དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 30 March 2012

མཁན་པོ་འོད་གསལ་མཐའ་ཡས་ཀྱི་ཞབས་བརྟན་བཞུགས་སོ།།
ཨོཾ་སྭྰ་སྟི།།

རྒྱལ་དབང་ཀུན་བཟང་ཐུགས་ཀྱི་བསྟན་པའི་སྲོག །
འོད༵་གསལ༵་སྙིང་པོའི་ཐུགས་བསྐྱེད་སྟོབས་འཛིན་པས། །
མཐའ༵་ཡས༵་ཨེ་ཝྃ་ཆོས་སྨན་བདེ་ཆེན་གྱིས། །
མ་ལུས་འགྲོ་ཁམས་སྨིན་གྲོལ་ཞབས་བརྟན་ཤོག །
འོད་གསལ་མཐའ་ཡས་རྡོ་རྗེ་བསྐལ་བརྒྱར་འཚོ། །
ཨེ་ཝྃ་རིག་པའི་ཆོས་སྨན་འགྲོ་ལ་སྟོན། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་དགེ་སློང་ཆེ། །
བསླབ་གསུམ་ལྡན་པའི་མཁན་པོ་ཞབས་བརྟན་ཤོག །
ཅེས་པ་འདིའང་རབ་རྒྱན་ཆུ་འབྲུག་དབོ་ཟླའི་ཡར་ཚེས་རྒྱལ་བ་གཉིས་པར་ཡོ་རོབ་ནས་མཁན་ཆེན་བླ་མ་འམ་དཔལ་དགྱེས་པ་རྡོ་རྗེས་སྦྱར་བའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ