དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 April 2012


ཡེ་ཤུའི་སྟོན་པའི་རྒྱལ་ཚབ་ལྟར་ཆགས་པའོ། །
ཨེ་མ་ཧོ། །


 སྙིང་རྗེ་བྱམས་པས་དྲིན་ཆེན་མ་ལ་བརྩེ། །
ཤེས་རབ་གཙང་མས་ཉམས་ཐག་རང་ལས་གཅེས། །
བསྟན་སྲིད་ལྷ་ཡིས་བཟོས་པའི་གྲུབ་མཐའ་ལས། །

ཁྱད་འཕགས་ལམ་བཟང་བདེན་བཞི་བླང་དོར་མཛད། །

སྐྱེ་འགྲོ་ཀུན་དང་མཉམ་པའི་ལྟ་བ་གཅིག །
རྒྱལ་བསྟན་སྤྱི་དང་མཐུན་པའི་སྒོམ་པ་གཉིས། །
འགྲོ་ཁམས་ཚུལ་དང་མཐུན་པའི་སྤྱོད་པ་གསུམ། །
མ་ནོར་ལག་ཏུ་ལེན་པའི་ཤྲྰི་སྨྱོན་པ། །

གནའ་རབས་བཀའ་བསྟན་ཤེས་པའི་མཁན་ཆེན་དཔལ་། །
དེང་རབས་ཚན་རིག་དང་ཐུན་བླ་མ་དགྱེས། །
འཛམ་གླིང་ཕན་བདེ་སྒྲུབ་པའི་རྡོ་རྗེ་འཛིན། །
རྨི་ལམ་དབང་ཕྱུག་འཁོར་འདས་བདག་པོ་གྱུར། །

ཅེས་པ་ཡང་ཡ་མཚན་པ་ཞིག་ལ་ཡེ་ཤུ་སྟོན་པའི་དགེ་རྒན་ཆེན་པོ་ཁོ་ནས་ཆོ་ག་ཆོས་སྤྱོད་ཀྱི་སྨོན་ལམ་གྱི་བཞུགས་ཁྲི་ལ་འཁྱམ་པོ་ཀུན་ཏུ་རྒྱུ་བདག་ཀྱང་དེར་བཞུགས་ཞེས་གྲོགས་པོ་ཚོར་ཆོས་འཆད་དང་དད་གུས་བཅས་བགྲོ་གླེང་དང་དཔར་སྒྲོན་པའི་མོད་ལ་གང་ཤར་དུ་ཤྲྰི་སྨྱོན་པས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ཡེ་ཤུ་རྗེ་རྫིའི་ལྷ་ཁང་དེ་ཉིད་དུ་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ