དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 28 December 2011
འབྲུག་མོ་རིག་འཛིན་ཆོས་སྐྱིད་དབང་མོའི་བསམ་དོན་མྱུར་འགྲུབ་ཏུ་སྨོན་པ། །
ཨེ་མ་ཧོ། །
བླ་མར་དད་གུས་མོས་པའི་ལས་འཕྲོ་སད། །
བརྩེ་བའི་རིག་འཛིན་དྲན་པའི་ཕྱག་རྒྱ་མ། །
མཁྱེན་རབ་དཔལ་གྱིས་ཕྱུག་པའི་རིགས་བཟང་མས། །
བཞེད་དོན་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག །
སྔ་འགྱུར་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མགོན། །
འཇིགས་མེད་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི། །
ཐུགས་དགོངས་ཇི་བཞིན་ཕྲིན་ལས་སྒྲུབ་མཛད་མ། །
རིག་འཛིན་ཆོས་སྐྱིད་དབང་མོ་ཞབས་བརྟན་ཤོག །
སྐུ་གཟུགས་མི་འགྱུར་ཡབ་ཡུམ་རྟག་འགྲོག་ཅིང་། །
གསུང་དབྱངས་འགགས་མེད་བཀའ་གཏེར་ཆོས་འཁོར་བསྐོར། །
ཐུགས་རྗེ་བདེ་ཆེན་ཡེ་ཤེས་རབ་བརྟན་ནས། །
གསང་གསུམ་རྒྱལ་ཀུན་དགྱེས་པའི་དཔལ་དུ་ཤོག །
ཅེས་པའང་དད་སྣང་ཞིག་གི་བདེན་པས་ཤྲྰིས་སྙིང་ནས་སྨོན་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment