དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 25 June 2012
བསྟན་འགྲོར་ཕན་བདེ་རུ་སྨོན་པ། །
ཨེ་མ་ཧོཿ
དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དང་། །
བརྒྱུད་གསུམ་བླ་མ་དམ་པའི་བྱིན་རླབས་ཀྱིས་། །
ཨེ་ཝྃ་བརྡ་དོན་སྨིན་གྲོལ་གསང་ཆེན་རྟགས། །
སྨོན་ལམ་རིག་འཛིན་བསྟན་འགྲོའི་དཔལ་དུ་ཤོག །
འཛམ་གླིང་ཕན་བདེ་ཞི་བའི་དཔལ་དམ་པ། །
གསང་ཆེན་བསྟན་པའི་སྨིན་གྲོལ་བདུད་རྩིའི་མཛོད། །
མ་ནོར་ཉམས་སུ་ལེན་པའི་རིག་འཛིན་ཚོགས། །
འཇིག་རྟེན་ཁམས་སུ་དར་ཞིང་རྒྱས་གྱུར་ཅིག །
གནས་སྐབས་ནད་མཚོན་འབྱུང་བཞིའི་གནོད་པ་བྲལ། །
མཐར་ཐུག་བདེ་ཆེན་གཡང་གི་ནོར་བུ་རྙེད། །
ངེས་དོན་བཀྲ་ཤིས་བདེ་ལེགས་རིན་ཆེན་གཏེར། །
གསང་ཆེན་རྣལ་འབྱོར་བསྟན་འགྲོའི་དཔལ་དུ་ཤོག །
འབྲུག་པ་སྨོན་ལམ་རིག་འཛིན་གྱིས་བསྐུལ་བའི་མཐུས་ཤྲྰིས་སོ། །
 

1 comments:

Unknown said...

I am very happy because you have accepted the Daniel Johannes Ekholm. From my happiness i came to know that we all can work together and perform the good things that can be joyful & ever lasting peace will be form forever.

ཟིན་བྲིས་འཚོལ་ཡུལ