དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 26 November 2012
རྒྱ་བླ་ཚོ་ལ་བསྟོད་པ་ཀྰ་ལིའི་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།
ན་མོ་མ་ཧྰ་གུ་རུ་ཙི་ན་ཡེ། །
ཀ་ཡེ་གསོན་དང་དཔའ་རྒོད་རྒྱ་བླ་རྣམས། །
ཁ་བའི་རྒྱལ་སྲས་གཡུལ་དུ་ཞུགས་པའི་ཚེ། །
ག་ས་གང་ཡིན་ཙི་ནའི་ཡུལ་དུ་བྱོན། །
ང་ཚོས་གངས་རིའི་འདུག་ཆོས་སྒྲུབས་ལ་ཤོག །
ཅ་དག་ཆོས་གོས་རྣམ་པས་སྐུ་བརྒྱན་ནམ། །
ཆ་ལུགས་སྣ་ཚོགས་མཛད་པའི་ཕྲིན་ལས་ཀྱིས། །
ཇ་ཆང་འདོད་ཡོན་ཁོ་ནའི་ཆེད་མིན་པར། །
ཉ་སོགས་སེམས་ཅན་སྐྱབས་མཛད་བླ་མར་བསྟོད། །
ཏ་ཐ་གྰ་ཏའི་བསྟན་པ་རིན་པོ་ཆེ། །
ཐ་དག་སེམས་ཅན་འདྲེན་པའི་ཐབས་ཡིན་ཀྱང་། །
ད་ལྟའི་དུས་བབས་དཀའ་སྤྱད་གནང་མཁས་པས། །
ན་མོ་ཨ་མི་ཐོ་ཧྥུའི་དབང་བསྐུར་མཛད། །
པ་པ་མ་མ་གསུང་བཞིན་དགྱེས་ཚུལ་སྟོན། །
ཕ་མ་ན་གཞོན་ཁྱད་མེད་ཞེ་སར་བཅས། །
བ་གླང་བླུན་རྨོངས་ལྟ་བུ་རྒྱ་རིགས་ཀུན། །
མ་ལུས་འདྲེན་པའི་སྨོན་དམ་ཅན་ལ་འདུད། །
ཙ་རིའི་མན་དང་རྒྱ་རོང་ཡན་ཆོད་དུ། །
ཚ་གྲང་གནར་གཅོད་མྱོང་བའི་ཕུ་ནུ་དང་། །
ཛ་དྲག་གཡུལ་ལ་ཤི་བའི་སེམས་ཅན་དོན། །
ཝ་དམར་སྟག་གི་སྙིང་སྟོབས་ཅན་ལ་གུས། །
ཞྭ་གོས་ཆེད་དུ་མཆོད་འོས་བསླུས་པ་མིན། །
ཟ་ཉལ་འགྲོ་འདུག་སྤྱོད་ལམ་ཐམས་ཅད་ཀུན། །
འ་ཅག་གངས་ཅན་དགོངས་པའི་དཔའ་བོ་རྣམས། །
ཡ་རབས་མི་ཡི་གྲལ་ནས་གོང་དུ་རྒྱལ། །
ར་ལུག་སྒོ་ཟོག་ཕལ་ཆེར་ཚེ་ཐར་བཏངས། །
ལ་རྒྱའི་རྒྱ་མ་རྒྱ་ཡི་གྲོང་དུ་ཚད། །
ཤ་རུས་གཅིག་པའི་བསྟན་སྲིད་སྤེལ་མཛད་པའི། །
ས་སྐྱོང་སེམས་དཔའི་ཕྲིན་ལས་ཅིས་མི་བསྔགས། །
ཧ་ཅང་ཐལ་བའི་ཀླ་ཀློའི་དྲག་སྤྱོད་ལ། །
ཨ་ལགས་ཐབས་མཁས་སྤྱོད་པས་འདུལ་བ་ནི། །
ཧ་ཤང་གོས་སེར་བརྒྱ་ཡི་འགྲན་ཟླ་དབེན། །
ཨ་ཁུ་བོད་གཅེས་རྒྱ་བླར་ངོ་སོ་བསྟོད། །
ཅེས་པ་དེང་དུས་ཕལ་ཆེ་བས་རྒྱ་བླ་ཞེས་ཐན་དུ་རྩིས་ཀྱང་དོན་གྱི་རིང་ལུགས་ཆོས་དཔལ་རིག་གསུམ་ལ་ཕན་བདེ་ཅི་རིགས་ཀྱིས་ལེགས་ཆ་ལྡན་པ་མཐོང་ནས་ཅི་དྲན་དུ་ཤྲྰི་སྨྱོན་པས་བསྟོད་པར་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment