་ཤེས་ཟབ་མོས་གནས་ལུགས་མཇལ། །
ཞ་ལོང་ཡིན་ཡང་འཆི་ཆོས་རྣལ་མ་འགྲུབ། །
ཟ་ཉལ་འགྲོ་འདུག་དགེ་སེམས་གཙང་མ་ཅན། །
འ་ཅག་འདི་ཕྱི་དོན་ལྡན་མཛད་པ་ཀུན། །
ཡ་རབས་སྐྱེ་བོའི་གྲལ་གྱི་ཡང་རྩེ་ལགས། །
ར་བ་ཕྱི་རོལ་གངས་དཀར་རི་བོས་བསྐོར། །
ལ་ལུང་ཀུན་ཏུ་ལྷག་བསམ་དཀར་པོས་གང་། །
ཤ་རུས་གཅིག་པའི་དྲང་བདེན་དཀར་པོའི་རིགས། །
ས་སྟེང་འདི་ན་བསམ་སྤྱོད་ཨེ་མ་ཧོ། །
ཧ་གོ་རང་ཡུལ་ཕྱོགས་ཀྱི་ལྟ་སྤྱོད་འབྲས། །
ཨ་མའི་བུ་ངས་དྲན་པའི་ཀློང་ཆེན་ནས། །
ཧ་ཅང་ལོ་རྒྱུས་གཙང་མའི་རྡོ་རིང་ཞིག །
ཨ་ཧོ་བསྟན་སྲིད་གཡུང་དྲུང་ཐང་དུ་བསྐྲུན། །ཞེས་པའང་རབ་རྒྱན་ཤིང་བྱའི་ཐ་སྐར་ཟླ་བའི་ཡར་ཚེས་ཉིན་སེངྒ་གླིང་གི་ཨ་སེམས་ལྷ་ཁང་དུ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གང་དྲན་གླུ་རུ་བླངས་པ་ཤྲྰི་སརྦ་བི་ཛ་ཡནྟུ།། །།
Subscribe to:
Post Comments (Atom)
0 comments:
Post a Comment