དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 1 November 2011
ཨེ་མ་ཧོའི་ཞལ་ལུང་། །
ཨེ་ཡིག་སྟོང་ཉིད་དབྱིངས་ལས་མ་གཡོས་བཞིན། །
མ་ལུས་འགྲོ་ཀུན་བྱང་ཆུབ་འདྲེན་པའི་དཔལ། །
ཨ་ཧོ་ཟུང་འཇུག་ཀུན་བཟང་ཡབ་ཡུབ་གཉིས། །
རང་བྱུང་རིག་པའི་མེ་ལོང་ཨེ་མ་ཧོ། །

ཀུན་བཟང་ཐུགས་རྒྱུད་སྟོན་པའི་མེ་ལོང་ཆེར། །
བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དག་སྣང་ཀུན། །
ཁྱབ་བརྡལ་ཡེ་ཤེས་རང་བཞིན་ཀུན་ཏུ་བཟང་། །
ཕྱོགས་དུས་བསྟན་པའི་བདག་གཅིག་ཨེ་མ་ཧོ། །

སྐྱེ་འགགས་མེད་པར་སྤྲོས་པའི་མཐའ་དང་བྲལ། །
མདུན་རྒྱབ་མེད་པར་ཞལ་ཀུན་ཟང་ཐལ་ལེར།།
འགྲོ་འོང་མེད་པར་སེམས་ཅན་དོན་མཛད་པའི། །
སྟོན་པ་རྡོ་རྗེ་འཆང་ཆེན་ཨེ་མ་ཧོ། །

ཀ་དག་སྟོང་ཆེན་ངོ་བོ་འདུས་མ་བྱས། །
ལྷུན་གྲུབ་གཞལ་ཡས་ཁང་གི་འོག་མིན་ན། །
ཕྱི་ནང་ཀུན་ཏུ་གསལ་བའི་དཀྱིལ་འཁོར་ཆེ། །
ཡང་དག་འོད་ཟེར་སྣ་ཚོགས་ཀུན་ཏུ་འཕྲོ། །

རང་བྱུང་རྡོ་རྗེ་གདན་ལ་མངོན་པར་གནས། །
ཡེ་ཤེས་འབྲས་ཆོས་ཉེར་ལྔ་རྣམ་པར་བཀྲ། །
འོད་ལྔ་མ་འདྲེས་གསལ་བའི་བརྡ་དོན་རྟགས། །
སྒྱུ་འཕྲུལ་སྙིང་པོའི་སྟོན་འཁོར་ཨེ་མ་ཧོ། །

དོན་དམ་སྙིང་པོ་སྟོང་པའི་དབྱིངས་སུ་ཤར། །
རིག་པའི་དཀྱིལ་འཁོར་འོད་གསལ་ངང་དུ་བཞུགས། །
སྟོན་པ་ཀུན་བཟང་རིགས་བཞིའི་སེམས་དཔའ་རྣམས། །
རང་རིག་ཀུན་བཟང་ངང་དུ་ཐབས་ཅིག་བཞུགས། །

སྟོན་འཁོར་རོལ་གཅིག་དགོངས་པ་དབྱེར་མ་མཆིས། །
དགོངས་བརྡ་སྙན་དུ་བརྒྱུད་པའི་གསང་ཆེན་ལམ། །
མ་ལུས་འགྲོ་ཀུན་རྒྱུད་ལ་རྟག་འཕོས་ནས། །
ཀུན་ཀྱང་ཀུན་བཟང་གདོད་མའི་སར་ཕྱིན་ཤོག །
ཅེས་པའང་གང་ཤར་དུ་ཤྲྰིས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ