དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 12 June 2011
༄༅། །གངས་ལྗོངས་འབུམ་རམས་པ་བློ་བཟང་སེང་གེ་ལ་ ནང་གཏམ་དུ་བྱ་བ་རྒན་པོའི་ཁ་བརྡ། ། ན་མོ་གུ་རུ་བུདྡྷ་པདྨ་ཀ་ར་ཡེ། ། ཆེས་མཐོའི་ནོར་འཛིན་ཁྱད་འཕགས་བོད་ཀྱི་ཡུལ། ། སྲིད་པའི་གངས་ལྗོངས་གཡང་གི་ར་བ་ན། ། བསྟན་པའི་གསལ་བྱེད་མཁན་སློབ་རྗེ་འབངས་ཀྱི། ། བཀའ་དྲིན་དྲན་བཞིན་རྒན་པོས་གཏམ་འདི་བྱ། ། དགའ་བའི་གཏམ་གྱི་ངོ་སོ་ཁྱོད་ལ་བསྟོད། ། སྐྱིད་པའི་ཉི་མ་ལ་ཁའི་མི་ཚེ་ལ། ། བདེ་བའི་གོ་སྐབས་རྨི་ལམ་རེ་བ་འདི། ། དཔྱོད་ལྡན་སྲིད་འཛིན་ཁྱེད་ཉིད་ཡིད་དུ་འོང་། ། ཡིད་བཞིན་ནོར་བུའི་ཕྱག་རྒྱའི་གངས་ཅན་པར། ། བསིལ་ལྡན་ཁ་བའི་དགྱ་དཔུང་འཇོམས་པ་ལ། ། བློ་བཟང་སེངྒེའི་ང་སྐད་མ་སྒྲོག་ན། ། གཅན་གཟན་རྒྱ་སྟག་དཔུང་ཤུགས་འགྲན་ནུས་སམ། ། དབུ་མའི་མཁན་པོ་དབུ་ལོ་ཇེ་དཀར་རེད། ། དབུ་མེད་ཇག་པ་ཁྲེལ་མེད་ཇེ་རྒོད་རེད། ། དབུ་ཅན་དབུ་མེད་ཤེས་མཁན་མ་ཡོད་ན། ། དབུ་མ་ཐལ་རང་རྩོད་པ་དོན་མེད་རེད། ། མིང་ཆེན་ཕལ་ཆེར་དགོན་སྡེའི་ལས་ལ་བྲེལ། ། འབྱོར་ལྡན་ཕལ་ཆེར་བསགས་བསྲུང་ནོར་ལ་གཡེང་། ། གཞི་བྱེས་ཕལ་ཆེར་རང་འདོད་ལས་ལ་རྨོངས། ། ཚེ་སྲོག་བོད་ལ་འབུལ་མཁན་ཁྱེད་ཉིད་ཙམ། ། གནའ་རབས་ཕ་མེས་ཞལ་ཆེམས་ཁྱེད་ལ་ཡོད། ། དེང་རབས་འབུམ་རམས་མཁྱེན་རབ་ཁྱོད་ལ་ལྡན། ། བདེན་དྲང་རྒྱ་མའི་ཐིག་ཚད་འཇལ་མཁས་པས། ། བློ་སྤོབས་དཔལ་འབར་གཟི་བརྗིད་ད་ལྟ་ངོམས། ། ཨ་རིའི་སྲིད་འཛིན་ལས་ལྷག་འབུམ་ཆེན་པོ། ། དབང་ཆེན་ཏང་ཡན་ལས་ལྷག་རྣམ་དཔྱོད་ཅན། ། སྤྱི་འཐུས་བཀའ་བློན་ལས་ལྷག་རིས་མེད་པོ། ། ཞི་བདེའི་དེད་དཔོན་འདྲེན་པའི་ཕོ་ཉ་དངོས། ། རྒྱུ་ནོར་དཔུང་གིས་ཐོབ་ཐང་ཉོས་མིན་པར། ། ཁྲིམས་མཐུན་ཤེས་འཇོན་ཅན་གྱི་མི་བུ་ཁྱེད། ། སྤྱི་མཐུན་བོད་མིའི་སྡུག་བསྔལ་བསལ་ཕྱིར་དུ། ། རྒྱལ་དབང་མཆོག་གི་བཞེད་དོན་སྒྲུབས་ཤིག་ཨང་། ། རྒྱལ་སྤྱིའི་གསར་འགྱུར་ཁག་ཏུ་སྙན་ལྷང་ལྷངས། ། རིག་གནས་གསར་རྗེའི་བརྒྱུད་པ་འདར་ཤིག་ཤིགས། ། དམངས་གཙོ་དགའ་བའི་ཕྱག་དར་དཀར་སང་སངས། ། ཆོལ་གསུམ་རེ་བའི་དཔུང་ཤུགས་གནམ་ལ་སྒྲེངས། ། སྤྱི་ཚོགས་མུན་ནག་བསལ་པའི་སྒྲོན་མེ་སྦོར། ། འཛམ་གླིང་ཞི་བདེ་འབྱུང་བའི་ཐབས་ལམ་སྟོན། ། རྨོངས་ཞེན་གཡམ་རྒྱུག་མཁན་ལ་ངོ་ཚ་རྟོད། ། དཔའ་མཛངས་རྟུལ་ཕོད་བག་ཡོད་ལྡན་པར་མཛོད། ། གལ་ཆེན་དུས་ཚོད་རྟེན་འབྲེལ་མ་རལ་བར། རྒྱ་བོད་སྐྱིད་སྡུག་མཉམ་པའི་རྒྱལ་ཁབ་དང་། ། གཤིན་གསོན་བྱེ་བའི་རེ་བ་མ་གཏོང་བར། ། སྲིད་ལས་རྒྱལ་བའི་བསྟན་པའི་རྒྱལ་མཚན་སྒྲེངས། ། ཞེས་པའང་རབ་རྒྱན་ལྕགས་ཡོས་ས་ག་ཟླ་བའི་ཡར་ཚེས་བཅུ་ཉིན་ཐོ་རངས་ལ་རྨི་ལམ་བཟང་པོ་ཞིག་རྨིས་པ་དང་སྔ་ཐུན་རིག་འཛིན་འདུས་པའི་ཚོགས་འཁོར་གྱི་བར་གསེང་གསོལ་སྟོན་གྱི་སྐབས་སུ་བོད་ཀྱི་སྲིད་འཛིན་བློ་བཟང་སེངྒེ་འདི་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལས་སློབ་རིམ་ཤེས་ཚད་ཁོ་མཐོ་བ་རེད་ཅེས་ཨ་རིའི་འབུམ་རམས་པ་དང་ཡོ་གླིང་གི་སློབ་དཔོན་(Prof.Dean Pielstick)མཁན་པོ་དྲི་མེད་ཟླ་བ་དང་ཡོ་གླིང་གི་སློབ་དཔོན་ཆེན་མོ་དྷྲུ་ས་ན་(Dr.Dusana) སོགས་ཀྱིས་བཤད་པ་ཐོས་མ་ཐག་ཅི་དྲན་དུ་ཨ་ཕ་བཟང་གི་བུ་བློ་བཟང་སེང་གེ་ལ་སྤྲིངས་པ་དགེའོ། ། ཤྲྰི་སརྦ་ལོ་ཀ་ཀེ་ལ་ཤ་བི་ཛ་ཡནྟུ། ། |
Subscribe to:
Post Comments (Atom)
0 comments:
Post a Comment