དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 23 June 2013
བཙུན་མའི་བརྩམས་ཆོས་གསར་ཐོན། གཞུང་ཆེན་ཁག་ལ།
|
གཞུང་ཆེན་ཁག་ལ་བཙུན་མའི་བརྩམས་ཆོས་གསར་ཐོན། ཐུབ་བསྟན་རིག་བྱེད་ལྷ་མོ་ལགས་ནས་དཔལ་བླ་རུང་བཙུན་དགོན་སྐུ་གསུམ་མཁའ་འགྲོའི་ གླིང་དུ་སྔ་ཕྱིར་ལོ་མང་རིང་སློབ་སྦྱོང་གི་ཞོར་དུ་བརྩོན་པ་ལྷུར་བླངས་ཏེ་ངལ་ བའཛེམས་མེད་ཀྱིས་འདུལ་བ་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་བ་སྟོད་ཆ་དང་སྨད་ཆ་གཉིས། དབུ་མ་འཇུག་པའི་འགྲེལ་བ་དང་། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་བཅས་དེབ་བཞི་བརྩམས་འདུག་པ་གཤམ་གྱི་པར་རིས་བཞག་ཡོད་པ་དེ་ཡིན། ད་དུང་བཙུན་མ་འདི་ཕྱི་ལོ་༢༠༡༣་ལོའི་གསེར་རྟ་བླ་རུང་གི་མཁན་པོ་དང་མཁན་མོ་ མངའ་གསོལ་སྐབས་མཁན་མོའི་མཚན་རྟགས་བཞེས་མཁན་གྱི་གྲས་སུ་ཡོད་འདུག་པ་དང་། འདི་ནི་བོད་ཀྱི་བུད་མེད་སྤྱི་དང་ལྷག་པར་བཙུན་མ་ཡོངས་ཀྱི་མིག་དཔེ་འོས་པའི་ རླབས་ཆེན་གྱི་མི་སྣ་དང་། བོད་ཀྱི་བཙུན་མའི་ལོ་རྒྱུས་ཁྲོད་སྔར་བྱུང་མ་མྱོང་བའི་དགའ་འོས་པའི་དོན་གནད་ ཅིག་ཡིན་པ་མ་ཟད། ང་ཚོའི་མ་འོང་པ་ཕོ་མོ་འདྲ་མཉམ་གྱི་ལམ་ཆེན་དངོས་གང་ཡིན་པ་ངོ་འཕྲོད་པའི་སྒོ་ ནས་ཤེས་ཡོན་རིག་གནས་ཀྱི་གནད་འདི་བསྙེག་མཁན་གྱི་བཙུན་མ་གང་མང་བསྐྱེད་སྲིང་ ཡོང་བའི་རེ་བ་མི་ཟད་པ་དང་བཅས་ཟིན་བྲིས་མདོར་བསྡུས་འདི་ཁ་སང་མ་ལ་འཕྲིན་ཕྲན་སྟེང་དུ་གཟའ་ཉི་མ་ལ་སྤེལ་བ་ཞིག་ཡིན།། ༡ ༽ འདུལ་བ་སྡོམ་གསུམ་འགྲེལ་པ་སྟོད་ཆ། ༽ ༢ ༽འདུལ་གཞུང་སྡོམ་གསུམ་སྨད་ཆ། ༽ ༣ ༽ དབུ་མ་འཇུག་པའི་འགྲེལ་པ། ༽ ༤ ༽ ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ། ༽ མགོ་བརྗོད། ༽ |
Subscribe to:
Post Comments (Atom)
0 comments:
Post a Comment