དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 15 August 2012
འདུས་བྱས་མི་རྟག་གློག་གི་ཟློས་གར་བཞིན། །
སྣོད་བཅུད་གང་ལ་བསམས་ཀྱང་འཇིག་པའི་ཆོས། །
ངེས་མེད་འཆི་བ་དྲན་པའི་རིགས་ཀྱི་བུར། །
དྲན་ཤེས་བག་ཡོད་ནུས་པར་བྱིན་གྱིས་རློབས། །


ལྷ་དང་བླ་མའི་བྱིན་རླབས་སེམས་ལ་འཁྲུངས། །
དཀོན་མཆོག་ཀུན་འདུས་རང་ཡིད་ངེས་ཤེས་ཅན། །
བསྟན་དང་འགྲོ་བར་ཕན་བདེའི་ཕྲིན་ལས་གར། །
མཁན་སྤྲུལ་དམ་པས་ས་ཆེན་འགེངས་གྱུར་ཅིག །


དེ་ཡང་གངས་ལྗོངས་བརྡ་སྤྲོད་རིག་པ་སྤྱི་ལ་ཕན་ཐོག་ཡོད་པའི་དྲ་མཛོད། ཚངས་དབྱངས་དྲྭ་བ་དང་། རྡོ་འབུམ་དྲྭ་རྒྱ་སོགས་དེང་དུས་རྩོམ་རིག་སྨྲ་བ་དག་མཐོང་བས་དགའ་སྤྲོ་བརྟས། །ཁྱད་པར་ཡི་གེའི་དག་ཆ་ཤིན་ཏུ་བཟང་བའི་སེང་རྡོར་དྲ་བའི་ཚོགས་མི་ཀུན་ལ་ཡང་བཀྲ་ཤིས་བདེ་ལེགས་དང་། གཞན་ཡང་བོད་ནང་གི་དྲ་བདག་ཚང་མ་ལ་བསམ་དོན་འགྲུབ་པའི་སྨོན་ལམ་ཞུ་བཞིན་ཡོད་པ་དང་། དྲ་ཚེ་ཡུན་རིང་གནས་ནས་ལུགས་གཉིས་སྨྲ་བའི་མཁས་དབང་མང་པོའི་་ཁྱུ་ཚོགས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་ནས་ལུགས་གཉིས་དར་ཞིང་རྒྱས་པར་འགྱུར་བའི་རེ་བ་ཆེན་པོ་ཞིག་ཡོད་ལགས་སོ། །སྐྱ་སེར་ཀུན་འཛོམས་ཀྱི་འདུ་ར་དང་། མཁས་བླུན་འདྲ་མཉམ་གྱི་བགྲོ་གླེང་། གྲུབ་མཐའ་རིས་མེད་དུ་སྨྲ་བ་དང་། བསམ་པ་རྣམ་དག་གིས་རང་རང་སོ་སོའི་ལྟ་བའི་འཛིན་མཚམས་དེ་རྣམས་ཁ་རྩོད་ཙམ་མ་ཡིན་པར་ཡིག་ཏུ་བཀོད་ཐུབ་ན། ཡི་གེ་འབྲི་ལུགས་བྱང་ནས་སུམ་རྟགས་དག་གསུམ་དང་རང་སྐད་ལ་ཡང་ཕན་ཐོག་རྒྱ་ཆེར་ཡོད་པར་མངོན་སུམ་གྱིས་འབྱུང་གི་འདུག །དཔེར་ན་ང་རང་གིས་སྔོན་ཆོད་རིག་འཕྲུལ་ནང་དུ་མཛུབ་མོ་གཅིག་གིས་ཀ་ཁ་ཞེས་ཡི་གེ་འབྲི་རེ་རེ་བཞིན་འབྲི་བར་བྱས་ཀྱང་འབྲི་ཐུབ་དཀའ་བ་ཞིག་འདུག ། ད་ཐང་མཛུབ་མོ་བཅུ་ཡིས་རིབ་རུབ་འབྲི་ནུས་པ་ཞིག་དང་། མིག་བཙུམ་ཀྱང་འབྲི་ཐུབ་ཀྱིན་འདུག ཧ ཧ། ཡིན་ན་ཡང་ང་རང་གིས་འདི་ཕྱོགས་ནས་སེང་རྡོར་དྲ་བའི་ནང་དུ་དཔྱད་གཏམ་སྤེལ་ཐུབ་ཀྱིན་མི་འདུག་ལགས། དེས་ན་དེ་ནས་ཁྱེད་ཚོས་བཟང་ངན་ཅི་བརྗོད་ཀྱང་རུང་བདག་གི་པར་དང་ས་རྡོ་ལ་བརྗོད་པ་ལྟ་བུ་ལས། ང་རང་གིས་འདི་ནས་ལན་མེད་ལྐུག་པ་ནང་བཞིན་འདུག་དགོས་ཀྱིན་འདུག་ལགས།

ཆོས་བཞིན་གནས་ལུགས་རྟོགས་པའི་རྣལ་འབྱོར་དང་། །
ཆོས་མེད་གང་དགར་སྨྲ་བའི་ཤེས་འཆལ་གཉིས། །
ཆོས་པ་རྣམ་དག་ཡིན་མིན་རང་སེམས་ལས། །
ཆོས་པའི་ཤན་འབྱེད་གོས་ནོར་དཔར་གྱིས་མིན། །

0 comments:

ཟིན་བྲིས་འཚོལ་ཡུལ