དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 1 April 2012
མཁའ་འགྲོ་ཆོས་སྒྲོན་གྱི་ཞབས་བརྟན་རིན་ཆེན་སྒྲོན་མེ། །

ཨེ་མ་ཧོ། །


ཕྱོགས་དུས་རྒྱལ་བ་རབ་འབྱམས་སྲས་དང་བཅས། །

ཚེ་ཡི་རིག་འཛིན་གྲུབ་པའི་དྲང་སྲོང་ཚོགས། །

དགོངས་གསོལ་བྱིན་རླབས་ཚེ་ཡི་དངོས་གྲུབ་སྩོལ། །

བསྟན་འཛིན་དམ་པའི་ཞབས་པད་བརྟན་པར་མཛོད། །



ཆོས་དབྱིངས་ཀུན་ཏུ་བཟང་མོའི་སྒྱུ་འཕྲུལ་ལས། །

ལོངས་སྐུ་སྒྲ་དབྱངས་ལྷ་མོའི་མཁྱེན་བརྩེའི་བདག །

ཟབ་གཏེར་བསྟན་བདག་མཁའ་འགྲོ་ཆོས་ཀྱི་སྒྲོན། །

གསང་གསུམ་ཆོས་བདུན་ངོ་བོར་ཞབས་བརྟན་ཤོག །



བོད་བརྒྱུད་བསྟན་པའི་བཤད་སྒྲུབ་འཛིན་སྐྱོང་སྤེལ། །

འགྲོ་ཁམས་ཕན་བདེའི་ལེགས་ཚོགས་ཆར་བཞིན་འབེབས། །

དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་བཞིན། །

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །

ཅེས་པ་འདིའང་རབ་རྒྱན་ཆུ་འབྲུག་དབོ་ཟླའི་ཚེས་བཅུའི་ཉིན་ཚོགས་འཁོར་སྐབས་སུ་གང་ཤར་ཤྲྰིས་སྨོན་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ