དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 23 February 2013
༄། ༧གོང་ས་མཆོག་ལ་འབུལ་བ།
༡༽ བཀྲ་ཤིས་དགེ་མཚན་འབུམ་གྱིས་རབ་འ ཁྱུད་ཅིང་། ༑ངོ་མཚར་སངས་རྒྱས་སྟོང་གིས་དབང་ བསྐུར་ཏེ།།
རྒྱལ་ཀུན་གསང་གསུམ་ནུས་པ་གཅིག་བ སྡུས་པ། །འཕགས་མཆོག་ལོ་ཀི་ཤྭ་ར་སྲིད་ན་ར ྒྱལ།།
༢༽ གང་གིས་འགྲོ་ལ་བྱམས་བརྩེའི་ཡོན་ ཏན་ཀུན། །མཐའ་དག་རྣམ་གྲངས་ཚིག་ལ་གཞལ་དཀའ ་ཡང་།།
ཚུར་མཐོང་ལས་ཀྱང་ཚུར་མཐོང་ཆ་ཤས་ ཤིག །དད་པའི་སྤུ་ལོང་གཡོ་བཞིན་བརྗོད ་ལ་སྤྲོ།།
༣༽ འཛམ་གླིང་སྤྱི་དང་བསྟན་འགྲོ་ཡོང ས་ཀྱི་དཔལ། །ཆོས་སྐུ་འོད་དཔག...་མེད་མགོན་སྤྱན་རས་གཟིགས།།
སྤྲུལ་སྐུ་པདྨ་འོད་འབར་གཅིག་བསྡ ུས་པ། །བསྟན་འཛིན་རྒྱ་མཚོ་སྲིད་འདིའི་ རྒྱན་དུ་ཤར།།
༤༽ རྒྱལ་བས་ལུང་ཟིན་ཁ་བ་ཅན་གྱི་ཡུལ ། །དབུས་གྱུར་ལྷ་ལྡན་ཚལ་གྱི་ཤར་ཕྱ ོགས་སུ།།
བོད་རྒྱའི་ས་མཚམས་ཁྲི་ཤོར་རྒྱལ་ མོའི་འཁྲིས། །སྟག་མཚེར་ཡུལ་དུ་སྐུ་ཡི་མཚན་དཔ ེ་བཞད།།
༥༽ བོད་ལྗོངས་ལྷ་མི་ཀུན་གྱི་དད་གསོ ལ་ལྟར། །ཞབས་ཟུང་བཀྲ་ཤིས་རེ་ཁ་ལྷ་ལྡན་ད ུ།།
བསྒྱུར་ཏེ་གྲུ་འཛིན་གཉིས་པའི་ཕོ ་བྲང་དུ། །བརྗིད་ཆགས་གསེར་གྱི་ཁྲི་ལ་རབ་ཏ ུ་འཁོད།།
༦༽སྐབས་དེར་ལོག་སྨོན་བདུད་ཀྱིས་ བར་ཆད་དང་། །དེ་ལས་བརླམས་པའི་ཆོས་མིན་ཆོས་ག ཟུགས་འགས།།
བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ནང ་ནས་བཀུམས། །བསྟན་དགྲ་རྒྱ་དམར་ཕྱི་ནས་ནང་ལ་ བཀུག།
༧༽ ཤར་གྱི་མཐུན་ཕྱོགས་རྒྱལ་ཁབ་གྲོག ས་ལམ་བཅད། །ལྷོ་ཡིས་འབྱོར་ལྡན་དཔུང་གིས་ནོ ར་ལམ་བཀག།།
ནུབ་ཏུ་འབུམ་ཕྲག་བཅུ་གཉིས་གཤེད་ ལམ་བརྫངས། །བྱང་གི་དགྲ་ལམ་དམར་པོའི་རྒྱ་ལ་ ཕྱེས།།
༨༽ ནང་བསྟན་ཆུ་ཆེན་ཆེ་བཞི་བོན་དང་བ ཅས། །དམ་ཚིག་དར་དཀར་ཡུག་གཅིག་དུམ་བུ ར་བཏང་།།
ཆོལ་གསུམ་སྤུན་ཟླ་མཐུན་བསྒྲིལ་ར ྒྱ་མདུད་བཤིགས། ། རང་བཙན་བོད་ཀྱི་ཕྱི་ཡི་ལྕགས་རི་ གཏོར།།
༩༽ སུས་ཀྱང་བཟློག་ཏུ་མེད་པའི་གཉན་འ ཕྲང་དེར། །རྡོ་རྗེ་འཆང་དབང་ཏཱ་ལའི་བླ་མ་མ ཆོག།
གངས་ལྗོངས་སྐྱེ་འགྲོས་བསྐུལ་དང་ ཐུགས་བསྐྱེད་མཐུས། །ལུགས་གཉིས་འཁོར་ལོ་བསྒྱུར་བའི་ མཛད་འགན་བཞེས།།
༡༠༽ རིགས་གསུམ་སེམས་དཔའི་མཁྱེན་བརྩེ ་ནུས་པ་ཡིས། །ཞི་འགྲིགས་བཀའ་བཟང་དགྲ་ལ་བསྩལ་ ན་ཡང་།།
བཟང་ངན་མི་འབྱེད་དམར་ཕྱོགས་གུང་ ཁྲན་གྱིས། །གཡོ་སྒྱུའི་དམག་དཔུང་བོད་ལ་བཙན ་འཛུལ་བྱས།།
༡༡༽ བོད་ཀྱི་སྣོད་བཅུད་སྤྱི་དང་རྒྱལ ་བའི་བསྟན། །བསྟན་འཛིན་སྐྱེས་བུའི་ཚེ་སྲོག་ འཕྲོག་པ་སོགས།།
ཡ་ང་དམྱལ་བ་མི་ཡུལ་འཕོས་པ་ལྟར། །ཉེས་མེད་གངས་ལྗོངས་བོད་ལ་དུ་ཁས ་གཟིར།།
༡༢༽ སྐབས་ཤིག་སྤྱི་མཐུན་ལས་སྒྲིབ་མ་ དག་པར། །མྱུར་དུ་སྐྱབས་པའི་ཐབ་ལམ་མེད་མ ོད་ཀྱང་།
ལས་འདི་མཐར་ཐུག་སྐྱབས་པའི་མཁྱེན ་བརྩེ་ཡིས། །བཀའ་དྲིན་ཆིབས་ཞལ་རྒྱ་གར་ཡུལ་ད ུ་བསྒྱུར།།
༡༣༽ མ་འོངས་སྔོན་གཟིགས་མཁྱེན་པའི་མཛ ད་པ་ཡིས། །རིས་མེད་རྒྱལ་བསྟན་སྤྱི་དང་བཅུ ་ཕྲག་རིག།
ངོ་མཚར་རྟ་བདུན་ནུབ་ནས་ཤར་ལ་བསྐ ྱལ། །འགྲོ་ཀུན་ཞི་བསིལ་སྣང་བ་ཁྱེད་ཀ ྱིས་བརྩལ།།
༡༤༽ རྒྱ་གར་བལ་ཡུལ་འབྲུག་དང་འབྲས་ལྗ ོངས་སོགས། །གྲངས་མེད་གངས་ཅན་ལྗོངས་ཀྱི་མཁས ་གྲུབ་ཀུན།།
སྐུ་སྲོག་རྒྱ་དམར་ལག་ཏུ་མ་ཤོར་བ ར། །རང་ལུགས་གྲུབ་མཐའ་སྐྱོང་བ་ཁྱེད ་ཀྱིས་དྲིན།།
༡༥༽ རིས་མེད་རྒྱལ་བསྟན་སྤྱི་དང་གཡུང ་དྲུང་བོན། །འཛམ་གླིང་མི་རིགས་གདུལ་བྱ་སྣ་ཚ ོགས་ངོར།།
མངོན་མཐོ་ངེས་ལེགས་བསྒྲུབ་ལ་དགོ ས་འདོད་ནོར། །སྤྲོ་དགས་ངོམ་མེད་སྤྱོད་རྒྱུར་ ཁྱེད་ཀྱིས་དྲིན།།
༡༦༽ ཆོས་རྒྱལ་མེས་དབོན་རྣམ་གསུམ་ལེག ས་བརྒྱུད་པའི། །ཡ་རབས་གངས་ཅན་ལྗོངས་ཀྱི་ལུགས་ག ཉིས་སྲོལ།།
དམར་པོ་ཀླ་ཀློས་རྩ་མེད་མ་ཐུབ་པར ། །འཕེལ་རྒྱས་དེང་རབས་རྒྱན་སྤྲས་ཁ ྱེད་ཀྱིས་དྲིན།།
༡༧༽ བོད་ལྗོངས་རང་བཙན་སྐབས་སུའང་མ་ག ྲགས་པའི། །གནའ་དེང་རིག་གཞུང་ཕྱུག་པའི་བོད ་སློབ་ཁག།
འཛམ་གླིང་ལྡིང་ཆའི་སྟེང་དུ་འགྲན ་ནུས་བཞིན། །དེང་རབས་བརྒྱུད་འཛིན་ཐུབ་པ་ཁྱེ ད་ཀྱིས་དྲིན།།
༡༨༽ ཆོས་སྲིད་ཚ་གྲང་གཅིག་ཏུ་གནས་མིན ་ཡང་། །མི་འགལ་གཡས་གཡོན་ཕྱག་གི་ཉེར་བཟ ུང་སྟེ།།
ཆོལ་གསུམ་ཕུ་ནུ་བརྩེ་བའི་ཁྱིམ་ཚ ང་གཅིག །ཆོས་བརྒྱུད་དམ་ཚིག་གཅིག་འདྲེས་ ཁྱེད་ཀྱིས་དྲིན།།
༡༩༽ ཐ་མལ་དུས་འདིར་ཆོས་སྲིད་ཟུང་འབྲ ེལ་ལམ། །གཅིག་ཏུ་འགྲོ་ལ་ངལ་བ་ཆེར་མཐོང་ ནས།།
མཁྱེན་རབ་ཡེ་ཤེས་རྣོན་པོའི་རལ་ག ྲི་ཡིས། །ལུགས་གཉིས་འཁོར་འདས་རུ་ཤན་ཁྱེད ་ཀྱིས་ཕྱེས།།
༢༠༽ བླང་དོར་འཛོལ་བའི་སྡུག་བསྔལ་འཁོ ར་མོ་ཡུག །འགྲོ་བ་སྤྱི་དང་ཁྱད་པར་འཛམ་གླི ང་འདིས།།
ཁྱེད་ལ་ཞི་བདེའི་རྟགས་མ་ཕུལ་བའི ་སྐབས། །སྤྱན་རས་གཟིགས་ཀྱི་སྙན་པ་ཁྱེད་ ཀྱིས་འཕྲོག།
༢༡༽ མཁྱེན་རབ་ཡེ་ཤེས་བཀའ་སློབ་ཕན་བད ེའི་གཏེར། །གནའ་དེང་མཁས་པས་སྤྱི་བོར་རབ་བཀ ུར་ཏེ།།
ཨ་རིས་གསེར་གྱི་རྟགས་མ་ཕུལ་བའི་ སྐབས། །མཉྫུ་ཤྲཱིས་ཁྱེད་ལ་ཕྲག་པ་དོག།
༢༢༽ བཟོད་པའི་གོ་ཆ་སྙིང་རྗེའི་རྒྱན་ སྤྲས་ཏེ། །བདེན་པའི་མཚོན་ཆ་མཁའ་ལ་འཕྱར་བའ ི་སྐབས།།
སྟོབས་ཆེན་རྒྱ་ནག་དངངས་སྐྲག་བཙོ ན་དུ་བཅུག །ཕྱག་ན་རྡོ་རྗེས་ཁྱེད་ལ་ཡིད་སྨོ ན་ཤོར།།
༢༣༽ ཐེག་པ་ཆེ་ཆུང་གསང་སྔགས་རྡོ་རྗེ་ ཐེག །འཛམ་གླིང་གང་སར་དུས་གཅིག་རྡོ་ར ྗེའི་གསུང།།
མི་རིགས་དུང་ཕྱུར་གཏན་བདེའི་ལམ་ འགོད་སྐབས། །ཤཱཀྱ་ཐུབ་པའི་རྒྱལ་ས་ཁྱེད་ཀྱིས ་བཟུང་།
༢༤༽ ལྟ་བ་ཀ་དག་ཀློང་ཆེན་ཡངས་པའི་ངོར ། ། སྒོམ་པ་འཁོར་འདས་ཆོས་ཀུན་ཁྱབ་བར ྡལ་དབུས།།
སྤྱོད་པ་འཁྲུལ་ཉོན་འགྲོ་ལ་དམིགས ་མེད་བརྩེས། །འབྲས་བུ་པདྨའི་དགོངས་པ་ཁྱེད་ཀྱ ིས་རྙོགས།
༢༥༽ ས་ངོར་ཚར་གསུམ་ལ་སོགས་མཁས་པའི་ཁ ྱུ། །དུས་གཅིག་འཛོམས་པའི་ལེགས་བཤད་ཡ ིད་བཞིན་ནོར།།
འགྲོ་ཀུན་མ་རིག་ཚ་གདུང་རབ་སེལ་ཏ ེ། །དཔལ་ལྡན་ས་སྐྱའི་བསྟན་པ་ཁྱེད་ཀ ྱིས་སྐྱོང་།།
༢༦༽ ཕྱག་རྒྱ་ཆེན་པོའི་དགོངས་དོན་རབ་ རྟོགས་ནས། །ཆེ་བཞི་ཆུང་བརྒྱད་ཤང་པ་བཀའ་བརྒ ྱུད་བཅས།།
ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་ན ས། །ན་རོ་མེ་ཏྲིའི་མན་ངག་ཁྱེད་ཀྱིས ་དྲངས།།
༢༧༽ སེ་འབྲས་དགའ་གསུམ་རྒྱུད་གྲྭ་སྟོ ད་སྨད་སོགས། ། སྐྱེས་བུ་གསུམ་གྱི་ལམ་གྱི་ཉམས་ལ ེན་ལ།
ལེགས་གདམས་དམ་སྲི་དམིགས་མེད་དབྱ ིངས་སུ་བསྟིམས། །འཇམ་མགོན་བླ་མའི་མཛད་པ་ཁྱེད་ཀྱ ིས་སྐྱོང་།།
༢༨༽ མདོར་ན་སྲས་བཅས་རྒྱལ་བའི་མཁྱེན་ བརྩེ་ནུས། །གཅིག་ཏུ་སྤུངས་ལ་ཡེ་ཤེས་མཐུ་མང འ་བ།།
འཛམ་གླིང་སྐྱེ་འགྲོ་སྤྱི་དང་བོད ་འབངས་ཀུན། །ཁྱེད་ཀྱིས་བཀའ་དྲིན་སྲིད་ན་གཞལ ་ཐབས་བྲལ།།
༢༩༽ བསྟན་དང་སྟོན་པའི་རྟེན་འབྱུང་ལྟ ་བའི་གཤིས། །འཛིན་བྱེད་བྱམས་དང་སྙིང་རྗེ་སྒ ོམ་པའི་སྲོལ།།
རྒྱ་ཆེར་འཚེ་མེད་ཞི་བ་སྤྱོད་པའི ་ལམ། ། མཚོ་ལྟར་ཆོས་ཉིད་བདེན་པ་འགྲོ་ལ་ བསྟན།།
༣༠༽ མངོན་མཐོའི་དབུས་ན་ལྷ་དབང་བརྒྱ་ བྱིན་དང་། །དགུང་སྔོན་དབྱིངས་སུ་རྟ་བདུན་ད བང་པོ་བཞིན།།
བསྟན་འཛིན་སྐྱེས་བུའི་དབུས་ན་ལྷ ུན་པོ་ལྟར། །མི་འཇིགས་རྡོ་རྗེའི་ངོ་བོ་ཁྱེད ་ལ་འདུད།།
༣༡༽ བདག་སོགས་དད་གདུང་དབྱངས་ཀྱི་མཆོ ད་པ་དང་། །སྒོ་གསུམ་རབ་གུས་སོར་བཅུའི་འདབ ས་མ་རྣམས།།
སྤྱི་བོར་འགོད་པའི་བརྟུལ་ཞུགས་ལ ་གནས་ན། །མི་ཤིགས་རྡོ་རྗེའི་ངོ་བོར་རྟག་ བཞུགས་གསོལ།།
༣༢༽ གང་ལ་གསོལ་བ་འདེབས་པའི་སྐལ་ལྡན་ ཀུན། །ཚེ་རབས་ཀུན་ཏུ་ཁྱོད་ཀྱི་རྗེས་ག ཟུང་ཞིང་།།
མཁས་བཙུན་བཟང་པོའི་དཔལ་གྱིས་ལེག ས་མཛེས་པའི། །མཆོག་གི་རྣམ་ཐར་འཆང་བའི་མཐུ་ཐོ བ་ཤོག།
༣༣༽ ཤུགས་དྲག་དད་ཅིང་གདུང་བས་བདེན་ཚ ིག་དང་། །མངོན་རྟོགས་ཡིད་ལ་གོམས་པའི་ཏིང ་འཛིན་མཐུས།།
ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོའ ི་སྡེ། །ཞིང་འདིར་འགྲོ་བའི་མགོན་པོར་རྟ ག་བཞུགས་གསོལ།།
ཅེས་པ་འདི་༧གོང་ས་སྐུ་ཕྲེང་བཅུ་ བཞི་པའི་འཁྲུངས་སྐར་རྒྱས་སྤྲོས་ ཤིག་རྒྱལ་སྤྱི་བོད་བརྒྱུད་ནང་བས ྟན་མཐུན་
ཚོགས་ནས། སྤྱི་ལོ་༢༠༡༢/༧ /༦/ ཐའི་ཝན་གྱི་རྒྱལ་ས་ཐའེ་པེ་རུ་སྲུ ང་བརྩི་ཞུ་འཆར་དང་བསྟུན་། རང་གཞུང་དོན་གཅོད་ཁང་ནས། སྤྱི་ཟླ་ ༧/༠༡/ ཉིན། སྔ་བརྩི་ཞུ་འཆར་གྱི་མགྲོན་བརྡ་འབྱོར་བ ་དང་བཅས། གང་གི་ཞལ་ནས་གསུང་གི་བདུད་རྩི་ར ྟག་ཏུ་མྱང་པའི་ཞལ་སློབ་ཀྱི་གྲལ་ མཐར་གཏོགས་པ། ཤར་སྤྲུལ་དམ་ཆོས་རྒྱ་མཚོས་དད་གུ ས་དང་སྦྲགས། མཛད་རྣམ་དང་འབྲེལ་བའི་བརྟན་གསོལ ་སྨོན་ཚིག་འདི། ཐའེ་པེ་གཏེར་ཆེན་ཉི་གྲགས་ཆོས་ཚོ གས་ཀྱི་རང་ཤག་ཏུ་བྲིས་པའི་མཐུས། འགྲོ་ཁམས་འཕགས་མཆོག་ཕྱག་ན་པདྨོའ ི་རྗེས་སུ་བཟུང་བའི་རྒྱུར་གྱུར་ ཅིག། །།
༡༽ བཀྲ་ཤིས་དགེ་མཚན་འབུམ་གྱིས་རབ་འ
རྒྱལ་ཀུན་གསང་གསུམ་ནུས་པ་གཅིག་བ
༢༽ གང་གིས་འགྲོ་ལ་བྱམས་བརྩེའི་ཡོན་
ཚུར་མཐོང་ལས་ཀྱང་ཚུར་མཐོང་ཆ་ཤས་
༣༽ འཛམ་གླིང་སྤྱི་དང་བསྟན་འགྲོ་ཡོང
སྤྲུལ་སྐུ་པདྨ་འོད་འབར་གཅིག་བསྡ
༤༽ རྒྱལ་བས་ལུང་ཟིན་ཁ་བ་ཅན་གྱི་ཡུལ
བོད་རྒྱའི་ས་མཚམས་ཁྲི་ཤོར་རྒྱལ་
༥༽ བོད་ལྗོངས་ལྷ་མི་ཀུན་གྱི་དད་གསོ
བསྒྱུར་ཏེ་གྲུ་འཛིན་གཉིས་པའི་ཕོ
༦༽སྐབས་དེར་ལོག་སྨོན་བདུད་ཀྱིས་
བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ནང
༧༽ ཤར་གྱི་མཐུན་ཕྱོགས་རྒྱལ་ཁབ་གྲོག
ནུབ་ཏུ་འབུམ་ཕྲག་བཅུ་གཉིས་གཤེད་
༨༽ ནང་བསྟན་ཆུ་ཆེན་ཆེ་བཞི་བོན་དང་བ
ཆོལ་གསུམ་སྤུན་ཟླ་མཐུན་བསྒྲིལ་ར
༩༽ སུས་ཀྱང་བཟློག་ཏུ་མེད་པའི་གཉན་འ
གངས་ལྗོངས་སྐྱེ་འགྲོས་བསྐུལ་དང་
༡༠༽ རིགས་གསུམ་སེམས་དཔའི་མཁྱེན་བརྩེ
བཟང་ངན་མི་འབྱེད་དམར་ཕྱོགས་གུང་
༡༡༽ བོད་ཀྱི་སྣོད་བཅུད་སྤྱི་དང་རྒྱལ
ཡ་ང་དམྱལ་བ་མི་ཡུལ་འཕོས་པ་ལྟར། །ཉེས་མེད་གངས་ལྗོངས་བོད་ལ་དུ་ཁས
༡༢༽ སྐབས་ཤིག་སྤྱི་མཐུན་ལས་སྒྲིབ་མ་
ལས་འདི་མཐར་ཐུག་སྐྱབས་པའི་མཁྱེན
༡༣༽ མ་འོངས་སྔོན་གཟིགས་མཁྱེན་པའི་མཛ
ངོ་མཚར་རྟ་བདུན་ནུབ་ནས་ཤར་ལ་བསྐ
༡༤༽ རྒྱ་གར་བལ་ཡུལ་འབྲུག་དང་འབྲས་ལྗ
སྐུ་སྲོག་རྒྱ་དམར་ལག་ཏུ་མ་ཤོར་བ
༡༥༽ རིས་མེད་རྒྱལ་བསྟན་སྤྱི་དང་གཡུང
མངོན་མཐོ་ངེས་ལེགས་བསྒྲུབ་ལ་དགོ
༡༦༽ ཆོས་རྒྱལ་མེས་དབོན་རྣམ་གསུམ་ལེག
དམར་པོ་ཀླ་ཀློས་རྩ་མེད་མ་ཐུབ་པར
༡༧༽ བོད་ལྗོངས་རང་བཙན་སྐབས་སུའང་མ་ག
འཛམ་གླིང་ལྡིང་ཆའི་སྟེང་དུ་འགྲན
༡༨༽ ཆོས་སྲིད་ཚ་གྲང་གཅིག་ཏུ་གནས་མིན
ཆོལ་གསུམ་ཕུ་ནུ་བརྩེ་བའི་ཁྱིམ་ཚ
༡༩༽ ཐ་མལ་དུས་འདིར་ཆོས་སྲིད་ཟུང་འབྲ
མཁྱེན་རབ་ཡེ་ཤེས་རྣོན་པོའི་རལ་ག
༢༠༽ བླང་དོར་འཛོལ་བའི་སྡུག་བསྔལ་འཁོ
ཁྱེད་ལ་ཞི་བདེའི་རྟགས་མ་ཕུལ་བའི
༢༡༽ མཁྱེན་རབ་ཡེ་ཤེས་བཀའ་སློབ་ཕན་བད
ཨ་རིས་གསེར་གྱི་རྟགས་མ་ཕུལ་བའི་
༢༢༽ བཟོད་པའི་གོ་ཆ་སྙིང་རྗེའི་རྒྱན་
སྟོབས་ཆེན་རྒྱ་ནག་དངངས་སྐྲག་བཙོ
༢༣༽ ཐེག་པ་ཆེ་ཆུང་གསང་སྔགས་རྡོ་རྗེ་
མི་རིགས་དུང་ཕྱུར་གཏན་བདེའི་ལམ་
༢༤༽ ལྟ་བ་ཀ་དག་ཀློང་ཆེན་ཡངས་པའི་ངོར
སྤྱོད་པ་འཁྲུལ་ཉོན་འགྲོ་ལ་དམིགས
༢༥༽ ས་ངོར་ཚར་གསུམ་ལ་སོགས་མཁས་པའི་ཁ
འགྲོ་ཀུན་མ་རིག་ཚ་གདུང་རབ་སེལ་ཏ
༢༦༽ ཕྱག་རྒྱ་ཆེན་པོའི་དགོངས་དོན་རབ་
ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་ན
༢༧༽ སེ་འབྲས་དགའ་གསུམ་རྒྱུད་གྲྭ་སྟོ
ལེགས་གདམས་དམ་སྲི་དམིགས་མེད་དབྱ
༢༨༽ མདོར་ན་སྲས་བཅས་རྒྱལ་བའི་མཁྱེན་
འཛམ་གླིང་སྐྱེ་འགྲོ་སྤྱི་དང་བོད
༢༩༽ བསྟན་དང་སྟོན་པའི་རྟེན་འབྱུང་ལྟ
རྒྱ་ཆེར་འཚེ་མེད་ཞི་བ་སྤྱོད་པའི
༣༠༽ མངོན་མཐོའི་དབུས་ན་ལྷ་དབང་བརྒྱ་
བསྟན་འཛིན་སྐྱེས་བུའི་དབུས་ན་ལྷ
༣༡༽ བདག་སོགས་དད་གདུང་དབྱངས་ཀྱི་མཆོ
སྤྱི་བོར་འགོད་པའི་བརྟུལ་ཞུགས་ལ
༣༢༽ གང་ལ་གསོལ་བ་འདེབས་པའི་སྐལ་ལྡན་
མཁས་བཙུན་བཟང་པོའི་དཔལ་གྱིས་ལེག
༣༣༽ ཤུགས་དྲག་དད་ཅིང་གདུང་བས་བདེན་ཚ
ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོའ
ཅེས་པ་འདི་༧གོང་ས་སྐུ་ཕྲེང་བཅུ་
ཚོགས་ནས། སྤྱི་ལོ་༢༠༡༢/༧ /༦/
Subscribe to:
Post Comments (Atom)
0 comments:
Post a Comment