དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 28 June 2012
ཀྲུང་དབྱང་མི་རིགས་སློབ་ཆེན་དུ་<<རྨུ་ཐག>>འདོན་ཐེངས་བཅུ་གཅིག་པ་བདེ་བླག་ངང་འགྲེམ་སྤེལ་བྱས་པ།

གསར་འགོད་པ་སངས་བྷ།
དུས་མཆོག་གསུམ་འཛོམས་ཀྱི་དུས་ཁྱད་པར་འཕགས་པ་ས་ག་ཟླ་བའི་ཉིན་མོ་འདི་ལ། རང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཆོག་གི་མཛད་པ་ལ་རྗེས་སུ་ཡི་རངས་ཀྱིས་དྲན་པ་དང་ཤེས་པའི་དད་པས་བསླབས་པ་ཡིས། རང་རིགས་ལ་སྨན་པའི་བྱ་བ་ཙག་ཙིག་ནས་བརྩམས་ཏེ་བསྒྲུབས་པའི་ཀུན་སློང་དང་ལྷག་བསམ་འདུས་པའི་ངེད་ཅིན་སྡོད་སློབ་གཉེར་བ་ཚོའི་ཐུན་མོང་ལ་དབང་བའི་《རྨུ་ཐག》འདོན་ཐེངས་བཅུ་གཅིག་པ། རྩོམ་པ་པོ་དང་ཀློག་པ་པོ་ཀུན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ངེད་རྩོམ་སྒྲིག་ཁང་ནས་བསྒྲིགས་ཏེ་བདེ་བླག་ངང་འགྲེམ་སྤེལ་ཚོགས་འདུ་འཚོགས་པ་དང་བཅས་འགྲེམ་སྤེལ་བྱེད་ཐུབ་སོང་བས། ཀུན་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སྔར་བཞིན་ང་ཚོའི་ཐུན་མོང་ལ་དབང་བའི་《རྨུ་ཐག》ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་བ་ལགས་སོ།།

བདེ་བླག་ངང་བཀྲམ་པའི་《རྨུ་ཐག》འདོན་ཐེངས་བཅུ་གཅིག་པའི་དཔེ་དེབ།
མདོ་འཛིན་པ་འབྲུ་གུང་རྡོ་རྗེ་ནས་ཚོགས་འདུ་གཙོ་སྐྱོང་བྱེད་ཀྱིན་པ།

འདོན་ཐེངས་བཅུ་གཅིག་པའི་ཆེས་ཐོག་མའི་བུད་མེད་གཙོ་སྒྲིག་པ་བུ་མོ་བདེ་གཡང་ནས་དཔེ་དེབ་ངོ་སྤྲོད་མཛད་བཞིན་པ།

རྒྱུན་ལས་གཙོ་སྒྲིག་པ་མགོན་པོ་རྡོ་རྗེ་ནས་དཔེ་དེབ་ངོ་སྤྲོད་བྱེད་ཀྱིན་པ།

འདོན་ཐེངས་སྔོན་མའི་གཙོ་སྒྲིག་པ་ཚེ་རིང་རྣམ་རྒྱལ་ནས་མི་འདང་ས་འཆད་ཀྱིན་པ།
ཚོགས་ཞུགས་སློབ་གྲོགས་སྐལ་བཟང་ཆོས་འབྱུང་ནས་དཔྱད་འཇོག་བྱེད་ཀྱིན་པ།

ཚོགས་ཞུགས་སློབ་གྲོགས་ཚོས་《རྨུ་ཐག》ལ་གཟིགས་ཀྱིན་པ།


བློ་འདྲི་ས་རྒན་ཤར་གཞོན་ཚེ་རིང་ཟླ་བ་ལགས་ནས་ཕྱོགས་སྡོམ་མཛད་ཀྱིན་པ།

ཚོགས་ཞུགས་པ་ཡོངས་ཀྱི་མཉམ་པར།

0 comments:

ཟིན་བྲིས་འཚོལ་ཡུལ