དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 25 September 2011
  1. ༩༥༽ ནགས་ཀྱི་སེངྒེ་ནས།
    ཁ་བའི་རྡུལ་བརྩེགས་ཡིན་ན་ཁྱེད་ཚོ་ལ་ངོ་མས་དྲང་བདེན་ཟེར་བ་ཞིག་མི་འདུག མི་ཞིག་ཡིན་ཕྱིན་གཤིས་རྒྱུད་ལ་དྲང་བདེན་གྱི་དྲི་མ་ཙམ་ཞིག་མ་བྲོ་ན་ཕ་མ་ཚུན་ཆད་ཀྱི་རྐང་འདྲེན་རེད། མཁན་ཆེན་བླ་མ་གྲྭ་བ་ཡིན་མིན་དང་། ཁོང་ལ་ཡུམ་ཡོད་མིན་མི་ཤེས། དབུ་སྐྲ་རིང་པོ་ཡོད་པ་དང་མཚམས་ལན་རེ་གྲྭ་ཆས་གྱོན་ཡོད་པ་དངོས་ཡོད་རེད། འོན་ཀྱང་དེ་སྐྱོན་ཡིན་ན་དང་པོ་མཁན་ཆེན་བླ་མ་ལ་ཞུ་རྒྱུ་མ་རེད། སྨིན་གླིང་ཁྲི་ཆེན་ལ་ཞུས། ཏིལ་མགོ་མཁྱེན་བརྩེ་ལ་ཞུས། ས་སྐྱ་ཁྲི་ཆེན་ལ་ཞུས། ཨ་དབྱངས་རིན་པོ་ཆེ་ལ་ཞུས། མགར་ཆེན་རིན་པོ་ཆེ་ལ་ཞུས། འབྲི་གུང་ཆེ་ཚང་ལ་ཞུས། ས་སྐུ་ཕུན་ཚོགས་ཕོ་བྲང་ལ་ཞུས། དེ་ཚོ་ཆོས་བརྒྱུད་རེ་རེའི་དབུ་ཁྲིད་ཡིན་ཟེར་གྱི་འདུག་ག དེ་ཚོས་གྲྭ་ཆས་གྱོན་འདུག གྲྭ་ཆས་ཙམ་མ་ཟད་སྣམ་སྦྱར་ཡང་གྱོན་འདུག རྒན་མོ་ཁྲིད་འདུག མང་ཆེ་བས་ཕྲུ་གུ་བཟོས་འདུག དེ་ཚོ་སྐྱོན་ཡིན་ན་བོད་པ་ཚང་གི་སྔོན་ལས་རེད། དེ་ཚོ་སྐྱོན་མིན་ན་མི་ཞིག་ཡིན་རུང་གཅིག་པ་རེད། ད་དུང་། རབ་བྱུང་ཆས་རྫོགས་ཆོས་གོས་ཧ་རི་དམར།། འཁོར་ལོའི་སྒྱུར་རྒྱལ་ཆས་རྫོགས་ཟབ་བེར་གསོལ།། ཟེར་བ་དེ་འདྲ་ཡང་ཡོད་པས་ཆོས་བརྒྱུད་ཀྱི་སྙིང་ནད་རེ་རྩོད་ཀྱི་ཡོད་ན་མ་གཏོགས་མང་པོ་མ་ལབ་ན་ཡག་གི་རེད། ད་དུང་སྐྱབས་འགྲོའི་བསླབ་བླ་ཙམ་ཡང་མེད་པའི་དགའ་ལྡན་ཁྲི་པ་དེས་ཀྱང་གྲྭ་ཆས་གྱོན་འདུག ཞབས་འདྲེན་ཟེར་ན་ཞབས་འདྲེན་ངོ་མ་འདི་ཚོ་རེད་ཡ། ཁྱོད་ཚོས་ཐོག་མར་མགོ་ཆེ་ས་ནས་མར་གཙང་མ་བཟོ་དགོས་པ་འདྲ།
  2. ༩༨༽ ཀརྨ་ཡེ་ཤེས་ནས།
    ཡ་དགྱེས་རྡོར་ལགས། སྤྱིར་གཏང་མཁན་ཆེན་འཇིག་མེད་ཕུན་ཚོགས་རིན་པོ་ཆེ་མཆོག་ནས། ༼རང་ཚུགས་ཟུངས། གཞན་སེམས་མ་དཀྲུགས། ༽ ཞེས་པའི་གསུངས་རྡོར་རྗེའི་ཚིགས་དུམ་གཉིས་པོ་འདིར་ངོས་ཀྱི་སེམས་ལ་ཧ་ཅང་འབྱར་མོ་ཞིག་ཡོད། ཚིག་དུམ་གཉིས་པོ་འདིས་ངོས་ལ་གལ་འགགས་ཀྱི་སྐབས་སུ་བཀག་རྡོ་ཡང་མང་པོ་བྱེད་མྱོང་ཡོད། དེ་རིང་ཚིགས་དུམ་གཉིས་པོའི་བཀག་རྡོ་དེ་གཏོར་ནས་དགྱེས་རྡོར་ལ་གསལ་བཤད་ཚིགས་གསུམ་ཞུ་སྙིང་འདོད། ངས་ཁྱོད་རང་ལ་སྔོན་མ་རྒྱ་གར་དང་བལ་ཡུལ་གཙོར་བྱས་པའི་ཨེ་ཤ་ཡའི་སོགས་སུ་ཁྱོད་རང་ཕེབས་སའི་ཞབས་རྗེས་ནག་པོ་དེ་རྣམས་ཁྱེད་རང་ལ་དྲན་གསོས་མདོར་བསྡུས་བྱས་པ་ལས། འཇིག་རྟེན་འདི་ཡི་སྒང་ལ་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་འོས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ངན་ཞུས་གང་ཡང་བྱས་མེད་པ་ནི་གོང་གི་དྲ་ཚིགས་སུ་ཡོད་པའི་ངོས་ནས་བྲིས་པ་རྣམས་ལ་ཡང་ལྟ་བྱོས་དང་ཆོག ལར་ནི་ངོས་ནས་དྲ་ལམ་ཁག་ལ་ལྟ་ཀློག་བྱེད་པའི་སྐབས་སུ་ཁྱོད་རང་ནས་ཀརྨ་ཀ་ཚང་གི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་མཚན་སྨས་དང་བགྲོ་བཀུར་བྱེད་ལྟངས་ལ་ལྟས་ན་ཁྱོད་རང་ཡང་ཐོས་བསམ་ལོག་ལམ་དུ་ཕྱིན་ཅིང་། ཨ་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་བསླབ་བྱ་མུ་ཐི་ལའི་ཕྲེང་བ་རུ།
    ལུང་གི་ཆུ་གཏེར་དབུས་སུ་རྟག་ཉར་ཡང་།
    རྟོགས་པའི་ཡོན་ཏན་གཤེར་གྱིས་མ་བརླན་པའི།
    ཤེས་རྒྱུད་སྐམ་ཐག་ཆོད་པའི་རྡོ་ཡི་སྤུན།
    ཅོལ་ཆུང་ཞིག་གིས་འདི་སྐད་གསོལ་ལ་དགོངས།
    ཞེས་གསུངས་པ་ལྟར་དགོས་པའི་ཐོས་བསམ་སྒོམ་གསུམ་བྱས་པའི་ལག་རྗེས་སུ་རང་རྒྱུད་ཉོན་མོངས་དུག་ལྔ་འདུལ་རྒྱུའི་ཚབ་ཏུ་མེ་དཔུང་ལ་མར་ཁུའི་གསོས་གཏབས་པ་བཞིན་དུ་ཉོན་མོངས་ཀྱི་གསོས་སུ་སོང་བ་ཞིག་རེད་འདུག་པས། ཁྱོད་དང་ཁྱོད་འདྲ་བའི་རིགས་ལ་སྙིང་རྗེའི་ཡུལ་དུ་བཞག་ནས་ཕར་ལ་བརྩོད་པ་བྱ་རྒྱུའི་ཚབ་ཏུ་རང་ཉིད་ཁྱོད་རང་ལྟ་བུར་ཟོག་རྫུན་དང་ཆོས་བྲེད་ཞིག་ཏུ་སྐྱེ་བ་ནས་ཚེ་རབས་རྣམས་སུ་མི་གྱུར་བའི་སྨོན་ལམ་ལས་གཞན་གང་ཡང་མེད། ལར་ནི་ང་རང་གཉིས་སྒེར་ལ་ངོ་ཤེས་རྒྱུ་ཕར་ཞོག་ཕན་ཚུན་རྒྱུ་ཕར་ཤོར་དང་ཟས་ཚུར་འཁོན་ཀྱི་རྩོད་རྒྱུ་གང་མེད་ཀྱང་ཁྱོད་རང་ནས་ངོས་ལ་གཞི་མེད་དཀྲོག་གཏམ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨས་ཞུས་ཞེས་ལག་པ་ཕྱི་ཁུལ་བྱས་པ་དེ་ལ་ངས་མ་བཟོད་ནས་ཁྱོད་རང་གིས་རྡོ་ཐང་ནས་བླངས་ནས་རང་མགོར་བཞུས་པའི་ན་ཚའི་སྡུག་གྱོང་དེ་ཁྱོད་རང་ལས་གཞན་གང་ལའང་འགྲོ་ས་མེད་པ་ནི་ལས་ཀྱང་ཡིན་ལ་འབྲས་བུའང་ཡིན་ནོ།
ནགས་ཀྱི་སེངྒེས་རྒྱུ་མཚན་ལྡན་པའི་གསུངས་ལ་ཡི་རང་དང་རྒྱབ་སྐྱོར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུའོ།ཀརྨ་ཡེ་ཤེས་ཉིད་ཀྱིས་སྙིང་ཉེ་བའི་གཏམ་ཞིག་ཁ་བརྡའི་མཆན་བུ་བཀོད་སར་བཞག་འདུག་པ་མཐོང་བས་སེམས་འགུལ་ཐེབས་པ་བྱུང་། ངས་ཀྱང་ཟླ་བ་སྒྲོན་མའི་མདོའི་ཚིག མུ་སྟེགས་པ་ལ་ཡིད་སྡང་མི་རུང་བར་གསུངས་པ་དང་། སྔགས་ཀྱི་རྩ་ལྟུང་དྲུག་པའི་འཇུག་ཡུལ་ལ་བསམ་གཞིག་སྔོན་དུ་སོང་ཡོད་པར་རློམ་ཡོད། དེ་ཡང་སྔགས་ཀྱི་རྩ་ལྟུང་དྲུག་པ་འབྱུང་ཡུལ་དེའི་ཐད་ཀྱི་འགྲེལ་བར་ཡང་། སྤྱིར་རྙེད་བཀུར་འདོད་པས་གྲུབ་མཐའ་གཞན་ལ་སྨོད་པ་སྟེ། ཐེག་ཆེན་གྱི་མདོ་སྡེ་ལ་སྨད་ན་སྦོམ་པོ། ཐེག་དམན་ལ་ཉེས་བྱས། ཕྱི་རོལ་སོགས་ལ་ཕྲ་མོའི་ཉེས་བྱས། དེ་དག་གི་སྐབས་སུ་གང་ཟག་རྣམས་འདུལ་བའི་བསམ་པས་སྨད་ན་ཉེས་པ་མེད་པའི་སྟེང་དུ་བསོད་ནམས་ཐོབ་པར་གསུངས་པ་ཡང་འདུག
སྤྱིར་ན་ང་ཚོའི་བར་གྱི་རྩོད་པ་དེ་ལྟ་གྲུབ་དང་རིགས་ལམ་གྱི་རྩོད་པ་ཞིག་མ་རེད། ཁྱོད་ཚོས་རང་ལུགས་ཀྱི་ལྟ་གྲུབ་མ་ཤེས་པ་རེད་མ་གཏོགས་ཀཾ་ཚང་དང་འབྲི་གུང་བོན་པོ་དེ་གང་ཐད་ནས་སྔ་འགྱུར་ཆོས་ལས་བྱུང་བས་ང་ཚོ་དང་མི་འདྲ་བ་ཞིག་མིན་སྟབས་དེ་ལ་རྩོད་པ་བྱས་ན་དུས་ཚོད་གྲོན་རོགས་རེད། རྩོད་པ་བྱ་གཞི་ངོ་མ་དེ་འབྱུང་ཁུངས་ཀྱི་རྩོད་པ་རེད། ཁྱོད་ཚོ་འགའ་ཞིག་གིས་མཁན་སློབ་ཆོས་གསུམ་དགྲ་རུ་བལྟས་པ་ཙམ་གྱིས་ངས་ཁྱོད་ཚོར་རྒོལ་གྱིན་གཏན་ནས་མེད། རྒྱལ་དབང་ལྔ་པ་དང་ཐུའུ་བཀན་བདུད་འཇོམས་རིན་པོ་ཆེ་སོགས་མདོ་སྔགས་པ་རྣམས་ལ་སྨད་པས་དེ་བས་ཀྱང་རྒོལ་གྱིན་མེད། ང་རང་ཉིད་ཀྱིས་རྒྱལ་ཕྱི་ནང་ཀུན་ཏུ་ཞིབ་སྐོར་དང་། དམ་པའི་ཆོས་ལ་ཐོས་བསམ་ཞིབ་འཇུག་ཅུང་ཟད་རེ་བྱས་མྱོང་ལ། ཁྱོད་ཚོས་ལས་སྟངས་དེའི་སྐོར་ལ་བསམ་བློ་མི་ཉུང་བ་ཞིག་གཏོང་མྱོང་། མདོར་ན་ཁྱེད་ནི་ང་དང་ནང་མཆེད་པའི་སྤུན་མཆེད་ཞིག་ཡིན་འདོགས་འདྲ་བསྟན་འདུག་ཀྱང་ཆོས་རྗེ་བཀའ་དྲིན་ཅན་གྱི་གསུངས་དང་ལུང་ཚན་ཐོར་བུ་དེ་དགའ་ལྡན་ཁྲི་བ་བཤད་པའི་སྐབས་སུ་ཁ་ཤར་དང་གླུད་ནུབ་དུ་གཡུགས་འདུག་པས་རྨོངས་དད་ཕྱུགས་པོ་རྐུབ་སྟེགས་ལ་འགྱིང་མཁན་ཞིག་ཡིན་པར་གདོན་མི་ཟའོ། ང་ཚོ་བོད་དོན་ནང་ཆོས་ཕྱོགས་ལ་སློབ་སྟོན་གང་ཚད་བྱས་ཀྱང་། དམ་པའི་ཆོས་ལ་ངེས་ཤེས་མེད་པ་ཁྱོད་ཚོས་སློབ་སྦྱོང་ག་ཚོད་བྱས་པ་དེ་ཙམ་གྱིས་དོག་གཞི་ཆེ་རུ་འགྲོ་བ་དང་བསམ་ཞིབ་ག་ཚོད་བྱས་པ་དེ་ཙམ་གྱིས་ཡིད་ཐང་དེ་ཙམ་ཆད་སོང་ངོ་། ང་ནི་ཁ་སྙན་པོ་དང་ཁོག་ནག་པོ་སྐྱོན་ཚང་མ་མི་གཅིག་ཁོ་ན་འདིས་སྐྱོན་རེད་ཟེར་ནས་རྒྱ་མིས་ཏྰ་ལས་ཏྰ་ལས་ཟེར་བ་ནང་བཞིན་ཞུ་ཤེས་ཀྱིན་མིན་པར། མི་སུ་ཞིག་གིས་མ་ཐོན་ཐད་ཀར་དྲ་ཐོག་བཀོད་མཁན་ཞིག་ཡིན་པས་ཡིད་མ་ཆེས་ན་ཨེ་མ་ཧོའི་རིག་མཛོད་ཆེ་ཆུང་ནང་ལ་གཟིགས་ཤིག ། སླར་དོན་ཆོས་རྗེ་དམ་པའི་འདས་ཆེམས་ཀྱི་གསུངས་དང་ལུང་མཚན་དེ་ཚོ་ཁྱེད་ལ་མ་མཁོ་ནས་བདག་ལ་གནང་བར་བཀའ་དྲིན་ཆེའོ། །

namkha ཀརྨ་ཁྱེད་ཚོས་མིང་རྫུན་དང་ངན་ཇུས་བྱས་ཀྱང་དྲ་ཚིགས་རིག་འཕྲུལ་ནས་ས་གནས་སྡོད་ཁང་དང་བཅས་པ་ལོང་བའི་དྲུང་ན་མིག་ལྡན་བཞིན་འདུག་པས་སྤྲུལ་སྐུའི་མིང་འཛིན་ཚོས་གཟོབ་མ་གཏོགས་འབྲུག་ཚེ་རིང་བཞིན་མིང་དངོས་མངོན་དུ་བུད་ན་ཁྱོད་ཚོ་ངོ་མི་ཚའམ།

0 comments:

ཟིན་བྲིས་འཚོལ་ཡུལ