དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 23 April 2012


ཆོས་སྐྱོང་བསྟོད་གསོལ་འདེབས་པ་ནི།


ཧྲྰིཿ 
གནོད་སྦྱིན་དབྱིངས་ཕྱུག་དཔལ་ལྡན་ཆོས་སྐྱོང་རྒྱལ། །
སྐུ་མདོག་དམར་ནག་འགྱུར་མེད་འགྱིང་བག་ཅན། །
འཁོར་འདས་ལོག་ལྟ་སྐེམ་བྱེད་འོད་སྣང་བདག །
སོར་རྟོགས་བདེ་ཆེན་རྡོ་རྗེའི་དཔའ་བོ་སྟེ། །
ཞལ་གཅིག་ཕྱག་གཉིས་དགྲ་བགེགས་སྒྲོལ་མཛད་སྐུ། །
ཕྱག་གཡས་ཞགས་ནག་དགྲ་བོའི་སྐེ་ནས་འཆང་། །
གཡོན་པ་མདུང་ཞགས་དགྲ་བགེགས་སྙིང་ལ་གཟིར། །
སྒྲུབ་པ་པོ་ལ་དངོས་གྲུབ་ཀུན་སྩོལ་ཅིང་། །
བེར་ཆེན་གོ་ཁྲབ་ན་བཟའ་སྐུ་ལ་གསོལ། །
རིན་པོ་ཆེས་བརྒྱན་དར་གྱི་ཅོད་པན་འཕུར། །
ཆིབས་སུ་སྤྲིན་གསེབ་ཅང་ཤེས་སྨུག་ནག་བཅིབས། །
གསེར་ཐུར་སེར་པོ་གསེར་སྲབ་སེར་པོས་བརྒྱན། །
དར་ཆེན་གློ་ནན་མུ་མེན་ཡོབ་ཆེན་འཁྲོལ། །
ཟ་འོག་དར་གདན་གསེར་སྒའི་སྒ་སྟེང་དུ། །
སོར་རྟོགས་དབྱིངས་ཕྱུག་དཔལ་ལྡན་ཆོས་སྐྱོང་རྒྱལ། །
སྙིང་རྗེ་ཆེན་པོས་ཕོ་ཉའི་ཆོ་འཕྲུལ་སྟོན། །
ལྷ་མིན་གནོད་སྦྱིན་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །
འཕྲིན་ལས་བཞི་ལྡན་སྤྲོས་མེད་ངང་ཚུལ་ཅན། །
ཕུན་སུམ་ཚོགས་གནས་བཀའ་གཏེར་བསྟན་པ་རུ། །
ལོངས་སྤྱོད་སྤེལ་ཕྱིར་བཀའ་སྲུང་ཀུན་མཛད་ནས། །
བསྟན་པ་བསྲུང་ཕྱིར་ཚོགས་གཏོར་འདི་བཞེས་ལ། །
ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་འཕྲིན་ལས་མཛོད། །
ཅེས་པ་འདི་ཡང་ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ