དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 28 February 2012
མཁན་ཆེན་བླ་མའི་རང་གཤིས། །
ཨེ་མ་ཧོ། །
མགོའི་རལ་བ་མ་བཅོས་ལྕང་ལོ་ཡི་ཟུར་ཕུད། །
ཕྱིའི་སྤྱོད་པ་མ་བཅོས་གཏད་མེད་ཀྱི་སྨྱོན་པ། །
ངག་སྨྲར་བ་མ་བཅོས་བདེན་ཚིག་ནི་རང་རྡོལ། །
ནང་སེམས་ཉིད་མ་བཅོས་རང་བབས་སུ་ཅོག་བཞག །
དོན་མ་བཅོས་བདེ་བའི་རྣལ་འབྱོར་ང་སྐྱིད་པ། །
ཆོས་མཐུན་པའི་གྲོགས་དག་གང་དགའ་རུ་ཕེབས་དང་། །
གཞི་གདོད་མའི་རྒྱལ་སར་ཕྱིན་པ་ཞིག་འདོད་ན། །
མི་ང་འདྲ་དག་གི་རྗེས་འཇུག་ཏུ་མཛོད་ཅིག །
སྐད་ཅིག་གི་རང་སྣང་གང་ཤར་བ་དག་ཤྲྰིས་བྲིས་པ་དགེའོ། །
ཨེ་མ་ཧོ། །
མགོའི་རལ་བ་མ་བཅོས་ལྕང་ལོ་ཡི་ཟུར་ཕུད། །
ཕྱིའི་སྤྱོད་པ་མ་བཅོས་གཏད་མེད་ཀྱི་སྨྱོན་པ། །
ངག་སྨྲར་བ་མ་བཅོས་བདེན་ཚིག་ནི་རང་རྡོལ། །
ནང་སེམས་ཉིད་མ་བཅོས་རང་བབས་སུ་ཅོག་བཞག །
དོན་མ་བཅོས་བདེ་བའི་རྣལ་འབྱོར་ང་སྐྱིད་པ། །
ཆོས་མཐུན་པའི་གྲོགས་དག་གང་དགའ་རུ་ཕེབས་དང་། །
གཞི་གདོད་མའི་རྒྱལ་སར་ཕྱིན་པ་ཞིག་འདོད་ན། །
མི་ང་འདྲ་དག་གི་རྗེས་འཇུག་ཏུ་མཛོད་ཅིག །
སྐད་ཅིག་གི་རང་སྣང་གང་ཤར་བ་དག་ཤྲྰིས་བྲིས་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment