དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 16 June 2011
༄༅། །ཐོལ་གླུ་བདེ་གསལ་མི་རྟོག་པའི་ཉམས་སྣང་། །
ཨེ་མ་ཧོ།
བདེ་ཆེན་སེམས་ལ་ཚོར་འདུས་དགའ་དྲོད་སྐྱེས། །
རྩ་རླུང་རྒྱུ་བར་བག་ཡངས་རང་དབང་ཐོབ། །
སྒྱུ་ལུས་སྣང་སྲིད་དག་པ་རབ་འབྱམས་ཤར། །
བདེ་སྐྱིད་སྲིད་རྩེའི་བསམ་གཏན་བཞི་ལས་ལྷག །
ཨེ་མ་ཧོ།
གསལ་ཆེན་སེམས་ལ་མངོན་ཤེས་མཐོང་བའི་ཚུལ། །
རི་བྲག་ཟང་ཐལ་བེམ་རིག་དུས་གསུམ་སྣང་། །
སྣོད་བཅུད་བདེ་སྡུག་རྒྱུ་འབྲས་རྟེན་འབྲེལ་དག །
ཡིད་ཤེས་འདྲེན་པའི་ཉིན་མཚན་བར་མེད་རིག །
ཨེ་མ་ཧོ།
རྟོག་ཆེན་ཞེན་པའི་རེ་ཐག་ནང་ནས་ཆད། །
ཆགས་བྲལ་རིག་པའི་འོད་གསལ་རྟག་ཏུ་རྟག །
ཟུང་འཇུག་སྒྱུ་མའི་མཁན་པོ་སྒྱུ་འཕྲུལ་གར། །
སྤོངས་རྟོགས་ཡོངས་རྫོགས་སངས་རྒྱས་ཡེ་ཤེས་སོ། །
སྔ་ཐུན་ལ་ཤྲྰིས་གང་དྲན་དུ་ཕུལ། །
ཨེ་མ་ཧོ།
བདེ་ཆེན་སེམས་ལ་ཚོར་འདུས་དགའ་དྲོད་སྐྱེས། །
རྩ་རླུང་རྒྱུ་བར་བག་ཡངས་རང་དབང་ཐོབ། །
སྒྱུ་ལུས་སྣང་སྲིད་དག་པ་རབ་འབྱམས་ཤར། །
བདེ་སྐྱིད་སྲིད་རྩེའི་བསམ་གཏན་བཞི་ལས་ལྷག །
ཨེ་མ་ཧོ།
གསལ་ཆེན་སེམས་ལ་མངོན་ཤེས་མཐོང་བའི་ཚུལ། །
རི་བྲག་ཟང་ཐལ་བེམ་རིག་དུས་གསུམ་སྣང་། །
སྣོད་བཅུད་བདེ་སྡུག་རྒྱུ་འབྲས་རྟེན་འབྲེལ་དག །
ཡིད་ཤེས་འདྲེན་པའི་ཉིན་མཚན་བར་མེད་རིག །
ཨེ་མ་ཧོ།
རྟོག་ཆེན་ཞེན་པའི་རེ་ཐག་ནང་ནས་ཆད། །
ཆགས་བྲལ་རིག་པའི་འོད་གསལ་རྟག་ཏུ་རྟག །
ཟུང་འཇུག་སྒྱུ་མའི་མཁན་པོ་སྒྱུ་འཕྲུལ་གར། །
སྤོངས་རྟོགས་ཡོངས་རྫོགས་སངས་རྒྱས་ཡེ་ཤེས་སོ། །
སྔ་ཐུན་ལ་ཤྲྰིས་གང་དྲན་དུ་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment