དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 13 January 2012
བདེ་གཡང་དྲན་པའི་མགུར་དབྱངས་རང་བྱུང་གི་གཙང་ཆབ་སྔོན་མོའི་རླབས་རྒྱུན། །
ན་མོ་ཨརྱ་ཨ་ཝ་ལོ་ཀི་ཤྭ་ར་ཡེ། །
བྱམས་བརྩེ་སྙིང་རྗེའི་རང་གཟུགས། །
འཕགས་མཆོག་ཕྱག་ན་པདྨོ། །
སྙིང་གི་ཁབ་ཏུ་བཞུགས་ནས། །
བདེ་ཆེན་ཕྱྭ་གཡང་སྩོལ་ཅིག །
དང་པོ་གནམ་ཀླད་རྒྱུད་ནས། །
འཛུམ་པའི་ཞལ་ཐང་མཇལ་དུས། །
དགའ་དྲོད་དཔྱིད་ཀྱི་དཔལ་ཡོན། །
ཝ་ལེར་སེམས་ལ་བཞད་སོང་། །
བར་དུ་དབྱངས་གསལ་སྙིང་གཏམ། །
བགྲོ་གླེང་སྦྲང་ཆར་འཇོ་བས། །
བདེ་ཆེན་དབྱར་མཚོ་རྒྱས་ལྟར། །
དད་གུས་དག་སྣང་སྐྱེས་སོང་། །
མཐའ་མར་ཆོས་སྲིད་ཕྱོགས་ལ། །
ཉམས་མྱོང་བརྗེ་རིས་བྱས་ནས། །
སྤྲོ་སྐྱིད་སྟོན་གྱི་འབྲས་བཟང་། །
ཡོན་ཏན་འབྲུ་དྲུག་སྨིན་སོང་། །
ཡང་མཐར་གངས་་ལྗོངས་ཞིང་དུ། །
ཁ་བའི་འདབ་ཚོགས་གཡོ་བཞིན། །
གྲང་རླུང་དགུན་གཞུང་ཚེས་ནས། །
གངས་དཀར་རྨི་ལམ་རྨིས་སོང་། །
དཔྱིད་ཀ་ལུ་གུའི་མེ་ཏོག །
རང་ཡུལ་གནས་སུ་འཁྲུངས་དུས། །
བདེ་ཆེན་གཡང་གི་དཔལ་མོའི། །
ཞལ་འཛུམ་ཡང་ཡང་མཇལ་ཡོང་། །
འཇའ་སྤྲིན་དྭངས་གསལ་མཚམས་སུ། །
དབྱར་ཀའི་ཁུ་བྱུག་སྒྲ་དབྱངས། །
སྙན་པའི་དུས་ཟླ་སྒྲོགས་ལྟར། །
བདེན་གསུང་ཡང་ཡང་ཐོས་ཡོང་། །
གཡུ་མདོག་སྤང་ལྗོངས་སྟེང་ན། །
རྩི་ཐོག་སྣ་ཚོགས་བཀྲ་དུས། །
གཞི་ཕྱེས་མཉམ་འཛོམས་དགའ་སྟོན། །
རྟེན་འབྲེལ་ལྷུན་གྱིས་འགྲུབ་ཡོང་། །
མྱུར་འཛོམས་ཡོང་བའི་སྨོན་ལམ། །
མཉམ་འཛོམས་སྐྱིད་པའི་འདུན་པ། །
རྟེན་འབྲེལ་དམ་བཅའ་རྡོ་རྗེའི། །
གསོལ་འདེབས་ཡང་ཡང་བྱས་ཡོད། །
ཨ་བུ་བདེ་གཡང་ལ་དཔལ་དགྱེས་པ་རྡོ་རྗེས་སྙིང་ནས་གསོལ་བ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment