དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 31 January 2012
༄༅། །སྐྱེན་པོ་དགོན་སྡེར་སེམས་ཁུར་དང་མི་ཚེའི་ཆ་ཤས། །

ང་རང་ལོ་བཅུ་གསུམ་ནས་བཟུང་སྟེ་སྐྱེན་པོ་སྡེ་དགོན་དང་རང་གི་མི་ཚེའི་ཆ་ཤས་ནི། །།
༡ སྐྱེན་པོ་དགོན་དུ་ཚོགས་ཞུགས་རྒྱག་འབུད་དང་དབུ་མཛོད་མཁན་པོ་ལས་གཉེར་པ་ལོ་དགུ་ལ་ཁུར།  
༢ རྒྱ་བལ་ཡུལ་གྱི་སློབ་སྤྱི་དང་དགེ་རྒན་མཁན་ཆེན་བླ་མའི་ལས་འགན་ལེགས་གྲུབ། །
༣ བཤད་གྲྭ་གསར་བཞེངས།
༤ ཟངས་མདོག་དཔལ་རི་ཐུབ་བསྟན་རྣམ་པར་རྒྱལ་བའི་ཕོ་བྲང་ལེགས་གྲུབ།


༥ དྭ་ཕྲུག་སློབ་གྲྭ།
༦ རྒན་གསོ།
༧ ཨེ་ཝྃ་ཆོས་སྨན་ཁང་ལེགས་གྲུབ་རེད།
༨ བོད་ཡིག་སློབ་ཕྲུག་གསོ་སྐྱོང་།
༩ ཨེ་ཝྃ་འཐེབ་རྩ་ཚོགས་པ་ལེགས་གྲུབ།
༡༠ བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ལེགས་གྲུབ།
༡༡ ཕྱུགས་ར་ལེགས་གྲུབ།
༡༢  བོད་བརྒྱུད་ནང་བསྟན་བཤད་སྒྲུབ་ཚོགས་པ།
༡༣ ཨ་རིའི་དྷརྨྰ་ཀིརྟིའི་ཆོས་ཚོགས་ལེགས་གྲུབ།
༡༤ ཨེ་མ་ཧོའི་རིག་མཛོད་ལེགས་གྲུབ།
༡༥ ཨེ་ཝྃ་རིག་པའི་དཔེ་མཛོད།
༡༦ ཆོས་བཤད་རྩོམ་ཆོས་སྐོར་དར་སྤེལ་གནང་བ་དེ་དག་ཡིན་ནོ། །
 ཡ། ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག དེ་རིང་སངས་རྒྱས་སྨན་བླའི་དུས་ཆེན་ཕུན་སུམ་ཚོགས་པར་རེད། སྐྱེན་པོ་རོང་འབྲོག་ནས་ཕེབས་པ་དང་དགོན་གྲོང་ནས་ཡོང་བ་ཚང་མ་ལ་ངས་འཚམས་འདྲི་དང་།
བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།
ང་ཚོ་ཚང་མས་མི་རིགས་དང་ཆོས་ལུགས་ལ་ལྷག་བསམ་རྣམ་དག་གིས་འགན་བཞེས་གནང་དགོས་རེད། བོད་མི་ཞིག་ཡིན་ནས་བཟུང་ལས་འགན་དེ་ཚང་མ་ལ་ཡོད་རེད། ཚང་མས་བསམ་སྤྱོད་རྣམ་དག་དང་། ང་ཚོ་ཚང་མ་ནམ་འཆི་ཆ་མེད་ཡིན་མོད། ཆོས་དང་རིག་གཞུང་གི་ཆེད་དུ་ཕུག་རྒྱང་རིང་མོ་བསམ་དགོས། བསམ་པ་ནང་བཞིན་ཆོས་དང་རིག་གཞུང་རྒྱུན་གནས་ཆེད་དུ་འབད་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཏང་དང་སྲིད་གཞུང་གིས་མི་དམངས་ལ་སེམས་ཁུར་དགོས། ཨུ་ཡོན་ལྷན་ཁང་དང་དོན་དམ་པས་ཀྱང་། དགོན་པ་ཞིག་ལ་མཚོན་ན་བསྟན་པ་ལ་ལུང་རྟོགས་ཀྱི་བཤད་སྒྲུབ་གནང་མཁན་ལ་བདག་སྐྱོང་དང་། དར་སྤེལ། དེ་ཡང་ནང་པ་སངས་རྒྱས་པའི་དགོན་པ་ལས་ཏང་དང་སྲིད་ཀྱི་དགོན་པ་མ་རེད། དེས་ན་ཆོས་དང་བསྟུན། ཆོས་ལ་འབད། ཆོས་པ་ཡང་དག་མཛད་པ་ལ་དྲན་ཤེས་བག་ཡོད་འབད་དགོས། ཆགས་སྡང་རྨོངས་པའི་གཞན་དབང་དུ་མ་སོང་བར་བླ་གྲྭའི་མིང་དོན་མཚུངས་པ་ཞིག་མཛད་རོགས། ཁྱད་པར་དུ་དགེ་བཅུའི་ཁྲིམས་དང་། ཏང་སྲིད་གཞུང་གི་ལེགས་ཆ་དང་། འཇིག་རྟེན་ཡ་རབ་ཀྱི་སྤྱོད་པ། མདོར་ན་བཟང་ཕྱོགས་དང་མི་འགལ་བར་རང་གཞན་གཉིས་ཕན་ལ་འབད་དགོས་པ་དང་། ང་དང་འདྲ་མ་རེད། ཁྱོད་ཚོ་དེ་ནས་རྒྱལ་ཁབ་དེའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་དང་། དོན་དམ་གྱི་མི་སྣ་མང་པོ་དང་། ཀྲུང་གོ་ཀྲུང་དབྱང་ནག་ཤོག་ཚོགས་པའི་རྒྱུན་ལས་ཨུ་ཡན་ལྷན་ཁང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་འོག་ནས་༼དགོན་སྡེ་ཁག་གི་རྨང་གཞིའི་སྒྲིག་གཞི་དང་རིག་གནས་སྒྲིག་གཞི་འཛུགས་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་ཡིག་ཆ ༽ གསལ་བསྒྲགས་བྱས་འདུག་ཅེས་ངས་ཐོས་སོང་།
དེ་དང་ང་ཚོའི་དགོན་པའི་འགན་ཁུར་འགའ་རེས། ཚང་མ་ཏང་དང་གཏུན་དགོས་ཟེར་འདུག་ཟེར། དེ་འདྲ་མ་རེད། བསམ་དཔྱོད་གནང་དགོས་རེད། སྤྱི་དོན་རེད། དགོན་པའི་མིང་དོན་ཚང་དགོས་རེད། ཆོས་མཐུན་གྱི་ཕན་བདེ་ཤེས་ཐབས་སུ་སོང་ཡོད་ན་སྒྲུབ་དགོས་རེད་མ་གཏོགས། དེ་ལས་ལྡོག་ནས། སྒེར་གྱི་ཞེ་འཁོན་དང་ཏང་གི་ལངས་ཕྱོགས་ཁོ་ན་སྒྲུབ་དགོས་ཟེར་ན། དེ་དགོན་པ་མ་རེད། དེ་སྒེར་དོན་དང་ལས་ཁང་རེད་མ་གཏོགས་དགོན་པ་མ་རེད། དམ་ཆོས་སྒྲུབ་མཁན་དང་བླ་གྲྭ་ཞེས་པ། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྫོགས་སངས་རྒྱས་ཀྱི་བཀའ་དང་། བསྟན་བཅོས་ལས། འབྱུང་བ་དཀོན་དང་དྲི་མེད་ཕྱིར། སོགས་ཁྱད་ཆོས་དྲུག་ལྡན་ཞིག་ཚང་དགོས། དགེ་འདུན་པ་ཞེས་དཀོན་མཆོག་གསུམ་གྱི་གྲལ་དུ་ཡོད་པ་དེ་རེད། དེས་ན་ཆོས་མཐུན་བྱུང་ན་ཏང་དང་། རྒྱལ་ཁབ་ལ་བརྩེ་བ་དང་ཐུགས་ཁུར་ལོས་དགོས། འཕགས་པའི་དགེ་འདུན་མིང་དོན་ཚང་པ་དགོས་རེད། དགེ་འདུན་པས་དད་ལྡན་མང་ཚོགས་དང་། ཏང་གི་དབུ་ཁྲིད་རྣམ་པ་ལ་སྲུང་སྐྱོབ་དང་སྐུལ་འདེད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ལ་བདེ་འཇགས། ཆོས་མཐུན་གྱིས་རྒྱ་བོད་ཀྱི་རྒྱལ་ཁབ་གཅིག་གྱུར། ཆོས་སྲིད་ཟུང་འབྲེལ། ཐབས་ཤེས་གཉིས་ཕན། དགོན་པ་དེ་ལ་བཤད་གྲྭ་དང་། སྒོམ་གྲྭ། ཡིག་གྲྭ། དེ་ཉིད་སྲུང་སྐྱོབ་ཀྱི་འགན་འཁྲི་དེ་ཚང་མས་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས་ལ་སྒྲུབ་དགོས། དགོན་རི་མ་དང་ཨ་ནེ་དགོན་པ་ཡང་ཕྱོགས་མཐུན་རེད། དམ་པའི་ཆོས་སྒྲུབ་མཁན་ཤར་ཏག་རེད། རྒྱལ་ཁབ་ལ་ཞུ་དགོས་པ་དངོས་དེ་ཉམས་ཐག་དབུལ་ཕོངས་ལ་རོགས་སྐྱོར་འབོད་སྐུལ་ཞུ་དགོས་རེད། སྐལ་བ་མ་ཆད། དེ་དག་དགོན་སྡེའི་མགོ་ཁྲིད་ཚོས་འགན་རེད། དཔེར་ན། འཁོར་ཡུག་སྲུང་སྐྱོབ། གཞུང་ལམ་གསར་བཟོ། ཆུ། གློག རྒྱང་བསྒྲགས་བརྙན་འཕྲིན། གློག་བརྙན། གནམ་ཀླད་དྲ་འབྲེལ། དཔེ་མཛོད་ཁང་། ལྷ་ཁང་། ཚོང་ཁང་ཆེ་ཆུང་དང་། ཟས་ཁང་། འཕྲུལ་རྟ་དང་རླངས་འཁོར་ཆེ་ཆུང་། སྣུམ་མཛོད་ཁང་སོགས་དཔལ་འབྱོར་དར་སྤེལ་ཡར་རྒྱས་གཏོང་ཐབས་དང་། ཕྱིའི་འཁོར་ཡུག་སྲུང་སྐྱོབ་ཀྱིས་རང་ཡུལ་ལ་ཕན་པ། སེམས་ཀྱི་རྣམ་རྟོག་ཐུལ་པས་ཞི་བདེ་ལ་ཕན་པ། གསང་བ་དམ་ཆོས་ཡང་དག་ཅིག་འགྲུབ་ཐབས་ལ་ཕན་པའི་ལས་ལ་འབད་བརྩོན་དགོས་རེད། ། དོན་ཆོས་དང་འཇིག་རྟེན་མི་འགལ་བ་རང་ཆོས་འཛིན་སྐྱོང་སྤེལ་གསུམ་གནང་རོགས། དཔལ་འབྱོར་ཕྱོགས་ནས་རོགས་སྐྱོར་ཚང་མ་ཡང་རྒྱལ་ཁབ་ཀྱི་གཏོང་གི་ཡིན་བཤད་འདུག {དགུ་འཛོམས་ལས་གཞིའི་འགྲོ་གྲོན་ཆ་ཚང་རང་སྐྱོང་ལྗོངས་ནོར་སྲིད་ལྷན་ཁང་གིས་གཏོང་རྒྱུ་དང་། དེ་མིན་གྱི་དགོན་སྡེའི་རྨང་གཞིའི་སྒྲིག་གཞི་དང་རིག་གནས་སྒྲིག་གཞི་འཛུགས་སྐྲུན་བཅས་རིན་མེད་ཐོག་བསྒྲུབ་རྒྱུའི་གསལ་བསྒྲགས་བྱས་འདུག} དེས་ན་རྒྱལ་ཁབ་ཀྱི་བཀའ་དྲིན་ལས་མ་འོངས་དཔལ་འབྱོར་ཐོག་ནས་དཀའ་ལས་ཅི་ཡོད་ས་མ་རེད། ཡིན་ན་ཡང་། ཆོས་དང་རིག་གཞུང་ལ་མི་ཉམས་པ་གོང་སྤེལ་དང་། ཉམས་པ་དག་ནི་སླར་གསོ། དར་རྒྱས་ཕུན་སུམ་ཚོགས་པར་གཏོང་བ་དེ་ང་ཚོའི་འགན་རེད། དེ་དག་ངེས་པར་དུ་སྒྲུབ་དགོས་རེད། ནང་གི་སེམས་རྒྱུད་དེ་ང་ཚོ་ཚང་མས་ལྷག་བསམ་གཞན་ཕན་དང་འཛམ་གླིང་ཞི་བདེ་ཡོང་བར་ལ་འབད་བརྩོན་བྱ་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། ཁ་བཤད་དོན་ལ་ཡོད་དགོས་རེད། ངོ་ལྐོག་མ་བྱེད། དེ་ལ་དང་པོ་ནང་གི་རང་རང་སོ་སོའི་སེམས་རྒྱུད་དེ་ཇེ་བཟང་དུ་གཏོང་ནས་དགེ་བ་སྒྲུབ་དགོས་པ་རེད། ནང་པ་སངས་རྒྱས་པའི་མིང་དོན་མཐུན་པའི་མི་རིགས་ཞིག་དགོས་པ་རེད། དོན་མེད་ཀྱི་ལས་དང་། ཚོང་ལས་དཔལ་འབྱོར་ཁོ་ན་ཞིག་ལ་མགོ་འཁོར་མ་འདུག་པར་ཤེས་ཡོན་དང་བཟང་ངན་བླང་དོར་ཡག་པོ་བྱ་རྒྱུ་དེ་རེད། སྦྱིན་བདག་དང་། བླ་མ་ནོར་ཉེན་མ་རེད། སྤྲུལ་སྐུ་དང་ཚོང་དཔོན་ནོར་ཉེན་མ་རེད། སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་སངས་རྒྱས་ཤྰཀྱ་ཐུབ་པ་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གཉིས་སུ་ཞིག་གིས་ནོར་སོང་ཡོད་པའི་ལོ་རྒྱུས་ཡོད་མ་རེད། གྲགས་རྒྱུགས་མ་བྱེད་པར་ཡག་པོ་གྱིས། ཚང་མས་ཤེས་རྒྱུའི་གནས་ལུགས་དང་བཟང་ངན་གང་ཡིན་ལ་ལེགས་ཉེས་བླང་དོར་གནང་དགོས་རེད། ཕ་མས་རང་གི་མི་ལུས་ཀྱི་ཚེ་སྲོག་ལ་བདག་སྐྱོང་གནང་བ་དང་། དྲིན་ཆེན་པོ་ཡིན་པར་ཤེས་དགོས་རེད། ཟས་གོས་ལོངས་སྤྱོད་སྦྱིན་པའི་བདག་པོ་དྲིན་ཆེན་ལ་ཡང་དྲིན་ངོ་ཤེས་དགོས་རེད། དྲིན་ལན་སོད། དེ་བཞིན་ཆོས་ཕྱོགས་བླ་མ་དང་འཇིག་རྟེན་ཕྱོགས་ཀྱི་སྦྱིན་བདག་ལ་མུ་བཞི་ཡོད་པ་ཤེས་དགོས་རེད།
བསླབ་གསུམ་ལྡན་པའི་བླ་མ་དགེ་བཤེས་དང་མཁན་སློབ་དག་བླ་གྲྭ་ཡིན་ལ་སྦྱིན་བདག་མིན་པའི་མུ།
བསླབ་གསུམ་མི་ལྡན་ཞིང་དཔལ་འབྱོར་ཁོ་ནས་རོགས་དན་གནང་བ་དེ་སྦྱིན་ལས་བླ་གྲྭ་མ་ཡིན་པའི་མུ།
གལ་ཆེན་པོའི་ང་ཚོ་ཚང་མས་བརྗེད་མི་ཉན་པ་དང་སྒྲུབ་དགོས་པ་གསུམ་ཡོད།
བླ་མ་སངས་རྒྱས་ལ་དད་གུས་དང་སྐྱབས་སུ་འགྲོ་བ་མི་བརྗེད་པ་དང་གཅིག །
དམ་པའི་ཆོས་ཚུལ་བཞིན་སྒྲུབ་སྟེ་ལས་འབྲས་དམ་ཚིག་སྲུང་ནས་བག་ཡོད་ལ་འབད་དང་གཉིས། །
དགེ་འདུན་པས་བཤད་སྒྲུབ་ཕྲིན་ལས་དག་ཕན་བདེའི་ཐབས་ལ་འབད་བརྩོན་བྱེད་པ་དང་གསུམ་མོ། །
ཨོ་ཡ། ད་ཁྱེད་རྣམ་པ་ཚང་མ་བླ་མས་སྐྱོབས། སྐུ་ཚེ་བརྟན། ཚང་མ་བདེ་མོ་གྱིས། བཀྲ་ཤིས་བདེ་ལེགས།
ད་ཡིན་ན་ང་གནས་སྐབས་རེ་ཞིག་གཟུགས་སྒྲ་མི་མངོན་པའི་དབྱིངས་སུ་ཡལ་བར་ཐལ།

ཤྲྰིས་རང་སྐད་ཆ་དག་བཤད་ཞོར་དུ་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ