དྲ་ངོས་བཀླགས་གྲངས
193908
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 23 March 2012
ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་ཕྱག་འཚལ་ཞིང་ཉེས་བཤགས་དང་ན་རག་དོང་སྤྲུགས་ཀྱི་ཡང་སྙིང་མང་དུ་བཟླ༔ དེ་ནས་འཛབ་དམིགས་ནི༔
ཧྲཱིཿ རང་ཉིད་ཚེ་དཔག་མེད་ཡབ་ཡུམ༔ གཉིས་མེད་རོལ་པའི་ཐུགས་གསང་དུ༔ པདྨ་དང་ནི་ཟླ་གདན༔ རྰ་གའི་བུམ་པ་འོད་འབར་ནང༔ ཟླ་བའི་གདན་ལ་ཧྲཱིཿདམར་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ མགོན་པོ་ཚེ་མཐའ་ཡས་པ་ཡི༔ རྣམ་པར་གྱུར་ཏེ་བདག་མདུན་ལ༔ མཚོ་ལ་ཁ་བ་བབས་པ་ལྟར༔ སྤྱན་དྲངས་གཉིས་མེད་རོ་གཅིག་རོལ༔
ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲྰིཿ
དེ་ཡིས་བསྙེན་པ་ཚད་རྫོགསཏེ༔ སླར་ཡང་སྒྲུབ་ལ་འཇུག་པ་ལ༔ རང་ཉིད་འཆི་མེད་མགོན་པོ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རབ་འབྱམས་རྒྱལ་བ་རྟེན་བརྟེན་པ༔ མཁྱེན་བརྩེ་ནུས་གསུམ་དབང་བྱིན་རླབས༔ སྣོད་བཅུད་འབྱུང་བའི་དཔལ་ཡོན་བཅས༔ དྭངས་མ་འཇའ་སྤྲིན་འཐིབས་པ་བཞིན༔ བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པས༔ གཟི་བྱིན་རབ་རྒྱས་ནུས་པ་རྩལ་ལྡན་བསམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ སརྦ་ཛྙྰ་ན་པཉྩ་སརྦ་ཏ་ཐྰ་ག་ཏ་ཧྲཱིཾ་ཧྲཱིཾ་ཨ་ཡུརྫྙྰ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔
དེ་ནས་ལས་ལ་སྤྱོར་བ་ལ་༔

Subscribe to:
Post Comments (Atom)
0 comments:
Post a Comment