དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 7 February 2012
བླ་མ་རིན་པོ་ཆེ་དྲན་གླུ། །
ཨེ་མ་ཧོ། །
འོག་མིན་བདེ་མཆོག་ཕོ་བྲང་ན། །
བླ་མ་ཀུན་བཟང་ཡབ་ཡུམ་བཞུགས། །
གདོད་མའི་ཆོས་སྐུའི་ཡེ་ཤེས་ལ། །
རང་རིག་དྲན་པས་མཇལ་ཕྱག་འཚལ། །
ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ན། །
བཅོམ་ལྡན་ཞི་ཁྲོའི་ལྷ་ཚོགས་བཞུགས། །
དག་མཉམ་བདེན་པའི་ཡེ་ཤེས་ལ། །
བསྐྱེད་རྫོགས་དྲན་པས་སྒོམ་ཕྱག་འཚལ། །
མི་མཇེད་འཇིག་རྟེན་ཞིང་ཁམས་ན། །
མཁས་གྲུབ་གཉིས་ལྡན་བླ་མ་བཞུགས། །
རིག་གྲོལ་འཕགས་པའི་ཡེ་ཤེས་ལ། །
སྒོ་གསུམ་གུས་པས་དད་ཕྱག་འཚལ། །
རབ་རྒྱན་ལྕགས་ཡོས་རྒྱལ་ཟླའི་ཉ་ལ་གང་དྲན་དུ་ཤྲྰིས་བླངས་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment