དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 23 September 2012
ཨེ་མ་ཧོས་བཀའ་དྲིན་ཆེ་ཞུའི་འཕྲིན་ཐུང་།
༧བཀུར་འོས་པའི་སྙིང་ནས་བརྩེ་དམ་ཅན་གྱི་ཆོས་མཆེད་བླ་སྤྲུལ་རིན་པོ་ཆེ་ཡོངས་ལ་ཞུ་འབྲས།
དེང་གི་དགེ་ཆར་ཡང་ཆོས་མཆེད་དམ་པ་ཁྱེད་རྣམ་ཚང་མའི་གསང་གསུམ་བདེ་འཚམས་ངང་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡར་ངོའི་ཟླ་བ་གསལ་བའི་དཔལ་དུ་བཞུགས་བཞིན་ཡོད་པར་སེམས།
སྙོམ་ལས་པ་རང་ཡང་དགེ་བློ་མ་དོར་ཙམ་དུ་ནུབ་ཕྱོགས་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་དུ་བདེ་བར་མཆིས།
མཚམས་ཞུ་ཆུ་འབྲུག་ལོ་འདིའི་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ནས་བཟུང་རང་གཞན་གྱི་དད་འདུན་དག་སྣང་གི་གཞི་རྩ་བརྟན་པའི་ཆོས་མཆེད་ཡོངས་ལ་འབོད་བསྐུལ་བཞིན་དུ་ཨེ་མ་ཧོའི་ཞབས་བརྟན་རྡོ་རྗེ་རྩེ་བརྒྱ་པ་དང་།
ཨེ་མ་ཧོའི་ཞབས་བརྟན་རིན་ཆེན་ཕྲེང་བ་ཞེས་གསར་བསྒྲིག་བྱས་པ་རེད། དེའི་ནང་དུ་རང་ ཅག་ ཁ་ བ་ རི་ བའི་ སྐྱབས་ གནས་ གངས་ལྗོངས་རྒྱལ་ བསྟན་ ཡོངས་ རྫོགས་ ཀྱི་ མངའ་ བདག་རྒྱལ་དབང་༧གོང་ ས་ མཆོག་ གིས་དབུས་བྱས་རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་རིས་སུ་མ་ཆད་པའི་རིན་པོ་ཆེ།
མཁས་གྲུབ་ཀྱི་རིག་འཛིན། ཚད་དང་ལྡན་པའི་དམ་པ། བརྟན་མཁས་ཀྱི་མཁན་པོ།བསམ་བཞིན་ཕེབས་པའི་སྤྲུལ་སྐུ།
ཤེས་ཡོན་ཅན་གྱི་དགེ་རྒན། སྙན་ངག་མཁན་གྱི་དགེ་ཕྲུག ལྷག་བསམ་ལྡན་པའི་བླ་མ། ཚུལ་དང་མཐུན་པའི་གྲྭ་བ།
དད་བརྩོན་ཅན་གྱི་ཨ་ནེ། ཆོས་རིགས་འཛིན་པའི་མཁའ་འགྲོ། ཉམས་རྟོགས་ཅན་གྱི་སྔགས་པ་དང་སྔགས་མ།
འཇིག་རྟེན་སྤོང་བའི་བྱ་བྲལ། ཟབ་རྒྱས་དབང་བའི་གཏེར་སྟོན། མཚན་ཉིད་ལྡན་པའི་རྣལ་འབྱོར་སོགས་ཀྱིས་རང་ལ་ཐུགས་བསྐྱེད་ཟབ་རྒྱས་ཕུན་སུམ་ཚོགས་པའི་སྐྱབས་འཇུག་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན་ལགས།
ཉེ་ཆར་ཨེ་མ་ཧོ་བརྒྱ་རྩ་བརྒྱད་པ་ཉིད་ཏག་ཏག་ཁ་ཡོངས་སུ་ཁ་ལོངས་ཟིན་སོང་།
ཡིན་ན་ཡང་གནས་སྐབས་རིང་དེབ་ཏུ་དཔེ་བསྐྲུན་བཟོ་མི་དགོས་ཞེས་ང་རང་གིས་ཐག་བཅད་པ་ཡིན།
དེས་ཚབ་ཏུ་ཁྱེད་རྣམ་པར་བཀའ་དྲིན་ཆེ་བར་དྲིན་བཟོས་ཆེད་དུ་སྨོན་ཚིག་གང་ཤར་རེ་སྙིང་ནས་གསོལ་འདེབས་སུ་ལེགས་སྐྱེས་སུ་ཕུལ་བ་དེ་དྲ་ཐོག་འགོད་རྒྱུ་ཡིན།
དེ་བདག་གིས་མཆོད་འབུལ་ཞིག་དང་། ཁྱེད་རྣམ་པའི་གསང་གསུམ་དགྱེས་པའི་པའི་སྨོན་ལམ་དང་བསྟན་འགྲོར་སྨན་པའི་བདེན་ཚིག་ཡིན་ལགས།
སླད་ཆར་ཡང་རྒྱལ་བསྟན་དར་ཞིང་རྒྱས་པ་དང་འགྲོ་ཁམས་བདེ་ཞིང་སྐྱིད་པའི་སྨོན་ལམ་ཡང་ཡང་ཞུ། ཁྱད་པར་ཨེ་མ་ཧོའི་རིན་ཆེན་ཕྲེང་བའི་ཚོགས་གྲལ་གྱི་མཁས་བཙུན་བཟང་པོའི་བླ་གྲྭ་ཁྱེད་རྣམ་པའི་དབུས་བྱས་བསྟན་འཛིན་གྱི་སྐྱེས་བུ་ཇི་སྙེད་ཡོད་པ་དེ་དག་ཀུན་གྱི་སྐུ་ཚེ་བརྟན་པ་དང་བསྟན་འགྲོའི་དོན་ཆེན་གེགས་མེད་བདེ་མྱུར་དུ་འགྲུབ་པའི་སྨོན་འདུན་བཅས་རབ་རྒྱན་ཆུས་འབྲུག་ཟླ་ཚེས་དགེ་བར་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཁང་ནས་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment