དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 29 May 2013

༄༅། །དག་སྣང་གསང་བའི་ཆོས་སྡེ་ལས་སྒྲོལ་མ་དཀར་མོའི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་
འཆི་མེད་དཔལ་སྟེར་ཞེས་བྱ་བ་བཞུགས་སོ༔

དང་པོ་སྐྱབས་སེམས་ནི༔
ཨོཾ་འཁོར་བ་ལས་སྒྲོལ་ཏྰ་རེ་མ། །
ཏུཏྟ་རེ་ལ་བདག་སྐྱབས་མཆི༔
ཏུ་རེ་ན་བ་རྣམས་ལས་ནི༔
ཁམས་གསུམ་སེམས་ཅན་སྐྱབས་མཛད་གསོལ༔
ལན་གསུམ༔ ཚད་མེད་བཞི་སྒོམ་མཐར།
ཨོཾ་ཤྰུ་ནྱ་ཏ་སོགས༔ བདག་སྣང་དངོས་པོར་འཛིན་པའི་མཚན་མ་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་རང་གི་སྤྱི་བོར་ཆུ་སྐྱེས་དཀར་དམར་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་གདན་ཉ་གང་བ༔ དེའི་སྟེང་དུ་ཐུགས་སྲོག་ཏྰྃ་ཡི་གེ་འཕྲོ་འདུ་ཡོངས་སུ་གྱུར་པ་ལས༔ སྒྲོལ་མ་དཀར་མོ་ཟླ་བ་ཉ་གང་བའི་མདངས་དང་ལྡན་པ༔ ཞལ་གཅིག་ཕྱག་གཉིས་པ༔ རིན་པོ་ཆེའི་ཕྱག་གདུབ༔ ཞབས་གདུབ༔སོར་གདུབ༔ དཔུང་རྒྱན༔དབུ་རྒྱན༔ སྙན་རྒྱན་མགུལ་རྒྱན་དར་དཔྱང་སེ་མོ་དོ་དང་པུཎྡ་རི་ཀའི་ཆུན་འཕྱང་སོགས་ཀྱིས་མཛེས་པར་བརྒྱན་པ༔ ཕྱག་གཡས་བརྐྱངས་བས་མཆོད་སྦྱིན་གྱི་ཕྱག་རྒྱས་པདྨ་དཀར་པོ་བསྣམས་པ༔ གཡོན་ཐུགས་ཀར་མཐེབ་སྲིན་གྱིས་ཨུཏྤལ་ལར་གནས་པའི་ཚེ་བུམ་བསྣམས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པས་ཟླ་བའི་གདན་ལ་རོལ་བ༔ ཕྱག་ཞབས་ཀྱི་མཐིལ་བཞི་སོགས་སྤྱན་བདུན་གྱིས་མཛེས་པ༔ ཞབས་གཡས་བརྐྱང་བ་ལས་བདུད་རྩི་དཀར་པོ་ཟླ་བཞུན་མའི་ཁུ་བ་ལྟ་བུའི་རྒྱུན་བབ་པས༔ རང་གི་ལུས་ཐམས་ཅད་བདུད་རྩི་དང་བདེ་བས་གང༔ འཆི་བ་མེད་པ་རྡོ་རྗེའི་ཚེ་ཐོབ་པའི་བདག་ཉིད་ཅན་ཏུ་གྱུར༔

པར་བསམ་ལ་བསྙེན་པ་ནི༔ ཨོཾ་ཏྰ་རེ་ཏུཏྟ་རེ་ཏུ་རེ་སྭྰ་ཧྰ༔
ཉེ་བསྙེན་ནི༔ ཨོཾ་ཨརྱ་ཏྰ་རེ་ཏྰྃ་སྭྰ་ཧྰ༔
ས་བསྙེན་ནི༔ ཨོཾ་ཏྰ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུར་པུཎྱ་ཛྙྰ་ན་པུཥཊིཾ་ཀུ་རུ་སྭྰ་ཧྰ༔
ཕྱག་འཚལ་སྟོན་ཀའི་ཟླ་བ་སོགས་དང་༔ ཡང་ན་ཕྱག་འཚལ་ཉེར་གཅིག་ཅི་ནུས་བརྗོད་མཐར༔
བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཆེ༔
འཕགས་མ་བསྙེན་ཅིང་བསྒྲུབ་པའི་མཐུས༔
ནད་གདོན་ཚེ་ཡི་བར་ཆད་དང་༔
བྱད་ཕུར་སྒོ་གསུམ་མནན་གཏད་ཀུན༔
མྱུར་ཏུ་ཞི་ཞིང་བཟློག་པར་མཛོད༔
ལུས་བཅིང་ལས་བསྒྲོལ་བ་ནི༔ རྩ་སྔགས་མཐར༔ཨོཾ་ཀྰ༔ཡ་ཨུརྱ་ཙིཏྟ་ནི་ས་མ་ཡ་བྷྱོ་བཟློག ངག་གྲོལ་ནི༔ རྩ་སྔགས་མཐར༔ ཨྰ༔ ཝཀྐ་ཨུརྱ་ཏི་ནན་ཁྲོལ༔ ཡིད་བསྐྲོལ་ནི༔ཧྰུྃ་ཙིཏྟ་སརྦ་ས་མ་ཡ་ཤག་ཕྱེས༔ དང་བྱད་མ་ཕྱིར་བཟློག་ཟ་ཡིག་ནི༔ རྫས་ལ་ནག་པོ་དགུ་སྦྱོར་བྱུགས༔ རབ་གནས་ཚུལ་བཞིན་བྱས་པའ་མཐར༔གཡས་ནས་གཡོན་དུ་དྲིལ་ནས་སུ༔སོ་རྐན་མ་རེག་ལྟོ་སྟོངས་བཏངས༔དེ་ནི་མུ་སྟེགས་འབུམ་ཕྲག་གི༔མཐུ་བྱེད་མི་འཁྱོངས་རང་གཤེད་འབེབས༔ས་མ་ཡ༔མཐར་མཆོད་བསྟོད་ནི༔ཨརྒྷཾས་སོགས་ཀྱིས་མཆོད༔འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད༔ དེས་ནི་སྒྲོལ་མ་དཀར་མོ་འགྲུབ༔བར་ཆད་བྱད་གདོན་གཡུལ་ལས་རྒྱལ༔ཚེ་གནས་གནོད་པ་ཐམས་ཅད་ཞི༔བཀྲ་ཤིས༔ ས་མ་ཡ༔ཞེས་ཆོས་བདག་སྤྲུལ་པའི་སྐུ་དཀོན་མཆོག་དཔལ་བཟང་པོའི་སྔ་སོར་ནས་རབ་འབྱམས་པའི་རྐྱེན་སེལ་དུ་བྱད་མ་ཕྱིར་བཟློག་ཞིག་གི་བསྐུལ་མ་ཡང་ཡང་ཐོབ་ཀྱང་གསལ་ཉམས་མ་ཐོན་ཅིང་རྗེས་སོར་རང་ལ་མཐུ་བྱེད་ཀྱི་རྨིས་ལྟས་བྱུང་ཚེ་ལྷ་འདི་ལྟ་བུའི་ཞལ་དངོས་སུ་རྨི་ལམ་དུ་འཇལ་ཚེ་རང་དང་མཁར་དཔོན་གྱབ་རྡོ་སོགས་འགའ་ལ་ཕན་ཕྱིར་དག་སྣང་གསང་བའི་ཆོས་སྡེ་ལས་དྲག་གླིང་པས་ཕབ་པ་ནི་སྐུལ་བ་པོ་ཉིད་ཀྱིས་བགྱིས་པ་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བར་སྙམས་པས་ཉམས་སུ་ལོངས་བཀའ་རྒྱ་མཛོད་ཅིག༔ ཞལ་དྲོ༔

0 comments:

ཟིན་བྲིས་འཚོལ་ཡུལ