དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 25 March 2012
༁ྃ༔ འོད་དཔག་མེད་ཀྱི་སྒྲུབ་ཐབས་བདེ་ཆེན་མྱུར་ལམ་བཞུགས་སོ། །

༸༁ཨཱ༴༆༔༔


འོད་དཔག་མེད་ལ་ཕྱག་འཚལ་ལོ༔ འོད་དཔག་མེད་ཀྱི་སྒྲུབ་ཐབས་ནི༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ དེ་ནས་བསྒོམ་བཟླས་འདི་ལ་འཇུག༔

ཆོས་རྣམས་ཐམས་ཅད་སྟོང་པའི་ངང་༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ༔ སྟོང་ཉིད་སྙིང་རྗེ་དེ་ཡི་ངང་༔ སྣང་སྲིད་བདེ་ཆེན་ཞིང་གི་དབུས༔ པད་ཟླའི་གདན་ལ་རང་རིག་ཧྲྰི༔ དེ་ལས་འོད་འཕྲོས་དོན་གཉིས་སྒྲུབ༔ ཡོངས་གྱུར་བདག་ཉིད་བཅོམ་ལྡན་འདས༔ སྣང་བ་མཐའ་ཡས་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་༔ ལྷུང་བཟེད་བདུད་རྩིས་གང་བ་བསྣམས༔ ཞབས་གཉིས་མི་འགྱུར་སྐྱིལ་ཀྲུང་བཞུགས༔ ཆོས་གོས་རྣམ་གསུམ་སྐུ་ལ་མཛེས༔ མཚན་དང་དཔེ་བྱད་ཡོངས་སུ་རྫོགས༔ སངས་རྒྱས་སྐུ་ལྔའི་བདག་ཉིད་མཆོག༔ སྣང་ལ་རང་བཞིན་མེད་པ་ཡི༔ ཐུགས་ཀར་ཟླ་སྟེང་ཧྲྰིཿདམར་པོར༔ སྔགས་ཀྱི་གཡས་སུ་བསྐོར་བ་ལས༔ འོད་འཕྲོས་བདེ་གཤེགས་ཐམས་ཅད་ཀྱང༔ བསྒོམ་པ་ལྟ་བུར་སྤྱན་དྲངས་བསྟིམ༔ ཛཿཧྰུྃཿབྃཿཧོ༔ སྔགས་ལས་འོད་འཕྲོས་དོན་གཉིས་བྱས༔ གཟུགས་སྣང་དག་པ་འོད་དཔག་མེད༔ སྒྲ་སྒྲགས་སྙིང་པོ་སྔགས་ཀྱི་སྒྲ༔ རྟོག་ཚོགས་དག་པ་ཡེ་ཤེས་ལྔ༔ བདེ་བ་ཆེན་པོའི་ངང་ནས་བཟླ༔ ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧྰུྃ་ཧྲྰི༔

ཡི་གེ་བཅུ་གཅིག་རྩ་བའི་སྔགས༔ འབུམ་ཕྲག་གསུམ་གྱིས་དངོས་གྲུབ་ཐོབ༔ དེ་ནས་ལྷ་སྣང་མི་དམིགས་བཞག༔ རྗེས་སུ་བསྔོ་བ་སྨོན་ལམ་བྱ༔ ཚེ་འདིར་དུས་མིན་འཆི་བ་ཞི༔ ཕྱི་མ་བདེ་ཆེན་ཐར་ལམ་ཟིན༔ དེ་ཕྱིར་སྐལ་ལྡན་ཉམས་སུ་ལོངས༔ ས་མ་ཡ༔ ལས་རབ་གླིང་པའི་གཏེར་མ་ཤོག་སེར་ལས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་ཕབ་པའོ༔

0 comments:

ཟིན་བྲིས་འཚོལ་ཡུལ