དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 4 July 2013
རྨད་བྱུང་རྒྱལ་བ་སྲས་བཅས་མཁྱེན་རབ་ཀུན། །
ཀུན་འདུས་རྗེ་བཙུན་འཇམ་དཔལ་གཞོན་ནུའི་སྐུ། །
སྐུ་གསུམ་བསྟན་པའི་བདག་པོ་མ་ཎི་ཀ །
ཀ་དག་རིག་པའི་རྒྱན་ཏུ་རྟག་བཞུགས་གསོལ། །
དཔལ་ལྡན་བླ་མའི་བྱིན་རླབས་ཐུགས་ལ་འཁྲུངས། །
དཔལ་ལྡན་ཚོགས་གཉིས་ཨེ་ཝྃ་དགོངས་དོན་སྒྲུབ། །
མཚན་ལྡན་སློབ་མའི་སྐལ་བཟང་སྤྱོད་པ་ཅན། །
ཀུན་བཟང་སྙིང་གི་གྲོགས་པོ་སྐུ་ཚེ་བརྟན། །
ཐེག་པ་ཆེན་པོའི་བྱང་སེམས་རྒྱུད་ལ་འབྱོར། །
ཕྱག་རྒྱ་ཆེན་པོའི་བདེ་ཆེན་རབ་ཏུ་བརྟས། །
རྫོགས་པ་ཆེན་པོའི་དགོངས་པ་མངོན་གྱུར་ནས། །
མཐའ་ཡས་འགྲོ་བའི་དོན་ཀུན་ལྷུན་གྲུབ་ཤོག །
ཅེས་ཨེ་ཝཾ་སྦྱིན་བདག་ལ་བཀའ་དྲིན་ཅན་ལ་སྨོན་ཚིག་འདི་ཉིད་ཐོལ་བྱུང་དུ་ཁ་བཏགས་དཀར་པོ་དྲི་མ་མེད་པ་ཞིག་དང་བཅས་རིག་འཛིན་ཨེ་མ་ཧོས་གུས་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment