དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 27 February 2012
བསམ་ཡས་དགོན་དུ་དར་ཆེན་སྐུ་བཞེངས་གནང་།
སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་གཉིས་པའི་ཚེས་༢༦བོད་ཀྱི་ལོ་གསར་གྱི་ཚེས་པ་ལྔ་ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་གྱི་ཐོག་དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་མདུན་ཐང་དུ་་ལོ་རེའི་དུས་རེའི་མཁན་སློབ་ཆོས་གསུམ་གྱི་དར་ཆེན་བཞེངས་འཛུགས་ཀྱི་མཛད་སྒོ་དངོས་སུ་ཚུགས་སྟེ། དགེ་འདུན་འདུས་ཚོགས་ཀྱིས་རབ་གནས་སྨོན་ལམ་ཤིས་བརྗོད་ཀྱི་ཆོ་ག་གཟབ་རྒྱས་གནང་པ་དང་། དར་ཆེན་སྐུ་བཞེངས་གྲུབ་མཚམས་བསངས་གསོལ་ལྷ་རྒྱལ་འཐེན་པ་དང་མང་ཚོགས་ནས་གཟབ་སྤྲོས་ཀྱིས་སྒོར་གཞས་འཁྲབ་སྟེ་གླུ་བྲོའི་མཆོད་པ་ཕུལ་ནས་ཆོས་དང་ཤེས་རིག་གི་བསྟན་པ་དར་བ་དང་། འགྲོ་རྣམས་ཞི་བདེའི་དཔལ་ལ་སྤྱོད་རྒྱུ་ཡོང་བའི་རྟེན་འབྲེལ་སྨོན་འདུན་གང་ལེགས་མཚོན་པར་བྱས་སོ།
ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར།། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས།།
Subscribe to:
Post Comments (Atom)
0 comments:
Post a Comment