དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 3 January 2012
༄༅། ། གདུང་སྲས་འཇིགས་མེད་ཚེ་དབང་ཕྲིན་ལས་ནོར་བུའི་ཡང་སྲིད་ མྱུར་བྱོན་གསོལ་འདེབས། །
ཨེ་མ་ཧོ། །
ཆོས་དབྱིངས་ཀ་དག་གཉུག་མའི་གཞལ་ཡས་ནས། ། ངེས་དོན་ལྷུན་གྲུབ་རྒྱལ་བ་ཐུགས་རྗེ་ཅན། ། འཇིགས་བྲལ་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་སྐུའི། ། གདུང་སྲས་ཕྲིན་ལས་ནོར་བུ་གསོལ་བ་འདེབས། །
སྣང་སྲིད་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། ། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། ། ཡང་སྲིད་རྩོད་བྲལ་ཟླ་གཞོན་སྤྲུལ་པའི་སྐུ། ། སྙིགས་ལྔའི་མུན་ནག་བསལ་ཕྱིར་མྱུར་བྱོན་གསོལ། །
རྒྱལ་ཀུན་སྤྱི་གཟུགས་པདྨ་ཀ་ར་ཡི། །རྒྱལ་བའི་རྒྱལ་ཚབ་དམ་པ་ཆོས་ཀྱི་རྗེ། ། འཇིགས་མེད་ཚེ་དབང་ཕྲིན་ལས་ནོར་བུ་ཉིད། ། བདག་ཅག་ཞིང་གི་མགོན་དུ་མྱུར་བྱོན་གསོལ། །སྔ་འགྱུར་རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། ། དད་གུས་དམ་ཚིག་གཙང་མའི་བདེན་པ་དང་། ། རྟེན་འབྲེལ་བསླུ་བ་མེད་པའི་ནུས་མཐུ་ཡིས། ། ཀློང་ཆེན་བསྟན་པའི་བདག་པོ་མྱུར་བྱོན་གསོལ། །མཁན་སློབ་ཆོས་རྒྱལ་དམ་པའི་བརྒྱུད་འཛིན་དང་། ། སྙིང་ཐིག་སྙིང་པོའི་བསྟན་པ་སྐྱོང་བ་ལ། ། ལུང་རྟོགས་བཤད་སྒྲུབ་སྤེལ་བའི་གདུང་སྲས་ཀྱི། ། ཡེ་ཤེས་བླ་མའི་རང་གཟུགས་མྱུར་བྱོན་གསོལ། །
ཞེས་པ་རབ་རྒྱན་ལྕགས་ཡོས་མགོ་ཟླའི་ཡར་ངོའི་ཚེས་པ་བཅུ་ཡི་ཉིན་བདེ་བ་རྡོ་རྗེ་དང་ནམ་མཁའ་རིག་འཛིན་སོགས་ཀྱིས་བསྐུལ་ངོར་གང་ཤར་དུ་སུ་ཁ་བཛྲའི་ཚོགས་གྲལ་ནས་གདུང་སྲས་དམ་པ་ལ་བཅོས་མིན་དད་གུས་ཅན་ཤྲྰི་ཨ་ནནྟ་བཛྲས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ། ། །
Subscribe to:
Post Comments (Atom)
0 comments:
Post a Comment