དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 16 March 2013

སྐུ་ཞབས་སེང་རྡོར་ལ་སྤྲིངས་དོན།

རྩོམ་པ་པོ།:ganglin སྤེལ་དུས་:2013-3-14 14:47:50


སྐུ་ཞབས་སེང་རྡོར་ལ་ཞུ་རྒྱུར།
བར་ལམ་ཁོ་བོ་བྱ་བའི་དགོས་དབང་གིས་གཅན་ཚ་སོགས་སུ་སོང་ནས་དྲ་ངོས་མྱུལ་མ་ཐུབ་པར་དུས་འགྱངས་པ་དང་།
ང་རང་གི་ཁ་པར་དུ་ཉིད་དང་ཤེས་རབ་སོགས་སྦྲེལ་མེད་པ་ཡིས་གོང་གི་སྐད་འཕྲིན་དག་མཐོང་མ་ཐུབ། ཡིན་ནས་དེ་རིང་སེང་རྡོར་དྲ་བའི་སྟེང་སྤེལ་བའི་ཟིན་རྩོམ་འདི་མཐོང་རྗེས་སྐད་ཆ་ཞིག་མི་བཤད་ཐབས་མེད་བྱུང་སོང་། དེ་ཡང་སྲིད་པ་རྒན་པོའི་ཁ་དཔེ་ལ་༼མྱི་ངན་པར་ཁ་གློངས་ན། ཞག་དགུ་ལ་གཉིད་མི་ཡོང་། ༽ཞེས་པ་བཞིན་ཁོ་བོས་དེ་སྔ་དུས་དེབ་ག་གེ་མོའི་སྟེང་སྤེལ་བའི་རྩོམ་ཡིག་དེ་སྐུ་ཉིད་ཁོང་ཁྲོ་ཟ་བའི་གཞིར་གྱུར་བ་ནས་ད་གཟོད་ཉིད་ཀྱིས་ང་ལ་སྡིགས་རྩོམ་ཞིག་བྲིས་ཡོད་པ་མཐོང་སོང་མོད། དེ་ཡང་ཁྱེད་རང་ཁོ་ནའི་སྐྱོན་དུ་མ་ངེས་པར་ཁོ་བོ་རང་ངོས་ནས་ཀྱང་ཉིད་ཀྱི་ཁོང་ཁྲོ་ལ་འགན་ཁུར་བའི་ཚུལ་གྱིས་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད། དེ་བཞིན་དུས་དེ་ག་ནས་བཟུང་སྟེ་དེ་རིང་གི་བར་དུ་ཁོ་བོས་སེང་རྡོར་སྐོར་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་ལ་བཤད་ཀྱང་མི་སྲིད།
རྒྱུ་མཚན་ཅི་ཡི་ཕྱིར་ཟེར་ན་ངས་བོད་ཀྱི་སྨྱུག་ཐོག་པ་ཞིག་དེ་ལྟར་མི་མང་གི་མདུན་སར་མདོག་ཤོར་བ་ཞིག་ཏུ་བསྒྱུར་མི་འདོད་པས་སོ། །
ཡང་སྐབས་བབ་གོང་གི་ཉིད་ཀྱི་སྐད་འཕྲིན་ལ་བཞག་ཡོད་པའི་ཚིག་རིས་དེ་དག་མཐོང་མ་ཐག་ཁོ་བོ་ཧ་ལས་ཤིང་ཧོན་ཐོར་སོང་། ངོ་མ། སེང་རྡོར་ལགས། རེ་རྐང་གླིང་ཟེར་བ་འདི་ནམ་ཡང་སྤྲེལ་ལད་འཁྲབ་མཁན་ཞིག་མིན་པ་རང་ཉིད་ལ་ངའོ་སྙམ་ནས་ཡོད་ཅིང་། བཤད་འདོད་པ་དང་སྒྲུབ་འདོད་པ་གང་ཡིན་དབང་དང་ཁ་ངོ་། རྒྱུ་དང་འབྱོར་བ་གང་ལ་མི་སྐྲག་པར་ངོར་བལྟས་ནས་བཤད་ཀྱིན་ཡོད་པ་ཁྱོད་ཀྱིས་ཀྱང་ཧ་གོ་ཡོད་ངེས། གཞན་དུ་ཁྱོད་རང་གི་ཡིད་ལ་ཤར་ཚད་འབྲི་སྤོབས་པའི་སྙིང་སྟོབས་དང་ང་རྒྱལ་དེ་ལ་དངངས་སྐྲག་ཡང་འཕེར་སོང་། གཅིག་ཏུ་ན་ཁྱེད་ཀྱིས་སྔ་ཕྱི་གང་ལ་ཡང་འདང་མི་རྒྱག་པར་གླེང་ཕྱོགས་བཟོ་མཁན་རེ་རྐང་གླིང་རེད་ཅེས་ཐག་བཅད་པ་དེས་མི་མང་པོ་ཞིག་སེང་རྡོར་གྱི་ལག་རྩལ་དང་མྱུལ་ཞིབ། བདེན་དཔང་སོགས་ལ་ཡིད་སྨོན་སྐྱེས་སྲིད་མོད། འོན་ཀྱང་རེ་རྐང་གླིང་ང་ཡིན་པས། ངས་མ་ལས་པ་དང་མ་བཤད་པ། མ་བྲིས་པ་དག་ང་ལ་ལེ་གསལ། དེ་བས་འདི་སར་ཁྱེད་དང་བཅས་པའི་རེ་རྐང་གླིང་༼འཁྲབ་སྟོན་པ༽ཞིག་ལ་བལྟ་མཁན་དག་དང་། ལྷག་པར་དུ་ང་རང་ལ་ཡིད་ཆེས་ཀྱི་སེམས་མངའ་བའི་རྒྱ་ཆེའི་ཀློག་པ་པོ་མང་པོ་ཞིག་མགོ་གཡོག་མགོ་སྐོར་འདི་འདྲའི་དབང་དུ་མི་ཐེབས་པའི་ཐབས་སུ། འདི་གར་སེང་རྡོར་གྱིས་ཁོ་བོར་སྡིགས་རྩོམ་བྲིས་པའི་དུས་དེ་ག་ནས་བཟུང་སྟེ་དེ་རིང་གི་བར་དུ་སྐད་འཕྲིན་དང་དྲ་ངོས་སོགས་སུ་སེང་རྡོར་སོགས་ལ་དམིགས་པའི་རྩོམ་ཡིག་དང་དེང་སྐབས་གླེང་ཕྱོགས་གསར་བ་ཞིག་ཆགས་ནས་ཡོད་པའི་ཆོས་ལུགས་སྐ་སྐོར་དེ་དག་ལ་ཐིག་ཕྲེང་གཅིག་བྲིས་ཡོད་ན་ཞེས་རེ་རྐང་གླིང་དཔང་ལ་བཞག་སྟེ་མནའ་བསྐྱལ་བ་ཡིན། མནའ་བསྐྱལ་བ་འདིས་འགའ་རེ་དགོད་ཁ་འཆོར་སྲིད་མོད། འདི་ཡང་ཐབས་མེད་པའི་ཐབས་དང་། མི་མང་པོ་ཞིག་གོ་བ་མི་ལོག་རྒྱུའི་ཐབས་སུ་ཡིན།

དེ་བས་སེང་རྡོར་ལགས།
ཉིད་ཀྱིས་བདེན་དཔང་སོགས་གྲ་སྒྲིག་གང་ལེགས་གྱིས་ཤིག དོན་བྱ་འདི་དྲ་ངོས་སོགས་སུ་ཁྱོད་རང་ལོབས་ནས་ཡོད་པའི་རྩེད་མོ་དེ་འདྲ་ཞིག་མ་ཡིན་པར། ངའི་ཀུན་སྤྱོད་དང་འཚོ་བ་ལ་ཉེ་བར་འབྲེལ་ནས་ཡོད་པས། ཆེད་དུ་ཁྱེད་རང་ཡོད་སར་ང་ཐེངས་གཅིག་ཡོང་ཆོག་གི་རེད་ལ། གཞན་དུ་ཁྲིམས་ངོར་གཏུགས་ཏེ་ཐག་བཅད་ཀྱང་ཆོག གང་ལྟར་དེ་རིང་ཉིད་ཀྱི་དྲ་ངོས་སྟེང་གོང་གི་ཉིད་ཀྱི་སྐད་འཕྲིན་དེ་བཀོད་པའི་ཚུན་དུ་ངས་བྱ་བ་འདི་ང་རང་གི་མི་ཚེ་ལོ་རྒྱུས་སྟེང་གི་ངོ་ཚ་ཆེན་པོ་ཞིག་དང་། མ་ཉེས་ཁ་གཡོག་གི་ཐུབ་ཚོད་ཆེན་པོ་ཞིག་ཏུ་བལྟ་རྒྱུ་ཡིན་ལ། ངས་ང་རང་ཉིད་བུ་ཕོ་ཞིག་ཏུ་སྐྱེས་ཡོད་མེད་འདི་དང་འདི་ལྟ་བུའི་གཉའ་འཇོག་དག་ལས་མངོན་དགོས་པར་བསམ་ནས་ཡོད་པས། ཁྱེད་རང་གིས་རང་སྐྱོན་ངེས་ཟིན་པའི་དུས་ཐོག་ཏུ་རྣམ་འགྱུར་ཞིག་སྟོན་རོགས།
མ་ཟད། ཁྱེད་དང་ཁྱེད་ལྟ་བུ་དག་གི་ལས་བདའ་དེས་ན་ནིངས་ནས་དགེ་ཆོས་དྲ་བར་ཁ་ཡ་མི་བྱེད་རྒྱུ། དྲ་བའི་འགན་འཛིན་པ་བྱང་སྒྲ་སྙན་ལགས་ལ་བཤད་དེ་ཐག་བཅད་ཡོད་པས། ད་ནས་བཟུང་དགེ་ཆོས་སོགས་ཁ་ལ་འཁྱེར་ཡོང་སྟེ་ཅིག་ལབ་ཀིན་མ་འདུག དོན་གཞན་རྣམས་ང་ཟི་ལིང་ལ་ཐོན་རྗེས་ངོ་ཐུགས་ནས་བཤད།
palwe
སེང་རྡོར་ཟེར་བ་ཞིག་ལ་ཕུལ་བ།

ཉེ་སྔོན་ནས་བཟུང་སྟེ་རྩོམ་པ་པོའི་མིང་གསལ་མི་གསལ་མང་པོ་ཞིག་གིས་སྐད་འཕྲིན་དང་དགེ་ཆོས་དྲ་བ་སོགས་ཀྱི་སྟེང་སེང་རྡོར་ཟེར་བ་དེ་ཡི་ཤུ་བ་ཡིན་ཚུལ་སོགས་ལས་འཕྲོས་ཏེ་ཧ་ལས་པའི་གསང་བ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་སྒོས་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་བྱུང་ལ།གནས་ཚུལ་དེ་ལས་འཕྲོས་པའི་གླེང་སློང་ཡང་མི་ཉུང་བ་ཞིག་བཟོས་ཡོད་འདུག གནས་ཚུལ་དེ་ནི་རླུང་ནག་འཚུབ་མ་ཞིག་དང་འདྲ་བར་གཡུགས་ཐེངས་གཅིག་གིས་གཡོ་སྒྱུ་ལ་བརྟེན་ནས་རྙེད་པའི་སེང་རྡོར་གྱི་བདེ་བ་དང་རྨི་ལམ་ཕྲན་བུ་དེ་ཡང་ཡོངས་སུ་མེད་བརླག་ཏུ་བཏང་ཟིན་པ་འདྲ་ལ། གཟུགས་མེད་ཀྱི་སྤུ་གྲི་ཞིག་དང་མཚུངས་པར་ཁོའི་སྙིང་འགོར་ཡང་ཡང་གཙགས་ཏེ་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་ཚོད། དེ་ཡང་ཁག་མི་འདུག་སྟེ། ཁོས་ད་བར་དུ་རང་གིས་མི་ལས་དགུ་ལས་བྱས་མྱོང་བའི་གནས་ཚུལ་དག་གསང་རྒྱ་དམ་པོ་བྱས་ཏེ་དཀའ་ལས་མང་པོ་མྱངས་པའི་ནོར་བུ་དེ་གློ་རྡེག་ལ་བོད་མི་དག་གི་རྣ་དང་མིག་ལམ་དུ་མངོན་པས་འཚུབ་ཆ་ལང་ངེས་རེད་ལ། སུ་ཞིག་གིས་གསང་བ་དག་བརྟོལ་མི་ཡོང་ངམ་སྙམ་པའི་ཐེ་ཚོམ་དང་ཞེད་སྣང་དེས་མནར་གཅོད་ཇི་འདྲའི་མང་པོ་ཞིག་བཏང་དང་གཏོང་བཞིན་པ་ནི་བཟོད་ནུས་པ་ཞིག་མ་ཡིན་པའི་ཁར། སྟབས་མ་ལེགས་པར་རྒྱ་མཚོའི་ཕར་ཚུར་གཉིས་ཀྱི་བར་སྣང་དུ་འབྲུག་སྒྲ་བཞིན་གྲགས་པས་ཁོར་ཅི་བཤད་འདི་བཤད་མེད་པར་རང་ཉིད་དཀར་པོ་དང་རེ་རྐང་གླིང་དང་ངེད་གཉིས་ནག་པོ་བཟོ་འདོད་ཀྱི་ཧམ་སེམས་དྲག་པོས་ཉེས་པ་ཡོད་ཚད་ངེད་གཉིས་ཀྱི་མགོར་འཕེན་པ་ནི་བྱིས་པའི་འཁྲབ་སྟོན་ཞིག་ཏུ་ངེས་པས་ཁ་ཡ་བྱེད་དོན་མེད་མོད། བདེན་པ་འདི་ངོ་མ་སྤྲད་ན་ལ་ལར་གོ་ནོར་ཐེབས་པ་སོགས་མི་འགྲིག་ས་ཡང་ཡོད་ངེས་པས་ཡི་གེ་འདི་དག་གཏག་དགོས་བྱུང་། སེང་རྡོར་གྱིས་རེ་རྐང་གླིང་ལ་ཁྱོད་ཀྱིས་འབྲི་རྩལ་ཐད་ནས་ངའི་དོ་ཟླ་མི་ཡོང་མདོག་མདོག་གི་སྐད་ཆ་སྐྱིད་པོ་བཤད་པར་བལྟས་ན། སེང་རྡོར་ནི་མཁས་ཆེན་ཞིག་དང་རྐང་གླིང་ནི་ཡིག་ངོ་ཙམ་ཡང་མི་ཆོད་པའི་བྱིས་པ་ཞིག་ལོས་ཡིན་སྙམ་པ་རེ་བྲིས་འདུག་པས་སེམས་གཏིང་ནས་དགོད་རྒྱུ་ཞིག་ཐོན་མོད། རང་ངོ་མི་ཟིན་པའི་མི་ཞིག་ལ་བདེན་པ་བརྡར་རྒྱུ་ནི་གླེན་རྟགས་རང་ཡིན་པས་ཅང་མི་བཤད། སེང་རྡོར་གྱིས་བཤད་ན། རེབ་འདིའི་གླེང་སློང་བཟོ་མཁན་ང་དང་རྐང་གླིང་གཉིས་ཡིན་ཚུལ་བཤད་པར་བལྟས་ན། བརྙན་འཕྲིན་ཁང་གཞན་ཞིག་གི་ཀུན་གླེང་ལེ་ཚན་ནང་བགྲོ་གླེང་བྱེད་མཁན་ནི་ངེད་གཉིས་ཡིན་པ་འདྲ་ལ། དབྱིན་ཡུལ་གྱི་ཚགས་པར་སོགས་ཀྱི་སྟེང་དབྱིན་ཡིག་གིས་སྤེལ་བའི་གནས་ཚུལ་དེ་དང་། བོང་རྫིའི་ལྗིད་ཁོག་ཅན་གྱི་རྩོམ་ཡིག་སོགས་ཀྱང་ངེད་གཉིས་ཡིན་པ་འདྲ་བས་ཐག་བཅད་པ་ཅུང་སྔ་སོང་བ་མ་རེད་དམ། བརྒྱུད་འགོད་བྱས་པ་ཙམ་གྱིས་ཉེས་པ་དེ་འཁུར་དགོས་ན་མདང་ཁ་པར་བརྒྱུད་ནས་བཤད་པ་ལྟར་གླེང་ས་ཞིག་ནས་རེ་རེ་བཞིན་གླེང་ཤིང་བརྡར་ཏེ་ཐག་བཅད་ཆོག། དེ་མིན་བདག་གིས་འཛམ་གླིང་མཁས་པ་ཞེས་པའི་མིང་སྤྱད་དེ་བོང་རྫིར་དཔྱད་ལན་འབྲི་རེས་བྱས་པ་དེ་ནི་ཇི་འདྲའི་མ་རུང་བའི་ལས་ཤིག་ཡིན་པ་ལྟར་གླེང་སྟེ་རང་གི་བྱས་ཉེས་སྒྲིབ་བྱེད་དུ་གླེང་བ་ནི་ཨུ་ཐུག་པའི་བགྱི་བ་རང་ཡིན་པས་བདག་ལ་མི་གནོད་ལ། དེ་དག་ཉར་ཚགས་བྱས་ཡོད་ན་ཕྱིར་མངོན་དང་ཕན་ཚུན་བསྡུར་ནས་བལྟའོ། དེ་དུས་ང་ལ་ཉེས་འགེལ་བྱས་ཡོད་པ་དག་རེ་རེ་བཞིན་བརྟོལ་འོང་དུས། འགྱོད་བཤགས་ཙམ་གྱིས་མི་ཆོག་པའི་གནད་ཀའང་ཤེས་དགོས་སོ། དཔྱད་མཆན་སྐོར་གླེང་དགོས་ན། ཧི་ཟིན་སྟེང་ཁྱེད་ཀྱིས་འཁྲབ་སྟོན་བྱས་པ་དག་ཀྱང་གླེང་དགོས་པས་ལྟད་མོ་ངོ་མ་བོ་རྗེས་ན་ཡོད། ཁོ་བོས་ཁ་སང་ཕྱི་དྲོ་བར་དུ་ཉིད་ཀྱི་ཡི་གེ་དེ་དག་མ་མཐོང་ལ། དེ་ཡང་གྲོགས་པོ་ཞིག་གིས་དེ་ལྟ་བུ་ཞིག་བྲིས་འདུག་ཅེས་བཤད་མེད་ན་ངས་དེ་རིང་ཡང་མཐོང་ཡོད་རྒྱུ་མ་རེད། ངས་དེ་ལྟ་བུ་ཞིག་བྲི་རྒྱུ་ཡིན་ཚུལ་བཤད་དུས། བདག་གི་གྲོགས་པོ་མང་པོ་ཞིག་གིས་མི་ཆོ་མེད་འདིའི་རིགས་ཀྱི་ཁ་སློང་ནས་ཅི་བྱེད་ཟེར་བྱུང་། གང་ལྟར་གནས་ཚུལ་འདིའི་རིགས་ནི་སྐད་ཆ་བཤད་ནས་ཚར་རྒྱུ་ཡོད་པ་ཞིག་དང་། བྲིས་ཏེ་ཐག་བཅད་ཆོག་པ་ཞིག་ནི་མ་ཡིན་པས་ཐུག་ས་ནས་ཐུག་སྟེ་གླེང་ས་ནས་གླེང་ཆོག་པ་ཡིན། ཤེས་དགོས་པ་ཞིག་ལ། ཁྱེད་ཀྱིས་མགོ་ལོག་པ་འཇིགས་བྱེད་ཚེ་རིང་ལ་བརྙས་བཅོས་བྱེད་པ་བཞིན་ང་དང་རྐང་གླིང་གཉིས་ལའང་དེ་ལྟར་བྱེད་བསམ་པ་ནི་ནོར་བ་ཚབས་ཆེན་རང་ཡིན་པས་ཤེས་དགོས་སོ།

བདག་གིས་ཁྱེད་ལ་ཕོག་ཐུག་བཟོས་པས་ང་རང་འདུག་ས་འགྲོ་ས་མེད་པ་ལྟ་བུའི་གནས་སུ་གྱུར་བ་དང་།ཐབས་ཟད་དེ་སེང་དྲ་ལས་བུད་པ་འདྲ་ཞིག་བཤད་ཁུལ་བགྱིས་འདུག་མོད། ཉིད་ཀྱིས་ལོ་སྔོན་མ་ཞིག་ལ་ཅིག་ཅིག་ཅིག་རྒྱང་དུ་སྤྱུག་ཚུལ་དང་། ཉིག་ཉིག་ཉིག་ལ་ཟླ་གནང་སྟེར་ཚུལ་སོགས་བཤད་པ་ལྟར་ང་ཡང་རྒྱང་དུ་སྤྱུག་པ་ཡིན་ཚུལ་མི་བཤད་པའི་ངེས་པ་མེད་སྙམ་ནས། སེང་དྲའི་སྟེང་གསལ་བརྡ་དེ་སྤེལ་བ་ཡིན་ལ། ཉིད་ཀྱིས་བསུབ་མ་ཐག་མཚོ་སྔོན་པོའི་ཟིན་བྲིས་སྟེང་སྤེལ་བ་ཡིན་པས་ཉིད་ཀྱི་སྐད་ཆའི་ཕུགས་བརྟོལ་ཡོད་པ་མ་རེད་དམ།







གསལ་བཤད། སྤྱིར་སློབ་སྦྱོང་བྱེད་མཁན་ཞིག་ལ་མཚོན་ན་ཕན་ཚུན་དབར་སྡིགས་རེས་དམོད་རེས་བྱེད་པ་ནི་ཆེས་མི་ལེགས་པ་ཞིག་ཡིན་མོད། རྐྱེན་དབང་གིས་སྐད་ཆ་འདི་མི་བཤད་ཐུ་མེད་དུ་གྱུར་བས་རྣམ་པ་ཚོར་དགོངས་དག་ཞུའོ།
སེང་རྡོར་གྱི་དམིགས་འབེན་སྙན་གྲགས་རེད།


སེང་རྡོར་ཟེར་བའི་མི་འདི་ནི་རང་ཉིད་ཀྱིས་ཅི་ཡང་མི་ཤེས་ནའང་གཞན་ལ་དགག་པ་རྒྱག་པར་ནམ་ཡང་འུར་ཆེན་པོ་ལངས་ཡོད་པའི་མི་ཞིག་རེད་ལྷག་པར་དུ་བོད་སྤྱི་ཚོགས་སྟེང་དུ་ཤེས་ཡོན་པའི་གོ་གནས་ངེས་ཅན་བཟུང་ཡོད་པའི་སྐྱ་སེར་སུ་ཡིན་ཡང་ཁོའི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད།བདག་གིས་ཁོ་ལ་རྒྱུས་ལོན་བྱས་པ་ཡིན་མོད་ཁོ་ནི་རིག་གཞུང་གི་རྒྱབ་རྟེན་ཏོག་ཙམ་ལས་མེད་པའི་མི་ཞིག་རེད་ཡིན་ནའང་ཁོས་རང་ཉིད་ལ་མི་རན་པའི་ཤེས་ཡོན་པ་རྒན་གྲས་དག་ལ་གནས་ལུགས་ཅི་ཡང་མེད་ནའང་དགག་པ་རྒྱག་ཁུལ་བྱེད་ཀྱིན་ཡོད་མོད་དེ་ལའང་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པ་ཞིག་གཏན་ནས་མ་རེད །ཁོས་རང་ཉིད་ཀྱི་ཡོན་ཏན་ལ་སྐྱབས་བཅོལ་ནས་རང་ཉིད་ཀྱི་སྙན་གྲགས་གསོ་བ་ནི་སྲིན་བུ་མེ་འཁྱེར་གྱིས་ཉི་མའི་ཁྲོད་ན་རང་ཉིད་ཀྱི་འོད་ལ་ནུས་པ་ཡོད་ཚུལ་གྱི་ང་རྒྱལ་མངོན་པ་ལྟ་བུར་སོང་ཡོད་པ་ཤེས་ནས་མཐོ་གྲས་དག་ལ་སྐད་ཆ་འགའ་བཤད་ནས་རང་ཉིད་ཀྱི་སྙན་གྲགས་གསོ་སྐྱོང་བྱེད་པའི་ཁེ་ལས་གཉེར་བ་རེད།བདག་གིས་འདི་ལྟར་བཤད་པ་ནི་སེང་རྡོར་ཟེར་བའི་མི་དེ་ལ་བཟུང་བའི་ཕྱོགས་ལྷུང་གི་སྐད་ཆ་ཙམ་མིན།ཁོའི་སོ་སྐྱེས་སྐད་སྒྲ་ཞེས་པ་དེ་ལ་ཞིབ་མོར་བལྟས་ཚེ་ཤེས་ཐུབ།དཔེར་ན་ཚུལ་ཁྲིམས་བློ་གྲོས་ཀྱི་མགོ་ཞེས་པའི་རྩོམ་དེ་ལྟ་བུའི་སྟེང་ནས་ཀྱང་ཤེས་ཐུབ་རྩོམ་ཡིག་དེའི་ནང་དུ་ཚུལ་ཁྲིམས་བློ་གྲོས་ལ་མེ་བཙའ་ཤ་ལ་འབབ་པའི་སྐད་ཆ་ཅི་ཡང་བཤད་མེད་་ནའང་ཀློག་པ་པོ་ཞིག་གིས་མཐོང་མ་ཐག་ཚུལ་ཁྲིམས་བློ་གྲོས་ཀྱང་དགག་ཡོད་ཀི་སྙམ་པའི་བསམ་བློ་ཞིག་ངང་གིས་སྐྱེས་སུ་འཇུག་སྲིད་པ་ལྟ་བུ་དང་།ད་དུང་མཁས་དབང་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་སྐོར་གྱི་རྩོམ་ཡིག་དེའི་ནང་དུ་མཁས་དབང་དགེ་ཆོས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་ཀླུ་སྒྲུབ་དགོངས་རྒྱན་གླེང་དགོས་མོད་ད་སྔ་ཡན་ལ་སུས་ཀྱང་བྲིས་མེད་ཅེས་དགེ་ཆོས་ལ་ཞིབ་འཇུག་བྱེད་མཁན་ཚོ་རེ་རེའི་མིང་ཙམ་བྲིས་ཡོད་མོད། ཁོ་རང་ཉིད་ཀྱིས་གླེང་དགོས་པ་དང་འབྲི་དགོས་པའི་གནད་དང་འཕྲད་ཚེ་ཅི་ཡང་མ་ཤོད་པར་ལྐུག་པའི་རྣམ་འགྱུར་བཟུང་ཡོད་ལ་འདི་དང་འདི་ལྟ་བུའི་རིགས་ལ་མཁས་དབང་དགེ་ཆོས་ཀྱིས་ཀྱང་། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་བ།།དེ་ལྟར་མཁས་པའི་ལྗགས་ནི་ལྐུག་གྱུར་ཏེ།།རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན།།སྨྲ་བསམ་བརྗོད་པའི་ཡིད་ལས་འདས་པར་བཤད།།ཅེས་གསུངས་ནི་རེད།དཔེར་ན་ཁོས། ཆུ་སྐྱེས་བསམ་གཏན་སོགས་ཀྱིས་ནི<<ཀླུ་སྒྲུབ་དགོངས་རྒྱན>>གྱི་སྐད་ཆ་མང་བོ་ཅི་བྱུང་འདི་བྱུང་གིས་དྲངས་ཏེ་ཅི་ཞིག་ཤོད་སོང་བ་ལྟ་བུའི་རྫིག་ཉམས་སྟོན་ཞིང་ཐ་ཚིག་སྒྲོག་མོད།རིག་པས་དཔྱད་ན་ལུང་གི་དགོངས་དོན་དང་ལུང་དྲངས་མཁན་གྱི་ཞེ་འདོད་གཉིས་པོ་རྦད་དེ་ལྡོག་འགལ་དུ་སོང་ཞིང་ཀ་རའི་བདེན་དཔང་ལ་གཅིན་པ་ཁྱེར་བ་བཞིན་དུ་ཕྱི་ནང་ཕན་ཚུན་ངོ་འཕྲོད་ཀྱིན་མེད་པ་དང་།ཞེས་པ་ལྟ་བུའི་སྐད་ཆ་སྦོམ་པོ་རེ་བཤད་ཡོད་མོད་ཁོ་རང་ཉིད་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་སྟེང་གི་རྩོད་པའི་གཞི་དེའང་འདི་རེད་ཅེས་བཤད་མི་ཐུབ་པ་རྩོམ་འདིའི་སྟེང་ནས་ཧ་གོ་བ་རེད།ཡིན་ནའང་ཁོས་ཀླུ་སྒྲུབ་དགོངས་རྒྱན་གྱི་རྒྱུ་མ་འདི་རེད་ཅེས་ཧ་གོ་ཡོད་མདོག་གི་སྐད་ཆ་བཤད་ཡོད་མོད།དེ་ནི་ཁོས་རང་ཉིད་ལ་བཟུང་བའི་ཡིད་ཆེས་ཙམ་དང་སྙན་གྲགས་ཀྱི་ཆེད་དུ་དགག་པ་རྒྱག་དགོས་པའི་རྩོམ་ཡིག་ཁྲལ་འཇོག་མ་ཞིག་ཡིན་པ་ལས་འོ་དཀྲུགས་འབྲས་བུའི་མར་ལོ་འདི་རེད་ཅེས་སྟོན་རྒྱུ་ཡོད་ནི་མ་རེད།འདི་ནས་ངས་ཆེད་དུ་སེང་རྡོར་ལ་དྲི་བ་ཞིག་འདྲི།ཆུ་སྐྱེས་བསམ་གཏན་སོགས་ཀྱི་མི་སུ་ཞིག་གིས་སྐབས་གང་ཞིག་ནས་མཁས་དབང་དགེ་ཆོས་ཀྱི་ལུང་དོན་གང་ཞིག་མ་གོ་བར་ཞེ་འདོད་རྒྱབ་འགལ་དུ་སོང་ཡོད་པའི་ཚུལ་དྲ་སྟེང་གི་གྲོགས་པོ་དཔྱོད་མིག་ཅན་དག་ལ་འདི་རེད་ཅེས་འགོད་རྒྱུ་མ་བྱུང་ན་ཁྱོད་ནི་ཁ་བདེ་ལྕེ་བདེ་ཡི་མི་གཡོ་སྒྱུ་ཅན་ཞིག་ཡིན་པ་ར་སྤྲོད་བྱས་པ་ཡིན།

ཤར་ཙོང་ཁ་བ་ཡིན་ནའང་འདྲ་ཁོང་གི་བཞེད་པ་ལ་ལྡོག་ཕྱོགས་ནས་གོ་བ་ལེན་མཁན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་ནའང་ཆོག་མི་སུ་དང་གང་ཡིན་ཡང་རང་གི་འདོད་ཚུལ་དེ་འཐད་ལྡན་ཞིག་དང་། ཡང་དག་ཅིག་རྨ་མེད་ཅིག་ཡིན་པར་ལུང་རིག་དཔེ་གསུམ་གྱི་སྒོ་ནས་བསྒྲུབ་པ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་མཐོང་།སེང་རྡོར་ཁྱེད་ལྟ་བུ་ལ་མཚོན་ནའང་རྩོམ་ཡིག་འགའ་བྲིས་པ་ནས་བཟུང་སྔོན་ཆད་སུས་ཀྱང་མ་བཤད་པ་དང་།མ་ཤོད་པ།མ་ཤེས་པ་ཚང་མ་བདག་གིས་བཤད་ཡོད་ཅེས་དྲ་དཔེ་གཉིས་ཀྱི་སྟེང་ན་འུར་རྒྱག་གིན་ཡོད་པ་ལྟ་བུ་རེད།ད་དུང་གོ་ཐོས་ལྟར་ན་ཁྱེད་ཀྱིས་ད་སྔ་ཡན་ལ་ཁོའི་སྙན་ངག་གི་རྩོམ་རྩལ་ལ་འགྲན་ནུས་པ་མ་བྱུང་ཚུལ་ལབ་ཀྱིན་ཡོད་ཟེར།སྐད་ཆ་དེ་བདེན་པ་ཡིན་ན་ཁྱེད་ཀྱིས་འུར་རྒྱག་རྒྱུ་ཧ་ཅང་ཐལ་ཆེ་སོང་འདོད་ཀི།དུས་རབས་འདིའི་རྩོམ་རིག་གི་གར་སྟེགས་སྟེང་དུ་ཁྱེད་ཀྱིས་གོ་གནས་ག་འདྲ་ཞིག་ཟིན་ཡོད་པའི་ཚུལ་ལ་ལག་པ་བྲང་ཁར་བཞག་ནས་འདང་ཞིག་རྒྱོབ་ར་རང་ཉིད་ནི་མཁའ་ལམ་མ་བཅད་པའི་བྱ་ཚང་ནང་གི་བྱེའུ་ཕྲུག་ལྟ་བུ་ཡིན་པ་ཅི་ལ་མི་ཤེས།བལྟ་རྒྱ་དང་ཐོས་རྒྱ་མེད་པའི་རང་རློམ་ཅན་གྱི་སེང་རྡོར་ཁྱེད་ཀྱིས་ཐ་སྙད་དུའང་ཚད་མས་མ་གྲུབ་པར་བཤད་པའི་མཁས་དབང་དགེ་ཆོས་ཀྱི་སྐད་ཆ་དེ་ནི་སྔོན་ཆད་སུས་ཀྱང་མ་བཤད་པ་དང་།མ་ཤོད་པ་ཞིག་ཡིན་པར་བཤད་ཀྱིན་ཡོད་མོད་དེ་ནི་བོད་སྔ་རབ་པ་དག་གི་འདོད་ཚུལ་མཐར་ཐུག་པ་ཡིན་ནི་རེད།གནའ་དེང་གི་རྩོད་པ་བྱེད་མཁན་གྱི་མི་སུ་ཡིན་ཡང་རང་རང་གི་འདོད་ཚུལ་དེ་ཤྰཀྱ་ཐུབ་པའི་དགོངས་པ་ཡིན་པར་བཤད་ནི་རེད།ད་དུང་ཁྱེད་ཀྱིས་མཁས་དབང་དགེ་ཆོས་ཀྱི་འདོད་ཚུལ་དེ་ནི་རྒྱ་ནག་ཧ་ཤང་གི་རིག་པ་དང་ཆ་འདྲ་ལ་ཇོ་ནང་གཞན་སྟོང་གི་ལྟ་བ་དང་བབས་གཅིག་པ་རེད་ཅེས་ཡོད་མོད།དེ་ནི་ཁྱེད་ཀྱིས་ཧ་ཤིང་གི་ལྟ་བ་དང་ཇོ་ནང་བའི་གཞན་སྟོང་ཞེས་པའི་དོན་ཅུང་ཙམ་ཡང་མ་གོ་བའི་རྐྱེན་ཡིན་རྒྱུ་རེད་སྙམ།མཁས་དབང་དགེ་ཆོས་ཀྱི་འདོད་ཚུལ་ནི་དེ་གཉིས་དང་རྦད་དེ་ཁ་ཁ་རེད།ཡོད་པར་ཡང་དཔྱད་པ་མི་གཏོང་མེད་པར་ཡང་དཔྱད་པ་མི་གཏོང་བར་ཅི་ཡང་ཡིད་ལ་མི་བྱེད་པ་སྟེ་ཡིད་ལ་ཅི་ཡང་མི་དྲན་པར་འདུག་པ་ཞིག་ནི་ཧ་ཤིང་གི་ལྟ་བ་ཡིན་ལ་མཁས་དབང་དགེ་ཆོས་ཀྱིས་ཡོད་མེད་ལ་དཔྱད་པ་བཏངས་ནས་མཐར་ཐུག་གི་རྙེད་དོན་ཞིག་ཡོད་མེད་རྩོད་ཀྱིན་ཡོད་པས་དེ་གཉིས་ལ་འདྲ་བའི་ཆ་ཅི་ཡང་ཡོད་ནི་མ་རེད།དོན་ངོ་མས་བཤད་ན་ཁྱེད་ཀྱི་རྩོམ་ཡིག་མང་ཆེ་བ་ཞིག་མདོག་ཡག་སྤུས་ལེགས་ཀྱི་གོས་ཆེན་མང་པོས་བཏུམས་ཡོད་པའི་ཤིང་གཏུམ་ཁོག་རུལ་ཞིག་དང་གཅིག་མཚུངས་རེད།ཚིག་རྒྱན་གྱི་སྤྲས་ཤོམ་རྒྱག་ཅི་ཐུབ་བྱེད་པ་ལས་རྩོམ་ཡིག་གི་ནང་སྙིང་ཅི་ཡང་ལེན་རྒྱུ་མེད་ཀིཀླུ་སྒྲུབ་དགོངས་རྒྱན་ནི་ཁྱེད་ལྟ་བུའི་གྲུབ་མཐའི་སྤྱི་ཁོག་ལ་བྱང་ཆ་མེད་ཅིང་ཟླ་གྲགས་ལྟ་དགོངས་ཀྱི་ཁ་ཕྱོགས་མི་ཤེས་པ་ཞིག་གི་རང་རློམ་ང་རྒྱལ་གྱིས་སོ་ཐོབ་པ་ཞིག་གཏན་ནས་མ་རེད།ད་དུང་ཁྱེད་ཀྱིས་མཁས་དབང་དགེ་ཆོས་ཀྱི་ཟབ་མོ་སྟོང་བ་ཉིད་ལ་དཔྱད་པའི་ཀླུ་སྒྲུབ་དགོངས་རྒྱན་གྱི་དོན་ལ་དཔྱད་པ་གཏོང་བ་ཕར་ཟད་ཚིག་གི་ངོ་གདོང་ཙམ་པོའི་དོན་ཡང་ཁྱོན་ནས་ཤེས་ཀྱི་མེད།མཁས་དབང་དགེ་ཆོས་ཀྱི་འདོད་ཚུལ་དང་ཁྱེད་ཀྱི་བཤད་ཚུལ་གཉིས་ནི་གནམ་ས་ལྟ་བུར་སོང་ཡོད་པས་གཏན་ནས་མི་འདྲ།ཁ་དཔེར།བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས་སྨད་ཤེས་པ་ཞིག་གིས་སྨད་ན་དགའ་ཟེར་བ་ཅིས་མ་བདེན།དཔེར་ན་ཁོས།<<ཀླུ་སྒྲུབ་དགོངས་རྒྱན>>ཁས་བླངས་ཉིན་ནས་བཟུང་།སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི།།སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མི་རུང་།།ཞེས་པ་ལྟར།རྣམ་ཤེས་དང་དག་ཞིང་།སངས་རྒྱས་དང་ལས་དབང་སོགས་ཀྱང་གེ་སར་ལྷ་སྒྲུང་ངམ་རིག་བྱེད་གཏམ་རྒྱུད་འདྲ་བ་ཞིག་ཏུ་ངང་གིས་གྲུབ་ཚར་ལ།ཞེས་ཞྭ་དཔེ་ལྷམ་སྦྱར་གྱི་སྐད་ཆ་ཞིག་བྱུང་རྒྱལ་དུ་ལབ་ཀྱིན་ཡོད།ཁྱེད་ཀྱི་སྐད་ཆ་འདི་ནི་ཚྭ་ཁུ་མེད་པའི་སྒྲུབ་བྱེད་དུ་ཀ་ར་མེད་པར་བཤད་པ་དང་གཉིས་སུ་མེད་དེ།མཁས་དབང་དགེ་ཆོས་ཀྱིས་གངས་ཀྱི་སེང་གེ་ཟེར་བ་ཞིག་དང་གེ་སར་རྒྱལ་པོ་ཟེར་བ་ཞིག་མེད་པར་བཤད་པ་དེས།རྣམ་ཤེས་དང་།དག་ཞིང་།སངས་རྒྱས།ལས་དབང་སོགས་ཡོད་པར་བཤད་པ་་ལྷ་སྒྲུང་ལྟ་བུ་ཞིག་ཏུ་ཅི་ལྟར་བསྒྲུབ་པ་རེད།དགེ་ཆོས་ཀྱིས་གསུང་རྩོམ་གང་གི་ནང་དུའང་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་མེད་པར་གསུང་ཡོད་པ་མ་རེད།དགེ་ཆོས་ཀྱིས་མ་བཤད་པ་ཞིག་ལ་ཚིག་བསྐོར་དང་འགྲེལ་ལོག་ཅི་རིགས་རྒྱབ་སྟེ་བསྙོན་འཛུགས་བྱེད་པ་ནི་ཁ་ནས་དཔའ་སྐད་འཐེན་པའི་སྐྱེ་བུ་སྡར་མ་ཞིག་གིས་གཡུལ་སར་དཔུང་རོག་འཚོལ་བ་དང་ཅིའི་ཕྱིར་མི་གཅིགཁྱེད་ཀྱི་བཤད་ཚུལ་དེ་ནི་དགེ་ཆོས་ཀྱིས་ལྷ་མེད་ཀི་ཞེས་བཤད་ཡོད་གི་མི་ཡང་ཡོད་ཀྱི་མ་རེད་ཅེས་བཤད་པ་ལྟ་བུ་ཡིན་པས་ངོ་མ་དགོད་བྲོ་བ་ཞིག་རེད།མཁས་དབང་དགེ་ཆོས་ཀྱིས་སངས་རྒྱས་ཟེར་བ་ནི་གོས་སེར་པོ་ཞིག་གིས་བཏུམས་ཡོད་པའི་བཤམས་སྐུ་འདྲ་བ་ཞིག་ཡིན་པར་འདོད་ནི་མ་རེད།མིའི་རྒྱུད་ཀྱི་ཤེས་རབ་ཀྱི་ངོ་བོ་གོང་འཕེལ་དུ་སོང་བ་དང་བསྟུན་ནས་ཚད་ངེས་ཅན་ཞིག་ལ་ཐོན་དུས་ཀྱི་སྐབས་སུ་སྦྱར་བའི་བཏགས་མིང་ཞིག་ཡིན་པར་ཁས་ལེན་ནི་རེད།དེ་ཡོད་པར་ཡང་ཁས་ལེན་ནི་རེད།སྟོན་པ་ཤྰཀྱ་ཐུབ་པའང་རྒྱལ་སྲས་གཞོན་ནུ་དོན་གྲུབ་ནས་སངས་རྒྱས་ཤྰཀྱ་ཐུབ་པར་གྱུར་བ་དང་།བློ་བཟང་གྲགས་པའང་ཤར་ཙོང་ཁ་བའམ་རྗེ་རིན་པོ་ཆེར་གྱུར་བ་ནི་ནམ་ཡང་དོན་དངོས་དང་བདེནདོན་ཡིན་ནི་རེད།དེ་བཞིན་དུ་ལས་རྒྱུ་འབྲས་ཟེར་བ་ཡང་ཁྱེད་ཀྱིས་འདོད་པ་ལྟར་གྱི་མིག་ལ་མི་མཛེས་པ་དང་།རྣ་བར་མི་སྙན་པ།སྤྱི་ཚོགས་དང་སེམས་ཅན་གྱི་རིགས་ལ་གནོད་འཚེ་གཏོང་བྱེད་ཀྱི་འགལ་རྫས་ལྟ་བུ་ཞིག་མ་ཡིན་པར་མིའི་རིགས་ལ་མི་ཚེའི་ཁ་ཕྱོགས་སྟོན་པའི་གཟུགས་མེད་ཀྱི་རྗེ་བོ་ཞིག་ཡིན་ནི་རེད།འཇིག་རྟེན་ན་བཟང་ངན་དང་།ཡག་རྩོགམཐོ་དམའ།བཙན་གཉོམ་སོགས་རིམ་པ་མི་འདྲ་བ་མང་པོ་ཞིག་ཡོད་པ་དེའི་དབང་གིས་དགའ་སྐྱོ་ཆགས་སྡང་གི་ཚོར་བའང་མང་པོ་མང་པོ་ཞིག་འབྱུང་གི་ཡོད་ནི་རེད་ཚོར་བ་དེའི་དབང་གིས་ཁྱོད་ཤི་ང་གསོན་སོགས་ཀྱི་གཡུལ་བཤམས་ཀྱི་ཡོད་པས།ལས་རྒྱུ་འབྲས་ཟེར་བ་ནི་དེ་དག་གི་ལེགས་ཉེས་དང་བཟང་ངན་སོགས་ལ་དབྱེ་བ་འབྱེད་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་ཡིན་ནི་རེད།རག་བཤད་བྱས་ན་མ་དང་དེའི་བུ།ས་བོན་དང་དེའི་འབྲས་བུ།ཁ་སང་བཏུས་པའི་བུད་ཤིང་དང་དེ་རིང་གི་གོ་ཁ་དྲོན་པོ།

འདས་ཟིན་པའི་སློབ་སྦྱོང་དང་ད་ལྟའི་རྩོམ་རྩལ།འཛོམས་ཡོད་པའི་ལོངས་སྤྱོད་དང་རོལ་བཞིན་པའི་འཚོ་བ།ཁ་སང་མི་བསད་པ་དང་དེ་རིང་བཙོན་དུ་བཅུག་པ།འདི་དག་ཐམས་ཅད་ཀྱི་མིང་ལ་རྒྱུ་འབྲས་ཟེར་ལ་དོན་ནི་གནས་ལུགས་ཤིག་རེད།གཞན་ལ་གནས་ལུགས་བཤད་མཁན་གྱི་སེང་རྡོར་ཁ་བདེ་བོ་ཁྱེད་ཀྱིས་གནས་ལུགས་ལ་ཡིད་ཆེས་ཡོད་ཟེར་རྒྱུ་རེད་པྰ།གནས་ལུགས་ཟེར་བ་ནི་ཁ་ནས་བཤད་རྒྱུ་ཙམ་ཞིག་མ་ཡིན་པར་འཚོ་བ་དང་བྱ་བའི་ཁྲོད་དུ་རང་ཉིད་ནས་འགོ་རྩམས་ཏེ་ལག་ལེན་བྱེད་དགོས་པའི་ལས་དོན་ཞིག་རེད།ལག་ལེན་མེད་པའི་གནས་ལུགས་མཁན་པོ་ནི་ང་ཚོའི་མི་རིགས་འདིར་སྟོང་ཕྲག་མང་པོ་ཡོད་ཀྱང་རྡོ་ཐོག་ལ་ཆུ་ཕྱར་བ་བཞིན་དུ་ཤུལ་བཞག་གི་གྲུབ་འབྲས་འདི་རེད་ཅེས་སྟོན་རྒྱུ་མི་སྲིད་པ་དེའོ།།སྤྱིར་བཤད་ན་ང་ཚོའི་མི་རིགས་འདིས་བསམ་བློའི་སྣེ་འཁྲིད་པ་དང་།ཤེས་ཡོན་པ།ཆབ་སྲིད་པ།ཁེ་ལས་པ་སོགས་ཀྱི་དཔུང་ཁག་མཐུག་པོ་ཞིག་དང་འཁེན་ས་ཀན་མོ་ཞིག་གསོ་སྐྱོང་བྱེད་དགོས་པའི་དུས་ལ་བབས་ཡོད་མོད།ཁ་སང་དེ་རིང་གི་དུས་འདིར་མི་རིགས་ལ་དགའ་ཞེན་ཆེ་ཞིང་རྩོམ་རིག་ལ་འདྲིས་ཆ་ཡོད་ཟེར་མཁན་ཞིག་ཡིན་ཚེ་ཕྱི་རྒྱལ་གྱི་རྩོམ་པ་པོ་རེ་འགའི་སྐད་ཆ་བོད་བསྒྱུར་མ་རེ་རྒྱབ་རྟེན་དུ་དྲངས་ནས་བདེན་པའི་དཔངས་པོ་རྙེད་པའི་སྤོབས་སེམས་དང་ཁེངས་དྲག་གི་སྒོ་ནས་ངེས་པར་དུ་བླ་མ་དང་གྲྭ་བ།ལྷག་པར་དུ་ཆོས་ལུགས་ལ་དགག་པ་རྒྱག་དགོས་པ་དང་དེ་ལྟར་མ་བྱས་ཚེ་མི་དེ་ནི་མི་རིགས་ལ་ཤ་མི་ཚ་བ་དང་།རྩོམ་རིག་མི་ཤེས་པ་ཞིག་ཏུ་བརྩི་ལ།ཤེས་ཡོན་པ་རྒན་པ་དང་རང་ཉིད་ཀྱི་དགེ་རྒན།ད་དུང་བགྲེས་སོང་གི་རྒན་རབ་དག་ལ་མཐོང་ཆེན་དང་གོང་བཀུར་བྱས་ཚེ་མི་དེ་ནི་་རང་ཚུགས་མེད་པ་དང་སྙིང་སྟོབས་མེད་པ་ཞིག་ཏུ་བརྩི་བའི་འགོས་ནད་ཅིག་ཡོང་གི་ཡོད་ཀི།གྲྭ་བ་ཚོའི་ནང་དུའང་ཅི་ཞིག་ཧ་གོ་ཡོད་མདོག་གིས་མི་དེའི་རིགས་ལ་ཁ་ཡག་ངོ་དགའ་བྱེད་པའི་ལྕེ་གཉིས་པ་འགའ་རེ་ཡོད་ཚོད་འདུག་མོད།དེ་དག་ནི་ཆོས་ཀྱི་རིག་གནས་མ་ཤེས་པར་སྙན་ངག་འཆལ་འཆོལ་རེ་འབྲི་ཞོར་ཡོན་བདག་དད་པ་ཅན་ཚོའི་ལག་ནས་སྒོར་མོ་ལེན་ཐུབ་བྱེད་པའི་གནས་ངེས་མེད་༼དགོན་པ་ངེས་པ་མེད་པ༽ཀྱི་འཁྱམས་པོའི་རིགས་སུ་གཏོགས་པ་དག་རེད།ཆོས་ལུགས་ལ་དགའ་ཞེན་ཆེ་བའི་མི་སུ་ཡིན་ཡང་དེ་ནི་བླུན་དད་བྱེད་མཁན་ཞིག་རེད་ཅེས་མཐའ་གཅིག་ཏུ་དགག་པ་རྒྱག་གི་ཡོད་ཚོད་རེད་མོད།དད་པ་ཞེས་པ་ནི་དགའ་བ་དང་དོན་གཅིག་འདྲ་ཡིན་ལ།ཚན་རིག་གི་དོན་མ་ཤེས་པར་དེ་ལ་དགའ་བ་དང་ཆོས་ལུགས་ཀྱི་དོན་མ་ཤེས་པར་དེ་ལ་དགའ་བ་གཉིས་ནི་བླུན་དད་ཡིན་པ་འདྲ་འདྲ་རེད།སྤྱིར་འཛམ་གླིང་གི་ཆོས་ལུགས་གང་ཞིག་ཡིན་རུང་དེ་ནི་མི་རིགས་དེའི་སེམས་ཁ་གཅིག་ཏུ་འབབ་སྤྱད་ཅིག་དང་མི་རིགས་དེ་ལ་སྟོབས་ཤིག་སྣོན་བྱེད་ཀྱི་རིན་པོ་ཆེ་གལ་ཆེན་ཞིག་ཡིན་པའི་རྒྱུ་མཚན་གྱིས་འཛམ་གླིང་ན་ཆེས་ཆེ་བའི་ཡེ་ཤེས་ཆོས་ལུགས་པ་དག་གིས་སྒོར་མོའི་ཟིལ་ཤུགས་ལ་བརྟེན་ནས་ཆོས་ལུགས་རྒྱ་ཁྱབ་ཏུ་སྤེལ་ཅི་ཐུབ་བྱེད་ཀྱིན་ཡོད་པ་འདིས་ཀྱང་ཤེས་ཐུབ།ང་ཚོའི་བོད་མི་རིགས་ཀྱི་ནང་དུའང་ཆོས་ལུགས་ལ་མི་དགའ་བའི་ཆོས་ལུགས་པ་སྒོར་རྡོག་འགའ་བསྟན་ནས་ཡེ་ཤེས་ཆོས་ཁང་ནང་དུ་འདས་ལོག་རྒྱག་ཏུ་བཅུག་པ་དེ་ཚོ་ཡང་ཡེ་ཤེས་ཆོས་ལུགས་པའི་ཁ་གྲངས་སྟེང་དུ་སྣོན་རྟགས་ཤིག་རྒྱབ་པ་རེད།ཁ་ཆེ་བ་ལ་མཚོན་ནའང་ཁོ་ཚོར་རིག་གནས་མེད་མོད་ཆོས་ལུགས་ཡོད་པའི་རྒྱུ་མཚན་གྱིས་མཐུན་སྒྲིལ་ཟེར་བ་ནི་ཁོ་ཚོའི་ལ་རྒྱ་ཞིག་ཏུ་འཇོག་གིན་ཡོད་པ་རེད།དེ་དང་དེ་བཞིན་དུ་ཆོས་ལུགས་མི་གཅིག་པའི་མི་རིགས་གང་ཞིག་ཡིན་ཡང་རང་རང་གི་ཆོས་ལུགས་དེ་ལ་བརྩི་མཐོང་བྱེད་ཀྱིན་ཡོད་པར་མ་ཟད་ཡོངས་ཁྱབ་ཅན་དུ་གཏོང་བའི་ཕྱོགས་ལ་ནུས་པ་བཏོན་དང་འདོན་བཞིན་ཡོད།ཡིན་ནའང་ང་ཚོའི་མི་རིགས་བཤད་པའི་བསམ་བློ་བར་རློམ་པ་རེ་འགས། མི་རིགས་འདིས་མ་ནུས་པ་དང་།མ་འདང་བ།མ་ཐོབ་པ།མ་ཤེས་པ་ཚང་མའི་འབྱུང་རྐྱེན་ནི་ཆོས་ལུགས་ཡིན་པར་བཤད་པ་དང་།ཐ་ན་རང་རང་གིས་མ་ཤེས་པ་དང་།མ་འཇོན་པ།ལྟོ་རྒྱབ་ཀྱི་འཚོ་བ་རོལ་མ་ཐུབ་པའང་ཆོས་ལུགས་ཀྱིས་ལན་པར་བཤད་མོད།ཁོ་ཚོས་འགག་རྩ་དེ་བཅད་ནས་བར་ཐག་རིང་དུ་བཀྱེད་ཡོད་ནའང་དུངས་ཞེན་དེ་བཅད་ནས་བདེན་པའི་ལམ་བུ་སྙེགས་ཡོད་ནའང་རང་ཉིད་ཀྱི་འཚོ་ཐབས་སྨོན་ཡུལ་དུ་བྱས་ཡོད་པ་ད་སྔ་ཡན་ལ་མ་མཐོང་མོད།ཡེ་ཤེས་པར་ཕྱག་འཚལ་ལོ།།སྒོར་མོ་སྩོལ་བར་བྱིན་གྱིས་རློབས།།ཞེས་པའི་ཡེ་ཤེས་མ་ཤི་ཀའི་གསོལ་འདེབས་བྱིན་རླབས་སྒོར་སྩོལ་མ་ཞིག་དབྱངས་ལ་གྱེར་ཞོར་ལག་གཡས་བྲང་ཁར་སྦྱར་ཏེ་ཡེ་ཤེས་ཆོས་ཁང་དུ་ཕྱག་འཚལ་གྱིན་ཡོད་ཅེས་པའི་སྐད་ཆ་དེ་གོ་མྱོང་།ཕྱོགས་གཞན་ཞིག་ནས་བཤད་ན་སྐྱེ་བ་ནས་འཆི་བའི་བར་དུ་རོལ་དགོས་པའི་འཚོ་བ་འདིའི་ཆེད་དུ་འདི་མི་བསྒྲུབ་དང་གན་བསྒྲུབ་རྒྱུ་ཡིན་ཞེས་པའི་གདེངས་ཚོད་མེད་ན་ཐང་མོད།འོན་ཀྱང་འཚོ་བའི་བཀག་རྡོ་ནི་ཆོས་ལུགས་རེད་ཟེར་ཞོར་འཚོ་བ་ཆོས་ལུགས་ལ་སྐྱབས་བཅོལ་བྱེད་པ་ནི་ཞེ་སྡང་གིས་མཆོངས་འོང་བའི་སྒོ་ཁྱིའི་ངར་སྐད་ཟ་ཐོག་ནས་བརྗེད་པ་དང་མཚུངས་པ་ནམ་ཡང་དགོད་བྲོ་བ་ཞིག་རེད།གང་ལྟར་ང་ཚོའི་མི་རིགས་ལ་ཡོད་པའི་ཆོས་ལུགས་ཟེར་བ་དང་རིག་གནས་ཟེར་བ་འདི་ནི་མི་རིགས་འདི་ཉིད་གོ་ལ་ཟླུམ་པོ་འདིའི་སྟེང་ནས་མི་ཉམས་ཡུན་རིང་དུ་གནས་བྱེད་ཀྱི་རྒྱུན་ཐག་ལྟ་བུ་ཞིག་ཡིན་པའི་ཚུལ་ལ་ངེས་ཤེས་ཡང་དག་ཅིག་འདྲེན་ཐུབ་བོ།།
སེང་རྡོར་ལ་ན་ཟུག་བསླངས་པ།
ངས་སེང་རྡོར་གྱི་དམིགས་འབེན་སྙན་གྲགས་རེད་ཅེས་རྩོམ་ཡིག་ཅིག་བྲིས་པ་དེས་སེང་རྡོར་གྱི་སྙིང་ལ་རལ་གྲིས་བསྣུན་པ་ལྟ་བུའི་མི་འདོད་པའི་ན་ཟུག་ཅིག་བསླངས་ཡོད་པར་སེམས།དེ་ནི་སེང་རྡོར་ལའང་ཅི་ཁག་ཁོའི་སེམས་ཕུགས་སུ་བཟུང་ཡོད་པའི་འཆར་བཀོད་སྙིང་ལ་རྗེ་བོ་དེ་ངས་གཟུགས་ཅན་དུ་བསྐྲུན་ཚར་བས།གསང་བ་རུ་རུམ་ཡོད་པའི་བཀའ་རྒྱ་མ་དེ་ངས་ཁྲོམ་བསྒྲགས་བྱས་ཚར་བས།ཡིན་ནའང་ང་ནི་ནམ་ཡང་རང་ཉིད་ལ་ཡིད་ཆེས་ཡོད་པའི་མི་རང་ཚུགས་ཅན་ཞིག་ཡིན་པས་འཇིག་རྟེན་ན་གཡོ་སྒྱུའི་འཁོར་ལོ་སྐོར་བའི་སེང་རྡོར་དང་སེང་རྡོར་ལྟ་བུ་ནི་ངའི་ཁ་ལྕེ་དང་སྨྱུ་གུའི་འོག་ནས་ཐར་མི་ཐུབ་པའི་དགག་གཞི་ཡིན་པས་གུ་ཡངས་ཞེས་པའི་དམིགས་བསལ་དེ་གནས་སྐབས་སུ་ཕར་ལ་མི་འཇོག་ཐབས་མེད་རེད།ངས་སྙན་གྲགས་ཟེར་བ་དེ་ཕན་ཚུན་ལ་སྤྲོད་ལེན་བྱེད་ཆོག་པའི་སྒོར་མོ་ལྟ་བུ་ཞིག་མིན་པ་ཤེས་ནི་རེད་དེ་འདྲའི་སྐད་ཆ་ངས་བཤད་མེད།གལ་ཏེ་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏངས་ན་ཁྱོད་ཀྱིས་ཀྱང་ལེན་ནི་རེད།ལྗང་བུ་དང་འབར་རྡེའུ་སོགས་ཀྱིས་བཟང་གི་ཞེས་པའི་སྐད་ཆ་རེ་བཤད་མྱོང་བ་དེའང་ཁྱེད་ཀྱིས་བདེ་སྐྱིད་ཅིག་ཏུ་སྒོམ་སྟེ་དར་ཆ་རུ་བསྒྲེངས་བཞིན་ཡོད་པ་འདིས་ཀྱང་ཤེས་ཐུབ།བཟང་ངན་གྱི་དབྱེ་བ་ཟེར་བ་དེ་ནི་ཁྱོད་རང་ཉིད་ཀྱི་བྱ་བའི་བཟང་ངན་ལ་དབྱེ་འབྱེད་བྱེད་མཁན་གྱི་མང་ཉུང་གིས་བཤད་དགོས་པ་ཞིག་ལས་མི་རེ་གཉིས་ཤིག་གིས་བཟང་གི་ཞེས་བཟང་དུ་མི་འགྲོ་ལ་ངན་གི་ཞེས་ངན་པར་ཡང་མི་འགྱུར་བ་རེད།དེའི་ཕྱིར་ཁ་སང་དེ་རིང་གི་སྤྱི་ཚོགས་སྟེང་དུ་མི་མང་པོ་ཞིག་གིས་ཁྱོད་ལ་བཟང་ངན་གྱི་དབྱེ་བ་ཕར་ཟད་མི་གྲལ་དུ་མི་ཚུད་པའི་སྨྱོན་པ་ལྟ་བུ་ཞིག་ཏུ་བརྩི་མོད་ངས་ནི་དེ་ལས་ཟློག་སྟེ་གཡོ་སྒྱུ་ཅན་ཞིག་ཏུ་བགྲངས་ཡོད།ངས་སྙན་གྲགས་ཤིག་གི་ཆེད་དུ་རྩོམ་ཡིག་འབྲི་གིན་ཡོད་ན་ཁྱོད་ཀྱི་ལད་མོ་བྱས་ཏེ་སྤྱི་ཚོགས་སྟེང་གི་ཤེས་ཡོན་ལྡན་པའི་མི་འཇོན་ཐང་ཅན་དག་དགག་པ་ལས་སེང་རྡོར་ཁྱོད་དགག་དགོས་པའི་དོན་གང་ཡང་མ་མཆིས་པ་ཤེས་པར་གྱིས།སྤྱིར་བཤད་ན་ཐོལ་རྩོམ་ཞེས་པ་དེ་ནི་རྩོམ་ལུས་ཀྱི་ཆ་ནས་བཏགས་པ་ཞིག་མ་ཡིན་པར་རྒྱུ་རྐྱེན་གློ་བུར་བ་ཞིག་ཡོད་ཀྱང་ཆོག་མེད་ཀྱང་རུང་གང་ལྟར་འཆར་གཞི་མེད་པར་གློ་བུར་དུ་བྲིས་པ་ཞིག་ལ་ཐོལ་རྩོམ་ཞེས་པའི་མིང་སྦྱར་ཆོག་ལ་དེ་ནི་རྩོམ་པ་པོས་རྩོམ་ཡིག་འབྲི་བའི་དུས་སྐབས་མཚོན་པའི་བཏགས་མིང་ཞིག་ཀྱང་ཡིན་ནི་རེད།ཐོལ་རྩོམ་ཡིན་ཡང་ཐོལ་རྩོམ་ཞེས་པའི་ཁ་བྱང་བཏགས་ཡོད་པའི་ངེས་པ་མེད་ལ་མེད་པའི་ངེས་པའང་མེད་དེ་ནི་རྩོམ་ལུས་དང་འབྲེལ་བ་ཡོད་མི་དགོས་པར་རྩོམ་པ་པོས་ཅི་འདོད་ལྟར་བཏགས་ཆོག་པ་ཞིག་ཡིན་པས་རེད།ཐོལ་རྩོམ་ཞེས་པའི་རྩོམ་ཡིག་དག་གི་གཞུང་ཞིབ་མོར་བཀླགས་ཚེ་རྒྱུ་རྐྱེན་གང་འདྲ་ཞིག་གི་འོག་ནས་གློ་བུར་དུ་འབྲི་དགོས་པར་དཔྱད་པ་གཏོང་རྒྱུའང་མི་ཉུང་བ་ཞིག་ཡོད་ལ་དཔྱད་པ་བཏངས་ནས་བྲིས་ཡོད་པའི་རྩོམ་ཡིག་དེ་ལ་དཔྱད་རྩོམ་ཞེས་པའི་མིང་འདི་སྦྱོར་བ་ཡིན་པས་ཐོལ་རྩོམ་ཞེས་པ་དང་དཔྱད་རྩོམ་ཞེས་པ་གཉིས་མེ་ཆུ་ལྟ་བུའི་འགལ་བ་ལྟག་སྤྲོད་ཅིག་ཡིན་ནི་མ་རེད།འདི་ལྟ་བུའི་ལས་སླ་མོ་ཞིག་ཀྱང་བློ་ལ་མི་ཤོངས་ན་མི་ཚེ་ཐོས་པའི་ཕྱོགས་སུ་གཞོལ་རྒྱུ་ལས་རྩོམ་པའི་ལས་ལ་ཞུགས་པའི་སྐབས་དེར་ཐོན་མེད་པར་མ་ཟད་རེབ་གོང་བ་ངའི་རྩོད་པའི་ཟླ་བོར་དེ་བས་ཀྱང་ངོ།།དྲང་མོར་བཤད་ན་ཐོལ་རྩོམ་ཞེས་པ་ནི་རྩོམ་པ་པོ་དག་གིས་ལབ་རྒྱག་སྤྱད་ཀྱི་ལག་ཆ་ལྟ་བུ་ཞིག་ཏུ་གྱུར་བའི་སྐབས་ཀྱང་མང་པོ་མང་པོ་ཞིག་ཡོད་པ་ཀུན་གྱིས་ཤེས་ནི་རེད།ང་ནི་མིང་ཚིག་རེ་རེ་ཡི་དོན་ལ་དཔྱད་པ་གཏོང་མཁན་ཞིག་ཡིན་པ་ལས་ཚིག་གི་མཛེས་ཆ་ལ་ཧོལ་རྒྱུགས་བྱེད་མཁན་ཞིག་མིན་པས་སོ་སྐྱེས་སྐད་སྒྲ་ཞེས་པ་དེའང་ཐོལ་རྩོམ་གྱི་གྲས་སུ་བཞག་ན་སྙན་ངག་མི་ཤེས་པའི་མི་ཞིག་ལ་སྙན་ངག་པ་ཞེས་བཏགས་པ་ལྟ་བུ་ཞིག་ཏུ་འདོད།ཐོལ་གྱིས་མ་བྲིས་བའི་རྩོམ་ཡིག་ཅིག་ལ་ཐོལ་རྩོམ་གྱི་ཁ་བྱང་སྦྱར་ན་རྩོམ་པ་པོ་ལབ་རྒན་ཞིག་མ་རེད་ཅེས་སུ་ཞིག་གིས་སྨྲ།སེང་རྡོར་གཙོས་སེང་རྡོར་ལྟ་བུའི་མི་མང་པོ་ཞིག་གིས་རེབ་གོང་བ་ཞེས་པའི་མིང་འདི་མཐོང་བ་ནས་བཟུང་དུག་སྦྲུལ་གྱིས་གླ་རྩིའི་དྲི་མཚོར་བ་བཞིན་དུ་ཡིད་སེམས་བདེ་ལ་མི་གནས་པའི་ཚད་དུ་སླེབས་ཡོད་པའི་རྐྱེན་གྱིས་སྤྲུལ་བ་སྣ་ཚོགས་ཤིག་གི་ཐབས་ལམ་བཀོལ་ཏེ་རེབ་གོང་ཞེས་པ་དེ་མིང་བཤད་མི་ཕོད་པ་ཞིག་རེད་ཅེས་པ་དང་།རེབ་གོང་བ་ཞེས་པ་གྲིབ་མ་ཞིག་རེད།རེབ་གོང་བ་ཞེས་པའི་མིང་བཀོལ་ན་མི་བཟང་ཞེས་པ་ལ་སོགས་པའི་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་བཤད་ཀྱིན་ཡོད་མོད།འོན་ཀྱང་རེབ་གོང་བ་ང་མིང་བཤད་མ་ཕོད་པ་ཞིག་ག་ལ་ཡིན་ཏེ་ངའི་མིང་ལ་རེབ་གོང་བ་ཟེར་ཞེས་བསྒྲགས་ཟིན་པས།རེབ་གོང་བ་གྲིབ་མ་ཞིག་ཡིན་ཚུལ་མེད་དེ་རེབ་གོང་བ་ང་སྨྲ་ཤེས་ཤིང་དོན་གོ་བའི་མི་དཔྱོད་ལྡན་པ་ཞིག་ཡིན་ལ་གྲིབ་མ་ནི་ཤེས་པ་མེད་པའི་གཟུགས་རིས་ཤིག་ཡིན་པས།ངའི་མིང་ལ་རེབ་གོང་བ་ཞེས་བཏགས་ན་བཟང་མི་བཟང་ཡང་ཁྱེད་ཚོར་འབྲེལ་བ་ཅི་ཡང་མེད་དེ་ངའི་བགྲོད་ལམ་ནི་ང་ལ་དབང་བས།གང་ལྟར་ཁྱེད་ཅག་གིས་ངའི་མིང་ལ་དེ་འདྲའི་སེམས་ཁུར་བྱེད་པ་ཧ་ཅང་བཀའ་དྲིན་ཆེ་མོད་འོན་ཀྱང་མིང་ཁོ་ནའི་ཐོག་ཏུ་ཉི་མ་དང་དུས་ཚོད་གཉིས་ཀ་འཕྲོ་བརླགས་སུ་བཏངས་ན་འཐད་པར་མི་སེམས་པས་རྗེས་ཕྱོགས་རེབ་གོང་བའི་མིང་ལ་དཔྱད་པ་གཏོང་བའི་ངལ་ལས་མི་མཛད་པར་ཞུ།འདིར་ཆེད་དུ་སེང་རྡོར་ལ་བཤད་རྒྱུ་ཞིག་ཡོད་པ་ནི་༼སེང་རྡོར་གྱི་དམིགས་འབེན་སྙན་གྲགས་རེད་༽ཅེས་པའི་རྩོམ་ཡིག་དེའི་ནང་དུ་ཁྱེད་ལ་དྲི་བ་ཞིག་དྲིས་ཡོད་པ་དེར་དོན་དངོས་ཀྱི་ལན་ཞིག་འགོད་རྒྱུ་ཡོད་ན་དྲ་ཐོག་ཏུ་འགོད་པའི་རེ་བ་ཆེན་པོ་བཟུང་ཡོད།

regongba | རྩོམ་ཡོངས་ཀློག་པ།(48) | ལན་སློག(2)

ནང་འཇུག་བྱས་རྗེས་ ཁྱེད་ཉིད་ཀྱི་ཆ་འཕྲིན་འདིར་འཆར་ངེས།


RE:སེང་རྡོར་ལ་ན་ཟུག་བསླངས་པ།

2013-3-16 23:37:18

ཇི་སྐད་དུ། ཚེ་ཡི་རྒྱན་ནི་ཡོན་ཏན་དེ།། ཡོན་ཏན་རྒྱན་ནི་དབེན་པའོ།། འདི་ཡི་རྒྱན་ནི་རབ་ཞི་སྟེ།། ཞེས་གསུངས་པ་ལྟར་ཡིན་ན་འགྲིག་མོད། ད་སྐབས་ཚིག་ཕྲད་ཙམ་ཤེས་པ་འདི་དག་ནི་སྒྱེ་ནང་ལ་སྙུང་བུ་བཅུག་པ་བཞིན་ག་སར་འབུར་ནས་འདུག ཡིན་རུང་ངས་འདི་ནས་རེབ་གོང་བ་ཁྱོད་ལ་གསེག་འདྲུ་བ་ལར་ནས་མིན། སྤྱིར་ཁ་སང་དེ་རིང་གི་རྩོད་པ་རྩོད་མཁན་འདི་དག་ལ་བཤད་པ་ཡིན།དེ་ལས་གཞན་རེབ་གོང་བ་ལགས། ཁྱེད་རང་འདི་དག་ལ་བསྐང་མི་ཉན། འདི་དག་གིས་དཔེ་ཆར་བལྟས་ཏེ་གྲྭ་ས་འགྲིམ་མ་མྱོང་ལ། དཔེ་ཁུག་ཁུར་ནས་སློབ་གྲྭར་ཡང་སོང་མ་མྱོང་། དོན་དངོས་སུ་འདི་དག་ནི་འཆལ་མོ་དང་འདྲ་བའི་ཁ་ཡན་རྒྱན་ཡན་དྲ་ཞུགས་མཁན་མིའུ་ཆུང་དག་རེད། ཁོ་ཚོ་ནི་དྲ་ཚིགས་ཀྱི་སྟེང་ནས་ཡར་ལྡང་མར་ལྡང་བཤད་པ་དང་། འཇིག་རྟེན་གྱི་རྣམ་གཞག་མེད་པར་གང་ཡིན་སར་བཤང་གཅི་འདོར་བ་དག་རེད། ཁྱོད་ཀྱིས་ཁ་ན་ནའི་བར་དུ་བཤད་ཀྱང་རྡོ་བ་ཆུས་སྦང་རྒྱུ་ཡོད་པ་མ་རེད། མི་དོན་ཅན་ཞིག་ཡིན་ན་ཁ་ལག་གཉིས་དོ་མཉམ་པ་ཡིན་ནི་རེད། ཡིན་རུང་བྱིས་པ་འདི་དག་གིས་ལག་པ་རྐུབ་ལ་རེག་གིན་ཁ་ནས་ལྷ་འབྲི་གིན་ཡོད་པར་བཤད་ནི་རེད། ཁྱེད་ཀྱིས་གསལ་བོ་བྱས་ཏེ་བདེན་པ་ངོ་སྤྲད་ཀྱང་དཔྲལ་ཀོ་ཅུང་ཟད་ཀྱང་གཡོ་མི་སྲིད། གལ་ཏེ་ལྟའི་གཡོ་མཁན་ཞིག་ཡིན་ན་ཁ་ལག་འགལ་བའི་དོན་ཆེན་པོ་བསྒྲུབ་རྒྱུ་མ་རེད། འདི་དག་དག་ས་ཆ་ཤིན་ཏུ་ཆུང་ཆུང་གི་ཡིན་པས་སེམས་ཅན་གྱི་ཁ་ན་སངས་རྒྱས་ཀྱི་སྤྱན་ཡོད་པ་ཤེས་རྒྱུ་མ་རེད། ཁོ་ཚོས་ད་དུང་གཞན་དག་ཁ་བདེ་ལྕེ་བདེ་བྱས་ཏེ་མགོ་བསྐོར་ཐུབ་པར་བསམས་ཡོད། དཔེར་ན་ཡེ་ཤུའི་ཕོ་ཉ་ཁྲམ་ཤིང་ལ་བརྒྱངས་པ་ཞིག་བསྟན་ནས་འདི་སྟོན་པ་ཤག་ཀྱྰ་ཐུབ་པ་ཡིན་ཟེར་རྒྱུར་ཡང་གོམས་ཡོད།དེའི་ཕྱིར་ཁྱེད་ཀྱིས་བཤད་ས་ནོར་འདུག འུ་ཅག་གི་བཤད་སྲོལ་ལ། བུད་མེད་ཁྱོ་གསུམ་འགྲིམ་པ། བྱ་རྒོད་རྙི་ལས་ཤོར་བ། བན་བཙུན་ཆོས་ལ་དྲེད་པ་གསུམ་སུས་ཀྱང་གདུལ་དུ་མེད་པར་བརྩི་བ་མ་ཡིན་ནམ། འདི་དག་ལ་རྒྱལ་བའི་བཀའ་ལས་དབྱུག་པ་བཙན་ནི་རེད། འཇིག་རྟེན་ལུང་རིགས་གང་གིས་ཀྱང་མི་འཐུལ་བ་ཞིག་ཡོད་པ་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པ་དེའོ།།

qqqqqqqqqq | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |

RE:སེང་རྡོར་ལ་ན་ཟུག་བསླངས་པ།

2013-3-16 23:41:40

ཧུ་ཧུ། རེབ་གོང་བ་ལགས། ངས་ཁྱོད་ལ་ཡང་བསམ་འཆར་ཞིག་བཤད། གལ་ཏེ་འདི་དག་ལ་ཅིག་འབྲི་འདོད་ན། ལྕིད་ཁོག་ཅན་ཞིག་འབྲི་རོགས། ཁ་གཏད་ཡུལ་དག་ལ་བྲིས་དང་མ་བྲིས་ལ་ཁྱད་མེད་རུང་། ཀློག་པ་པོ་དག་གི་རྣ་བ་ཅུང་གཡོར་བའི་དགེ་བ་ཡོད། མ་རེད་དམ།


 

0 comments:

ཟིན་བྲིས་འཚོལ་ཡུལ