དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 27 October 2013
ཚན་རྫས་རིག་པ

  རིགས་རྫས་ཚོད་འཛིན་བཀོད་བསྒྲིག་འོག །  ལས་ཀྱིས་འཕངས་པ་རྒྱང་དུ་ཡལ། ། ཕྲ་ཕུང་བགོ་བཤའ་ཐེབས་དུས། ཤི་མིན་གསོན་མིན། རང་ཞིགའབྲས་ནད་སྐྱེདཔ། མཐུད་ནས་བགོ་བཤའ་རྒྱག་འཇུག་པ། བརྟག་དཔྱད་བརྒྱུད་རིམ། ངེས་མེད་ཀྱི་ཙི་ཙིའི་དེ། ལོ་ལྔ་བརྒྱའི་གོང་ལས་ད་སྐབས་ཚེ་ཐག་རིང་བ། མ་འོངས་པ།༡༽ མིའི་རིགས་ཀྱིས་གྱོན་པ་ག་དུས་དང་ཅིའི་ཕྱིར་གྱོན་འགོ་བཙུགས་སམ། ཡང་ན་མིའི་སྤུ་འཆོར་བའི་དུས་རིམ་གང་ཞིག་ནས་བཙུགས་སམ། འདོམ་སྦས་དགོས་པ་འདི་ལ་འགྲེལ་བཤད་ཡོད་དམ་དོན་གང་ཡིན། ༢༽ གལ་སྲིད་ལོ་ས་ཡ་གསུམ་གྱི་གོང་དུ་སྤྲ་ཤིག་ལས་མི་ལ་འགྱུར་བའི་རྒྱུད་རིམ་ཞིག་བྱུང་ཡོད་ན་དུས་ཀྱི་རིམ་པའི་རྒྱུད་རིམ་ནང་དུ་སེམས་ཅན་གཞན་དང་གཞན་གང་དག་བྱུང་ཡོད། དེ་བཞིན་ད་ལྟ་གང་དང་འགྱུར་བཞིན་ཡོད་པ་ཤེས་ཚོར་འབྱུང་གི་ཡོད་དམ། ཡང་ན་མ་འོངས་བར་ག་འདྲ་ཞིག་འབྱུང་ངེས་པའི་ཚོད་དཔགས་གང་དང་གང་བྱེད་ཀྱི་ཡོད།  ༣༽ མིའི་རིགས་ནི་ལུས་པོའི་གྲུབ་སྟངས་ཀྱི་ཐོག་ནས་བཤད་ན་ཤ་བཟན་མིན་རབས་བཤད་མཁན་འདུག་པ་ལ་འཕེལ་འགྱུར་རིག་པའི་ཐོག་ནས་ལན་གང་ཡོད། ༤༽ མིའི་རིགས་ཀྱི་ཕྲུ་གུ་འཚར་ལོངས་བྱེད་པར་སེམས་ཅན་གཞན་ལས་འགོར་བ་ཡོད་པ་ལ་འཕེལ་འགྱུར་རིག་པའི་ཐོག་ནས་འཆད་ཚུལ་ཡོད་དམ། ༥༽ འཕེལ་འགྱུར་རིག་པའི་ཐོག་ནས་བཤད་ན་མིའི་རིགས་ལ་བརྩེ་བ་དང་བྱམས་པ། འཆར་གཞི་སོགས་དུས་རིམ་གང་ཞིག་ནས་སྨིན་འགོ་བཙུགས་ཡོད་དམ། ༦༽ མིའི་རིགས་ཀྱིས་ཨ་ཨོ་སོགས་ཀྱི་འབོད་སྒྲ་ཙམ་མ་ཡིན་པར་ཅུང་ཚད་མཐོ་བའི་སྐད་ཆ་བཤད་འགོ་ག་དུས་བཙུག་ཡོད་དམ། མི་ཁོ་ནས་སྐད་ཆ་བཤད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
འཛམ་གླིང་ན་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་གྱི་མི་ཚང་མའི་ཐུན་མོང་གིས་སྦྱོང་བ་དང་ལག་ལེན་ཉམས་སུ་བརྡར་བའི་རིག་པ་མང་པོ་ཞིག་ནི་མི་རྣམས་ཀྱིས་དུས་དང་འཚམས་པར་ལེགས་བཅོས་ཀྱི་ལམ་ནས་འཐུས་སྒོ་ཇེ་ཚང་དར་རྒྱས་སུ་འགྲོ་བཞིན་པ་ཡིན།                      རིགས་རྫས་སྐོར་གྱི་དྲི་བ།
༡) རིགས་རྫས་གཅིག་གི་ནང་ལ་ཉིང་རྡུལ་རྡུལ་ཆ་སྒྲིག་མང་ཉུང་ངེས་ཅན་ཞིག་ཡོད་དམ། ཡོད་ན་མི་དང་སྲོག་ཆགས་གཞན་གྱི་གནས་བབས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་དམ། ༢) རིགས་རྫས་ཀྱི་གནས་བབ་ཅི་ཙམ་ཐག་ཉེ་བ་དེ་ཚོད་ཀྱིས་བསམ་བློ་གཏོང་ཕྱོགས་ལ་འདྲ་མཚུངས་ཡོང་བའི་ངེས་པ་ཡོད་དམ་མེད། ༣) མ་གཅིག་ལ་ཕྲུ་གུ་མཚེ་མ་འདྲ་པོ་འདྲ་རྐྱང་སྐྱེ་བ་དེ་རིགས་རྫས་ཐོག་ནས་ཇི་ལྟར་འགྲེལ་བཤད་རྒྱག་གི་ཡོད་དམ།
༤) གཅིག་མཚུངས་ཀྱི་མཚེ་མ་ཁ་ཤས་ལ་གྱོན་གོས་མདོག་གཅིག་པ་མ་གྱོན་ན་གཉིས་ཀར་ན་ཚ་ཡོང་བ་ལྟ་བུ་འདུག་པ་དེ་རིགས་རྫས་ཐོག་ནས་འགྲེལ་བཤད་ཨེ་ཡོད་དམ། ༥) གཅིག་མཚུངས་ཀྱི་མཚེ་མ་གཉིས་མཚམས་རེར་ཕན་ཚུན་སེམས་ཀྱི་དགའ་སྐྱོའི་གནས་སྟངས་ཚོར་བ་འདྲ་ཡོང་གི་ཡོད་པ་ཅི་ཡིན་ནམ།  ༦) སྒོ་ང་མི་འདྲ་བ་གཉིས་ལ་ཁམས་དཀར་ས་བོན་མི་འདྲ་བ་འདུས་པའི་རྒྱུ་མཚན་གྱིས་གཅིག་མཚུངས་མ་ཡིན་པའི་མཚེ་མ་ལ་བུ་དང་བུ་མོ་གཉིས་ཡོང་ཆོག་གམ།  ༧) འདུལ་བ་ན་དགེ་སློང་དང་དགེ་སློང་མ་མཚན་འགྱུར་བར་གསུངས་ཡོད་ན་དེའི་སྐོར་རིགས་རྫས་ཐོག་ནས་འགྲེལ་བཤད་ཇི་ལྟར་རྒྱག་གི་ཡོད།  ༨) གཅིག་འདྲ་མིན་པའི་མཚེ་མ་ལ་གཅིག་ཕོ་དང་གཅིག་མོ་ཡིན་པ་ཡོང་ཆོག་གམ། ༩) ཕྲ་ཕུང་བགོ་བཤའ་རྒྱག་དུས་ཁྲེ་ལེ་མིར་ཞེས་པ་ཐུང་དུ་ཕྱིན་ནས་མིའི་ལོ་ཚད་རྒས་འགྲོ་བཞིན་ཡོད་ཚུལ་གོ་བས་དེ་ཇི་ལྟར་ཡིན་ནམ།  ༡༠) གཅིག་མཚུངས་མཚེ་མ་གཉིས་ཀ་ལ་ཕ་མའི་རིགས་རྫས་ཕྱེད་ཕྱེད་དེ་ཚང་མ་ཇི་ལྟར་ཐོབ་ཀྱི་ཡོད་དམ། དང་པོའི་སྒོ་ང་དེ་གཉིས་གྱེས་སོང་བས་སོ།༡༡) འཕེལ་འགྱུར་རིག་པའི་ལྟ་གྲུབ་ཀྱིས་ནང་པས་བཤད་པའི་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ལ་གནོད་ཟེར་མཁན་དང་ཕན་ཟེར་མཁན་གཉིས་ཀ་བྱུང་ཡོད་ན་ཚོགས་གཙོ་མཆོག་གིས་བློ་གཟུར་པོར་གནས་པའི་ཐོག་ནས་འགྲེལ་བཤད་ཅིག་གནང་རོགས་གནང་། ༡༢) སྐད་བརྡ་སྤྲོད་སྟངས་ཐོག་ནས་བོད་བསྒྱུར་བྱས་པའི་ཚིག་གསར་པ་དེ་དག་གིས་མགོ་རྨོངས་པར་བྱེད་ཀྱིན་འདུག་པས་ཚན་རིག་གི་ཐ་སྙད་རྣམས་བོད་སྐད་དུ་མ་བསྒྱུར་བར་དབྱིན་སྐད་རང་འཇགས་བཞག་པ་ཡིན་ན་སྐྱོན་ག་རེ་ཡོད་དམ།
༡༣) བུད་མེད་རེ་ཟུང་ལ་སྐྱེ་ཐེབས་གཅིག་ལ་མཚེ་མ་བཅུ་གཅིག་དེ་འདྲ་སྐྱེ་བ་ཡོད་ན་དེ་དག་ཕ་མའི་ཁུ་ཁྲག་འདུས་པ་ན་བར་དོའི་རྣམ་ཤེས་གཅིག་ཉིང་མཚམས་སྦྱར་ནས་ལུས་སོ་སོར་ཆགས་པ་ཡིན་ནམ་རྣམ་ཤེས་བཅུ་གཅིག་དུས་མཉམ་དུ་ཉིང་མཚམས་སྦྱར་བ་ཡིན།  ༡༤) ཌི་ཨེན་ཨེ་ནས་ཨེམ་ཨར་ཨེན་ནེ་ལ་ངོ་བཤུས་ལེན་དུས་ཌི་ཨེན་ཨེའི་ངོ་བཤུས་དེ་ག་རང་མ་བྱུང་བར T ཚབ་ལ་ U ཇི་ལྟར་དང་ཅིའི་ཕྱིར་སླེབས་དགོས་པ་ཡིན། ༡༥) ཨེམ་ཨར་ཨེན་ནེ་ཉིང་རྡུལ་ཕྱིར་རོལ་ཏུ་ཐོན་འགྲོ་བ་ཡིན་ཡང་ཉིང་རྡུལ་ནང་ལ་བསྡད་པའི་ཨར་ཨེན་ནེ་ཡི་ལས་ཀ་ཅི་ཞིག་ཡིན་ནམ།༡༦) སྟེས་འགྱུར་གྱིས་སྐྱོན་ཤོར་བ་དེ་འདྲ་མིན་ཚེ་ཁམས་དཀར་ས་བོན་གློད་པ་ཚང་མར་ཕྲུ་གུ་ཆགས་པའི་ནུས་པ་ཡོད་པར་བཤད་པ་དེ་སྔགས་གཞུང་ནས་ཁམས་དཀར་མང་པོར་ཕྲུ་གུ་སྐྱེད་པའི་ནུས་པ་མེད་པར་གསུངས་པ་དང་མི་འདྲ་བ་འདུག་པས་ཇི་ལྟར་ཡིན་ནམ། ༡༧) མན་ཌལ་གྱི་རིགས་རྫས་བརྒྱུད་གཏོང་གི་རིག་པའི་འགྲོ་སྟངས་གང་ཡིན། ༡༨) ནང་ཆོས་ནས་ད་སྐབས་མིའི་ཚེ་ཚད་ཐུང་དུ་འགྲོ་བཞིན་པ་དང་ཚན་རིག་པས་མིའི་ཚེ་ཚད་རིང་དུ་འགྲོ་བཞིན་པར་བཤད་པ་གཉིས་འགལ་བ་ལྟར་སྣང་ན་དེར་འགྲེལ་ཚུལ་གཞན་རེ་ཡོད་དམ། ༡༩) སྐྱེ་གནས་བཞིའི་ཐོག་ཆོས་ཚན་གཉིས་ཀྱི་འགྲེལ་བཤད་རྒྱག་སྟངས་མཐུན་ནམ། ༢༠) བུ་རམ་ཤིང་པའི་ལོ་རྒྱུས་དང་། དགེ་སྦྱོང་གནས་གཏན་བྲག་བྱ་ལས་སྐྱེས་པར་བཤད་པ། དགེ་སློང་མ་གཅུང་མ་ཆུ་ཤིང་སྡོང་པོས་སྐྱེས་པ་དྲོད་གཤེར་སྐྱེས་ཡིན་པ། མིའི་མངལ་ལས་ཀྱང་ཕྲུ་གུ་སྒོང་སྐྱེས་ཡོང་བ། སློབ་དཔོན་པདྨ་འབྱུང་གནས་རྫུས་སྐྱེས་སུ་བཤད་པ་བཅས་ཚན་རིག་པས་ཁས་ལེན་ནམ།༢༡) ཚན་རིག་ལག་རྩལ་ཡར་རྒྱས་ཕྱིན་པ་ལས་ནད་རིགས་མང་པོ་ཞིག་ཀྱང་སྐྱེད་ཀྱི་ཡོད་པས་དེས་མིའི་ཚེ་ཚད་རིང་དུ་འགྲོ་བ་ལ་འགོག་རྐྱེན་བྱེད་དམ།༢༢) ཁྱི་དམར་པོ་ཞིག་གིས་ཁྱི་ཕྲུག་ནག་པོ་ཡིན་པ་དང་ལུས་སྟེང་ན་ཁྲ་ཐིག་ཡོད་སྟངས་ཡང་མི་འདྲ་བ་དེ་འདྲ་གཉིས་ཁྲིད་འགྲོ་བཞིན་པ་མཐོང་། རིགས་རྫས་ཐོག་ནས་ཇི་ལྟར་འགྲེལ་བཤད་རྒྱག་ཐུབ་པ་ཡིན། ༢༣) འཕེལ་འགྱུར་ཐོག་ནས་བཤད་ན་རྒྱ་མཚོའི་ནང་ནས་ཆུ་གནས་སེམས་ཅན་ཞིག་སྐམ་ས་ལ་སླེབས་ནས་སེམས་ཅན་གྱི་རིགས་འདི་དག་ཚང་མ་བྱུང་བར་བཤད་པ་ལྟར་ན། རྩི་ཤིང་རྣམས་ལོ་ས་ཡ་མང་པོའི་རྗེས་སུ་སེམས་ཅན་གྱི་ངོར་འགྲོ་བ་ཡོད་པར་འདོད་དམ། ༢༤) བོད་པའི་བཤད་སྲོལ་ལ་ཕའི་ཁམས་དཀར་ལས་རུས་པ་དང་མའི་ཁམས་དམར་ལས་ཤ་དང་པགས་པ་གྲུབ་ཀྱི་ཡོད་ཟེར་བ་ཚན་རིག་པས་འདོད་དམ། ༢༥) ཕྲུ་གུ་སྐྱེད་ནུས་ཀྱི་ཁམས་དཀར་ས་བོན་ཆགས་པ་ལ་ཚད་གཞི་ག་འདྲ་ཞིག་ལོངས་དགོས་སམ། ༢༦) མིའི་མངལ་དུ་ཕྲུ་གུ་གཅིག་དང་གཉིས་ལས་སྐྱེད་ཐུབ་ཀྱི་མེད་པ་རྒྱུ་མཚན་གང་ཡིན་ནམ།༢༧) མའི་སྒོ་ང་ལ་སྐྱོན་གང་ཞིག་ཡོད་ན་ཕྲུ་གུ་ཆགས་མི་ཐུབ་པ་ཡིན་ནམ། ཁམས་དཀར་དམར་གང་ལ་ཡང་སྐྱོན་མེད་ན་ཡང་ཕྲུ་གུ་མི་ཆགས་པ་ཡོད་པ་གོ་བས་དེ་ཇི་ལྟར་ཡིན་ནམ། ༢༨) ལོ་ལྔ་བརྒྱ་དྲུག་བརྒྱ་གོང་དང་བསྡུར་ན་ད་སྐབས་ཆ་སྙོམས་འགྲོ་བ་མིའི་ཚེ་ཚད་རིང་དུ་སོང་ཡོད་ཅེས་པ་གང་འདྲ་ཞིག་ལ་ཆ་འཇོག་བྱས་པ་ཡིན་ནམ།༢༩) ཤ་དང་པགས་པ་དང་རུས་པ་གྲུབ་པར་རིགས་རྫས་ཁྱད་པར་བ་རེ་ཡོད་དམ། ཡོད་ན་དེ་དག་ཚོས་ཕུང་ཉེར་གསུམ་པའི་ཐོག་ལ་ཡོད་དམ།༣༠) དབྱིན་ཡུལ་ནང་ལུས་སེམས་གང་གི་ཆ་ནས་བུ་གཉིས་ཡིན་པ་ལ་བུ་མོའི་ཚོས་ཕུང་བྱུང་ཡོད་པ་དང་གཉེན་སྒྲིག་བྱས་རྗེས་ཕྲུ་གུ་བྱུང་མི་འདུག དེ་ལམ་ལྷོངས་མ་བྱུང་བའམ་ཡང་ན་མེན་དྲལ་གྱི་རིགས་རྫས་བརྒྱུད་གཏོང་གི་ལམ་ལུགས་ལྟར་མ་བྱུང་བ་ཡིན་ནམ། ༣༡) ཁམས་དཀར་དང་རུས་པ་རྐང་གསུམ་ཕ་ལས་དང་ཤ་དང་པགས་པ་ཁྲག་གསུམ་མ་ལས་བྱུང་བར་སྔགས་ལུགས་ལ་བཤད་ཡོད། འོན་ཏེ་ཚན་རིག་པས Y རྣམ་པ་ཅན་གྱི་ཚོས་ཕུང་དེ་ཕོ་མ་གཏོགས་མོ་ལ་རག་པ་མེད་དུས་དེ་མཆོག་ཏུ་གྱུར་པ་ཞིག་ཏུ་བརྩིའམ་མི་བརྩི། ༣༢) སངས་རྒྱས་ཆོས་གཞུང་ནས་སྦྱོར་ལམ་བཟོད་པ་ཡན་ཆད་བུད་མེད་ཀྱི་རྟེན་སྤངས་ནས་ཐོབ་དགོས་པར་གསུངས་པ་དང་འདུལ་བའི་ཁྲིམས་ལྟར་ན་ཡང་ཕོ་མོ་དབང་པོ་མི་འདྲ་བ་དང་དེའི་དབང་གིས་བསམ་བློ་མི་འདྲ་བ་བྱུང་བས་བཅས་པ་མི་འདྲ་བ་དགོས་པར་བཤད་ཡོད། དེ་བཞིན་དུ་རགས་རྫས་ཐོག་བབས་ན་ Y རྣམ་པ་ཅན་གྱི་ཚོས་ཕུང་དེ་ཕོ་ཁོ་ན་ལ་བརྒྱུད་གཏོང་བྱེད་ཀྱི་ཡོད་དུས་དེའི་དབང་གིས་ཕོ་རྣམས་མོ་ལས་སྟོབས་ཆེ་བ་དང་ནུས་ཤུགས་ཆེ་བ། བསམ་བློ་གཏོང་ཕྱོགས་ཀྱི་ཐད་ནས་ཀྱང་ཁྱད་པར་ཆེ་བ་མ་ཡིན་ནམ། ༣༣) འགྲོ་བ་མི་རྣམས་རྒས་འགྲོ་བ་དང་ཤི་འགྲོ་བ་དེ་རིགས་རྫས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་དམ། རྒས་དགོས་པ་དང་ཤི་དགོས་པ་དེ་ཅིའི་ཕྱིར་ཡིན་ནམ། རང་གི་ཉེ་རིགས་ལ་ཕན་ཐོགས་ཡོད་པས་ཡིན་ནམ། མི་འབོར་ཆེ་དྲགས་པ་སྟངས་འཛིན་རིགས་རྫས་ཀྱིས་བྱེད་དམ་གཞན་ཞིག་གིས་བྱེད་པ་ཡིན། ༣༤) སྤྲི་དཀར། ཚོས་ཕུང་། ཨེ་མོ་ནེ་སྐྱུར་རྫས་ཞེས་སོགས་ཀྱི་ཐ་སྙད་བསྒྱུར་བ་དེ་དག་ལ་འགྲེལ་བཤད་དང་གོ་རྒྱུ་ཅི་ཞིག་ཡོད་དམ། ༣༥) མིའི་རིགས་རྫས་འདི་དག་ཐོག་མར་རྒྱ་མཚོའི་ནང་གི་ཕྲ་ཕུང་ནས་བརྒྱུད་དེ་རྒྱུན་མ་ཆད་པར་བྱུང་བ་ཡིན་ནམ། ༣༦) Y རྣམ་པ་ཅན་གྱི་ཚོས་ཕུང་དེ་ཕོ་ཁོ་ན་ལས་མོ་ལ་མེད་པ་ཡིན་ནམ།༣༧) འཛམ་གླིང་འདིའི་ཐོག་གི་སེམས་ཅན་གྱི་ཐོག་མ་རྒྱ་མཚོའི་ནང་སྲོག་ལྡན་གཅིག་ཡིན་པར་བཤད་པ་དེར་བདེན་དཔང་གང་ཡོད། རྒྱ་མཚོའི་ནང་ནས་བྱུང་བ་ཡིན་ན་ད་སྐབས་རྒྱ་མཚོ་གང་གི་དང་གནས་གང་ནས་བྱུང་བ་ཡིན་པ་ཤེས་སམ། དེའི་སྐབས་སུ་རྒྱ་མཚོ་གཞན་དང་གཞན་དུ་མ་བྱུང་བའི་རྒྱུ་མཚན་གང་ཡིན་ནམ།༣༨) འགྲོ་བ་མིར་རྫུས་སྐྱེས་ཡོད་པ་ཁས་མི་ལེན་ན་འགྲོ་བ་མིའི་ཐོག་མ་མི་རྒོད་ལྟ་བུ་དེ་རྫུས་སྐྱེས་ཤིག་ལ་ངོས་འཛིན་བྱེད་དགོས་པ་མ་ཡིན་ནམ།༣༩) ཚོས་ཕུང་ཉེར་གསུམ་པར་ཆ་གཉིས་ཅན་གཉིས་ཡོད་དོན་གང་། མའི་སྒོ་ངར་དང་པོ་གཅིག་ལས་མི་འགྲོ་ཟེར་བ་དང་རག་པ་ཚང་མ་རག་ཟེར་བ་གོ་བས་དེའི་དོན་གང་ཡིན་ནམ ༤༠) ཕོ་ལོ་དྲུག་ཅུ་བདུན་ཅུ་ཅན་ལ་མནའ་མ་ལོ་ཆུང་བླངས་ན་ཕྲུ་གུ་སྐྱེ་ཆོག་ལ་མོ་ལོ་ལྔ་བཅུ་ཅན་གྱིས་ཁྱོ་ག་ལོ་ཆུང་བླངས་ཀྱང་ཕྲུ་གུ་སྐྱེ་མི་ཐུབ་པ་ཅི་ཡིན་ནམ།༤༡) བརྒྱུད་གཏོང་སྐབས་ཕ་ལས་ཚོས་ཕུང་ཡ་མ་གཏོགས་ཆ་འགྲོ་མི་ཐུབ་པ་གང་ཡིན་ནམ། ཕ་ལ་ཆ་བྱས་ནས་ཡོད་བཞིན་བརྒྱུད་གཏོང་བྱེད་མི་ཐུབ་པའི་རྒྱུ་མཚན་གང་རེད།
༧༨) ང་ཚོའི་ཕུང་པོར་དགོས་མཁོ་ཡོད་པའི་སྤྲི་དཀར་ཚང་མ་ཕྲ་ཕུང་ནང་ནས་བཟོ་ཐུབ་ཀྱི་ཡོད་ན་ང་ཚོས་ཅིའི་ཕྱིར་ཁ་ཟས་ཟ་དགོས་ཀྱི་ཡོད་པ་ཡིན་ནམ།  ༧༩) ནང་པས་རྣམ་ཤེས་ཀྱི་ས་བོན་ཞེས་བཤད་པ་དང་ཚན་རིག་པས་རིགས་རྫས་ཞེས་བཤད་པ་གཉིས་གནད་གཅིག་གི་ཐོག་འབབ་ཀྱི་ཡོད་དམ་མེད། ༨༠) ནང་པའི་གཞུང་ལས་ཕྱགས་མ་སོགས་ཀྱི་རྣམ་པ་ཅན་གྱི་སེམས་ཅན་ལྟ་བུ་ཕར་བལྟས་པ་ཙམ་གྱིས་སེམས་ཅན་ཞིག་གམ་སེམས་མེད་བེམ་པོ་ཞིག་ཡིན་པ་དབྱེ་བ་འབྱེད་པ་དཀའ་བ་དེ་འདྲ་ཡོད་པར་གསུངས་ཡོད། ཚན་རིག་པས་དེ་ལྟ་བུ་འདོད་དམ་མི་འདོད།
༨༡) ནང་ཆོས་ལྟར་ན་འཛམ་གླིང་འདིར་འགྲོ་བ་མི་དང་པོ་གྲུབ་དུས་ལུས་ལ་འོད་ཡོད་པ་དང་བཤང་གཅིའི་བུ་ག་མེད་པ། ཉི་མ་དང་ཟླ་བ་མ་གྲུབ་གོང་ཞིག་ཡིན་པར་བཤད་པ་དང་། ཚན་རིག་པས་མིའི་ལུས་ལ་འོད་ཡོད་མ་མྱོང་ཞིང་བཤང་གཅིའི་བུ་ག་མེད་མ་མྱོང་བ། ཉི་ཟླ་གྲུབ་པའི་རྗེས་ཀྱི་སྐྱེ་དངོས་ཚང་མ་བྱུང་རིམ་ནང་ནས་ཕལ་ཆེར་འགྲོ་བ་མི་གསར་ཐོན་པ་ཞིག་ཡིན་པར་བཤད་ཡོད།༨༢) ནང་ཆོས་ལྟར་ན་འགྲོ་བ་མི་ཞེས་པ་ཚེ་ལོ་དཔག་མེད་ཐུབ་པའི་དུས་ཅིག་བྱུང་ཡོད་པ་དང་ལུས་ཀྱང་རི་ལྟར་ཆེན་པོ་ཡིན་པའི་དུས་ཅིག་བྱུང་བ། བསྐལ་བ་མར་འགྲིབ་ཀྱི་ནང་དུ་མིའི་ཚེ་ལོ་ཐུང་ནས་ཐུང་དུ་འགྲོ་བ་དང་ལྷན་གཟུགས་ཀྱང་ཆུང་ནས་ཆུང་དུ་འགྲོ་བར་བཤད་པ་དང་། ཚན་རིག་པས་འགྲོ་བ་མི་ཞེས་པ་འཕེལ་འགྱུར་ཐོག་ནས་ཕྱིར་བལྟས་ན་རང་གི་ཕ་མེས་དེ་ཐོག་མར་རྒྱ་མཚོའི་ནང་ཧ་ཅང་སྟབས་བདེ་པོ་ཧ་ཅང་ཆུང་ཆུང་ཕྲ་མོ་ཞིག་ལས་ཉེ་རིགས་ཐ་དད་པ་མང་པོ་ཞིག་བརྒྱུད་ནས་གཟུགས་པོ་ཆེ་རུ་སོང་ཡོད་ལ་ཚེ་ཚད་ཀྱང་འཕར་ནས་ཡོང་བར་བཤད་ཡོད། ༨༥) ནང་ཆོས་ལས་བསྐལ་པ་དང་པོ་ནས་སྙིགས་མའི་བསྐལ་བའི་བར་གྱིས་སེམས་ཅན་གྱི་ལུས་དང་ལོངས་སྤྱོད་དབང་ཐང་སོགས་གོ་རིམ་ཡོད་པའི་ཐོག་ནས་འཕེལ་འགྲུབ་འགྲོ་གི་ཡོད་པ་དང་། དེ་ཡང་སེམས་ཅན་སོ་སོའི་ཚེ་སྔོན་བསགས་པའི་ལས་བསོད་ནམས་ཀྱི་མཐུ་ལས་བྱུང་བར་གསུངས། ཚན་རིག་པས་དེ་ལྟ་བུའི་འཕེལ་འགྲུབ་ཅིག་མི་འདོད་ལ་སྲོག་ལྡན་རྣམས་ཀྱི་ལུས་ལོངས་སྤྱོད་དེ་དག་དུས་ཀྱི་རིམ་པའི་ནང་དུ་བྱུང་བའི་རང་བྱུང་གི་དངོས་པོའི་ཆོས་ཉིད་ཅིག་ལས་བྱུང་བར་བཤད།
༤༢) ཚན་རིག་པས་རྣམ་ཤེས་ཁས་མ་བླངས་དུས་རྣམ་ཤེས་མའི་མངལ་དུ་ཞུགས་པ་དང་ཕྲུ་གུ་ཆགས་པར་བཤད་མི་ཐུབ་པས་ཕྲུ་གུ་ཆགས་པའི་ཚད་ཇི་ལྟར་འཇོག་དགོས་སམ། ༤༣) ལུས་རྒྱག་པ་ཚད་མེད་ཆགས་པ་དང་འགའ་ཞིག་སྐམ་པོར་གནས་པ་འདི་ལ་རིགས་རྫས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་དམ། ༤༤) ཉེ་རིགས་གཅིག་ལས་སྲོག་ལྡན་ཚང་མ་བྱུང་བ་ཡིན་ན་ཉེ་རིགས་དེ་ཡང་ཐོག་མར་མགོ་གང་ནས་བྱུང་བ་རེད། སྲོག་ལྡན་རྐང་གཅིག་ལས་བྱུང་བ་ཡིན་ནམ་མིན།
༤༥) ཐོག་མའི་ཉེ་རིགས་དེ་འབྱུང་སྐབས་དེ་ལས་གཞན་པའི་ས་གནས་སུ་གཞན་དང་གཞན་དུ་དེ་འདྲ་འབྱུང་ཆོག་གམ་མི་ཆོག ༤༦) ཉེ་རིགས་རྐང་གཅིག་བྱུང་བ་ཡིན་ན་ཕྱིས་སུ་དེ་དང་འདྲ་བའི་སྲོག་ལྡན་ས་གནས་གཞན་དང་གཞན་དུ་ཡོང་མི་ཆོག་པའི་རྒྱུ་མཚན་གང་ཡིན། ༤༧) ཁམས་དམར་སྒོ་ངའི་ནང་ Y གཟུགས་ཅན་གྱི་ཚོང་ཕུང་ཡོང་གི་ཡོད་དམ་མེད། ༤༨) RNA སྔོན་ལ་བྱུང་བ་དང་ DNA རྗེས་ལ་བྱུང་བ་གོ་བས་དེ་བདེན་པ་ཡིན་ནམ་མིན། བརྡ་སྐྱེལ་RNAབརྡ་ཞིག་སྐྱེལ་བར་བཤད་ཀྱང་གོ་མ་སོང་བས་བརྡ་ག་རེ་བསྐྱེལ་བ་ཡིན། ༤༩) ཨ་མེ་ནོ་སྐྱུར་རྫས་གང་འདྲ་ཞིག་བཟོ་བཞིན་ཡོད་དམ། སྤྲི་དཀར་ནི་དབང་པོ་སོ་སོར་ལས་ཀ་སྐུལ་མཁན་ཞིག་ཡིན་པར་བཤད་པ་དང་། སྤྲི་དཀར་རྣམས་ལུས་གྲུབ་བྱེད་ཅིག་ཡིན་པར་ཡང་གོ་བས་དེ་གཉིས་ལ་འགལ་བ་འདྲ་ཞིག་མཐོང་བས་གསལ་བྱེད་གནང་རོགས། སྤྲི་དཀར་དེ་སྟངས་འཛིན་བྱེད་མཁན་ཡིན་ནམ་བྱེད་ས་ཡིན།  ༥༠) གཞི་རྐང་གི་སྒྲིག་སྟངས་གཅིག་ཀྱང་ནོར་འཁྲུལ་མེད་པ་ཞིག་ཡོང་མི་སྲིད་པ་ལྟ་བུར་ཟེར་ཡང་གལ་སྲིད་དེ་འདྲའི་ནོར་འཁྲུལ་གཏན་ནས་མེད་པ་ཞིག་ཡོད་ན་དེས་ཁྱད་པར་ག་རེ་བཟོ་སྲིད་དམ། ༥༡) ལོ་བརྒྱ་ཕྲག་ཁ་ཤས་གོང་གི་མིའི་ཚེ་ཚད་དེ་ད་སྐབས་དང་བསྡུར་ན་ཐུང་བ་དང་ལོ་སུམ་ཅུ་ཙམ་ཚེ་ཚད་དུ་འཇོག་གི་ཡོད་ན། དེ་ཚོ་ལོ་སུམ་ཅུ་ལོན་པ་ན་རྒན་རྒོན་ཆགས་ཡོད་དམ་མེད། ༥༢) རིགས་རྫས་ཀྱི་ནུས་པའི་ཐོག་ནས་ཚེ་ཚད་བཤད་ཐུབ་ན་བསྐལ་བ་ཡ་ཐོག་གི་སེམས་ཅན་རྣམས་ཚེ་ཚད་རིང་བར་བཤད་དགོས་པ་མ་ཡིན་ནམ། དེའི་སྐབས་ཁོར་ཡུག་གཙང་ཞིང་ནད་ཡམས་ཉུང་བས་སོ།།༥༣) ཚེ་ཚད་རིང་དུ་འགྲོ་བ་དེ་ཚན་རིག་ལག་རྩལ་མཐོ་རུ་སོང་ནས་རིགས་རྫས་ལ་ཤུགས་རྐྱེན་ཐེབས་པ་ལས་བྱུང་བ་མ་ཡིན་པར་གཙོ་བོ་ཕྱིའི་ཁོར་ཡུག་ལ་ལྟོས་ནས་ཡོང་བ་ཞིག་མ་ཡིན་ནམ།༥༤) ཚན་རིག་ཐོག་ནས་བཤད་ན་མིའི་ཚེ་ཚད་འཕར་བཞིན་པ་རེད་ཟེར། དེས་ན་ལོ་འདི་ཙམ་ཞིག་གི་ནང་ལ་ཚེ་ཚད་འདི་འདྲ་ཞིག་འཕེལ་ཞེས་པའི་ཚད་གཞི་འདྲ་ཡོད་དམ།༥༥) མཚན་མེད་དང་མཚན་མེད་མ་ནིང་རྣམས་རིགས་རྫས་ཀྱི་ཐོག་ནས་ཇི་ལྟར་ཡོང་གི་ཡོད་དམ།༥༦) ནང་ཆོས་ལས་མིའི་ཚེ་ཚད་ཐུང་དུ་འགྲོ་བར་བཤད་ན་དེའི་རྒྱུ་རྐྱེན་གང་གི་དབང་གིས་འབྱུང་གི་ཡོད་དམ། དེ་ལ་ལས་དང་བསོད་ནམས་ཀྱི་སྐད་ཆ་བཞག་ནས་འགྲེལ་བཤད་རྒྱག་སྟངས་རེ་ཡོད་དམ་མེད། ༥༧) བོད་ཀྱི་སྨན་གཞུང་ལྟར་ན་ཕ་མའི་ཁུ་ཁྲག་གཉིས་ལས་ཁུ་བ་མང་ན་བུ་སྐྱེ་བ་དང་ཁྲག་མང་ན་བུ་མོ་སྐྱེ་བ། མང་ཉུང་མཉམ་ན་བུ་བུ་མོ་མཚེ་མ་རེ་སྐྱེ་སྲིད་པ་དང་ཡང་ན་མ་ནིང་སྐྱེ་བར་བཤད། དེ་དག་རྒྱུ་རྐྱེན་གང་འདྲ་ཞིག་གི་ཐོག་ནས་ཡོང་གི་ཡོད་པ་ཡིན་ནམ། ༥༨) ཚན་རིག་པ་ཚོས་གནའ་བོའི་མི་རྣམས་ཚེ་ཚད་ལོ་སུམ་ཅུ་ནང་དང་ད་ལྟའི་མི་རྣམས་ཚེ་ཚད་བདུན་ཅུ་དོན་ལྔ་ཡིན་པ། མ་འོངས་པར་ཚེ་ཚད་ལོ་གཅིག་སྟོང་བསྡད་ཆོག་པའི་ཚོད་དཔག་བྱེད་པ་ཡིན་ཟེར། དེ་ལྟར་བཤད་མཁན་གྱི་ཚན་རིག་པ་དེའི་མིང་ལ་ཅི་ཟེར། སུ་ཞིག་གིས་དེ་ལྟར་བཤད་པ་ཡིན། ཁུངས་གང་ན་འདུག  ༥༩) རང་བྱུང་འདེམས་སྒྲིག་གི་ལྟ་གྲུབ་དང་།  ཁྲིམས་གཉིས་བར་ལ་འགལ་འདུ་ཡོད་པར་བཤད་པ་གོ་བས་ཇི་ལྟར་འགལ་འདུ་ཡོང་སྟངས་བཤད་པར་ཞུ། ༦༠) ནང་ཆོས་ལས་ཚེ་མ་ཟད་ཀྱང་བསོད་ནམས་ཟད་ནས་ཤི་བ་ཞེས་པ་ཞིག་འདུག དེས་ན་དེ་འདྲའི་གང་ཟག་གི་ཚེ་མ་ཟད་པར་བསོད་ནམས་ཟད་པ་ཡིན་པ་ག་འདྲ་ཞིག་ཤེས་ཐུབ་པ་ཡིན། རྣམ་སྨིན་ཟད་ཡོད་དམ་མེད། ཟད་ཡོད་ན་ཚེ་མ་ཟད་དོན་གང་ཡིན།༦༡) བུད་མེད་ཁ་ཤས་ལ་བུ་སྐྱེས་པ་ནས་སྲོག་མེད་པ་རེ་སྐྱེ་བཞིན་ཡོད་ན་དེའི་རིགས་ལ་དང་པོ་མངལ་དུ་རྣམ་ཤེས་ཡོད་པ་ཤིག་ཤི་བ་ཡིན་ནམ། བུ་མངལ་དུ་ཆགས་པ་ལ་རྣམ་ཤེས་ངེས་པར་ཞུགས་དགོས་པ་ཡིན་ནམ། རྣམ་ཤེས་མ་ཞུགས་གོང་གཟུགས་ཕུང་ཆགས་པ་ཡོད་དམ་མེད།༦༢) ནང་པས་མའི་མངལ་དུ་ཁུ་ཁྲག་འདུས་པ་ལ་རྣམ་ཤེས་ནམ་ཞུགས་པ་ན་ཕྲུ་གུ་ཆགས་པར་ངོས་འཛིན་བྱེད་པ་འདྲ་ཡང་ཚན་རིག་པས་ཕྲུ་གུ་ཆགས་པའི་ཚད་དེ་གང་ནས་འཇོག་གམ།༦༣) ཕྲ་ཕུང་ནང་དུ་དེ་ལྟར་སྤྲི་དཀར་བཟོ་བ་ལ་སོགས་པ་ཅི་ཞིག་འཁྲབ་སྟོན་བྱེད་པ་དེས་ཕྲ་ཕུང་ཕྱི་ལོགས་ཀྱི་ལུས་ཀྱི་ཆ་གཞན་ལ་ཅི་ཞིག་གི་ཤུགས་རྐྱེན་ཐེབས་སྲིད་དམ། ༩༠) ནང་ཆོས་ལས་མའི་མངལ་དུ་བུ་ཆགས་སམ་བུ་མོ་ཆགས་པ་བར་དོ་བའི་རྣམ་ཤེས་ཀྱིས་ཆགས་སྡང་ཇི་ལྟར་སྐྱེ་ཚུལ་ལ་རག་ལས་པ་སོགས་བཤད་ཀྱང་ཚན་རིག་པས་རིགས་རྫས་བརྒྱུད་གཏོང་བྱེད་སྟངས་ཁོ་ནའི་ཐོག་ནས་ཐག་གཅོད་བྱེད་པ་ཡིན། སྤུ་ཐུང་དུ་འགྲོ་བ་དང་གོས་གྱོན་པ་གཉིས་ལས་གང་སྔོན་ལ་བྱུང་།
༨༨) ནང་ཆོས་ལྟར་ན་རྨ་བྱའི་མདོངས་དང་མིའི་མིག་ལྟ་བུའི་ཡ་མཚན་ཅན་གྱི་དབང་པོའི་མ་ལག་དེ་དག་འགྲོ་བ་རང་གི་ཚེ་སྔོན་ལས་དབང་ལས་གྲུབ་པར་བཤད་པ་དང་། ཚན་རིག་པས་སྐྱེ་བ་སྔ་མའི་ཚབ་ལ་རྒྱུད་པ་སྔ་མ་འཇོག་པ་དང་ལས་དབང་གི་ཚབ་ལ་རང་བྱུང་འདེམས་སྒྲུག་བཞག་ནས་ག་ལེ་ག་ལེར་འགྱུར་བ་སོང་ནས་འདི་ལྟ་བུ་ཆགས་ཅེས་བཤད་པ་ཡིན། ༨༩) ནང་ཆོས་ལས་མི་ལ་སྐྱེ་གནས་བཞི་ག་ཡོད་པ་དང་མཚན་གཉིས་མཚན་མེད་འགྱུར་བ་མ་ནིང་གསུམ་ཡོད་པར་བཤད་པ་དང་། ཚན་རིག་པས་མི་ལ་སྐྱེ་གནས་གཅིག་ལས་མ་བཤད་ལ་སྐྱེས་ཚར་བའི་མི་དེའི་མཚན་འགྱུར་འགྲོ་བ་དང་། ཡར་ངོ་མར་ངོར་མཚན་མ་འགྱུར་བའི་འགྱུར་བ་མ་ནིང་ཞིག་ཁས་ལེན་མི་བྱེད། ༨༣) ནང་ཆོས་ལྟར་ན་འགྲོ་བ་མི་སོགས་སྐྱེ་ལྡན་རྣམས་འཛམ་གླིང་ཐོག་བྱུང་བ་ནས་ད་བར་རང་རང་སོ་སོའི་རིགས་དེ་མུ་མཐུད་ནས་བྱུང་བ་ཡིན་ལ་སོ་སོའི་རྒྱུད་པ་ཡར་འདེད་ན་རང་རང་སོ་སོ་ལ་དབང་བའི་མེས་པོ་རེ་རེ་ཡོད་པར་བཤད་པ་དང་། ཚན་རིག་པས་ད་ཡོད་ཀྱི་སྐྱེ་ལྡན་ཡོད་དོ་ཅོག་གི་རྒྱུད་པ་ཡར་དེད་ནས་ཕྱིན་ན་རང་གི་ཉེ་རིགས་མ་ཡིན་པ་མང་པོ་ཞིག་ནས་འགྱུར་བཞིན་ཡོང་བ་དང་རྩ་བ་ཉེ་རིགས་གཅིག་ཁོ་ན་ལས་བྱུང་བར་བཤད་ཡོད། ༨༤) ནང་ཆོས་ལྟར་ན་ད་སྐབས་སྙིགས་མ་ལྔ་བསྡུས་ཀྱི་དུས་ཚོད་ལ་སླེབས་བཞིན་པ་ཡིན་པས་འགྲོ་བ་མི་རྣམས་ཀྱི་ལུས་སེམས་གཉིས་ཀ་མར་ཉམས་རྒུད་འགྲོ་བཞིན་པར་བཤད་པ་དང་། ཚན་རིག་པ་ལྟར་ན་འགྲོ་བ་མི་རྣམས་འཛམ་གླིང་འདིར་བྱུང་བ་ནས་ད་བར་ལུས་ཇེ་ལེགས་དང་རིག་པ་ཇེ་ཡག ཀླད་པ་ཇེ་ཆེར་འགྲོ་བཞིན་པ་བཤད་ཡོད།
༨༥) ནང་ཆོས་ལས་བསྐལ་པ་དང་པོ་ནས་སྙིགས་མའི་བསྐལ་བའི་བར་གྱིས་སེམས་ཅན་གྱི་ལུས་དང་ལོངས་སྤྱོད་དབང་ཐང་སོགས་གོ་རིམ་ཡོད་པའི་ཐོག་ནས་འཕེལ་འགྲུབ་འགྲོ་གི་ཡོད་པ་དང་། དེ་ཡང་སེམས་ཅན་སོ་སོའི་ཚེ་སྔོན་བསགས་པའི་ལས་བསོད་ནམས་ཀྱི་མཐུ་ལས་བྱུང་བར་གསུངས། ཚན་རིག་པས་དེ་ལྟ་བུའི་འཕེལ་འགྲུབ་ཅིག་མི་འདོད་ལ་སྲོག་ལྡན་རྣམས་ཀྱི་ལུས་ལོངས་སྤྱོད་དེ་དག་དུས་ཀྱི་རིམ་པའི་ནང་དུ་བྱུང་བའི་རང་བྱུང་གི་དངོས་པོའི་ཆོས་ཉིད་ཅིག་ལས་བྱུང་བར་བཤད།མཁས་དབང་རྣམ་པ་ཚོ། ཚེ་ནི་སྲོག་ཡིན་ལ་སྲོག་ནི་སྐྱེ་བ་སྔ་མའི་ལས་ཀྱི་རྣམ་སྨིན་ཡིན་པས་རང་གི་ཕ་མ་ལས་བྱུང་བའི་རིགས་རྫས་ཀྱིས་ཚོད་འཛིན་ཇི་ལྟར་བྱེད་ཐུབ་བམ།  གློ་བུར་ལྟེས་དབང་ལས་བྱུང་བའི་གྲུབ་འབྲས་འགའ་ཞིག་མ་གཏོགས་ཕྲུ་གུའི་ཚེ་རིང་ཐུང་དང་ཕོ་མོ་བྱེད་གཟུགས་ཀུན་སྤྱོད་བཟང་ངན་བདེ་སྡུག་ཆ་ཚང་བ་ཞིག་རིགས་རྫས་ནས་བཀོད་བསྒྲིག་བྱས་ཏེ་འབྱུང་གི་ཡོད་པ་དཔང་རྟགས་ཁུངས་བཙན་རྒྱང་ཤེལ་ནས་དབང་པོའི་མངོན་སུམ་གྱིས་གསལ་པོར་རྟོགས་ཟིན་པ་དེ་ལྟར་ནའང་ད་དུང་དེ་ལ་རྒྱུ་གཞན་རང་གི་སྐྱེ་བ་སྔ་མའི་འཕེན་བྱེད་ལས་དེ་ཅིའི་ཕྱིར་དགོས་པ་ཡིན་ནམ། རྒྱུ་རྐྱེན་གང་ཞིག་ལས་འབྱུང་བ་གསལ་པོར་མཐོང་བཞིན་དུ་མི་མངོན་པའི་རྒྱུ་གཞན་ཞིག་ཡོད་པར་མཛུམ་མོ་བཙུགས་སྟངས་དེ་ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་ལ་ཞེན་ལྐུགས་བྱེད་སྟངས་ཤིག་མ་ཡིན་ནམ། མ་ཚང་མེད་རྒྱུ་འདིར་ཡོད་ན། ། དེ་ལ་རྒྱུ་གཞན་ཅི་ཞིག་དགོས། ། རིགས་རྫས་ཚོད་འཛིན་བཀོད་བསྒྲིག་འོག །  ལས་ཀྱིས་འཕངས་པ་རྒྱང་དུ་ཡལ། ། ཕྲ་ཕུང་བགོ་བཤའ་ཐེབས་དུས། ཤི་མིན་གསོན་མིན། རང་ཞིགའབྲས་ནད་སྐྱེདཔ། མཐུད་ནས་བགོ་བཤའ་རྒྱག་འཇུག་པ། བརྟག་དཔྱད་བརྒྱུད་རིམ། ངེས་མེད་ཀྱི་ཙི་ཙིའི་དེ། ལོ་ལྔ་བརྒྱའི་གོང་ལས་ད་སྐབས་ཚེ་ཐག་རིང་བ། མ་འོངས་པ།༡༽ མིའི་རིགས་ཀྱིས་གྱོན་པ་ག་དུས་དང་ཅིའི་ཕྱིར་གྱོན་འགོ་བཙུགས་སམ། ཡང་ན་མིའི་སྤུ་འཆོར་བའི་དུས་རིམ་གང་ཞིག་ནས་བཙུགས་སམ། འདོམ་སྦས་དགོས་པ་འདི་ལ་འགྲེལ་བཤད་ཡོད་དམ་དོན་གང་ཡིན། ༢༽ གལ་སྲིད་ལོ་ས་ཡ་གསུམ་གྱི་གོང་དུ་སྤྲ་ཤིག་ལས་མི་ལ་འགྱུར་བའི་རྒྱུད་རིམ་ཞིག་བྱུང་ཡོད་ན་དུས་ཀྱི་རིམ་པའི་རྒྱུད་རིམ་ནང་དུ་སེམས་ཅན་གཞན་དང་གཞན་གང་དག་བྱུང་ཡོད། དེ་བཞིན་ད་ལྟ་གང་དང་འགྱུར་བཞིན་ཡོད་པ་ཤེས་ཚོར་འབྱུང་གི་ཡོད་དམ། ཡང་ན་མ་འོངས་བར་ག་འདྲ་ཞིག་འབྱུང་ངེས་པའི་ཚོད་དཔགས་གང་དང་གང་བྱེད་ཀྱི་ཡོད།  ༣༽ མིའི་རིགས་ནི་ལུས་པོའི་གྲུབ་སྟངས་ཀྱི་ཐོག་ནས་བཤད་ན་ཤ་བཟན་མིན་རབས་བཤད་མཁན་འདུག་པ་ལ་འཕེལ་འགྱུར་རིག་པའི་ཐོག་ནས་ལན་གང་ཡོད། ༤༽ མིའི་རིགས་ཀྱི་ཕྲུ་གུ་འཚར་ལོངས་བྱེད་པར་སེམས་ཅན་གཞན་ལས་འགོར་བ་ཡོད་པ་ལ་འཕེལ་འགྱུར་རིག་པའི་ཐོག་ནས་འཆད་ཚུལ་ཡོད་དམ། ༥༽ འཕེལ་འགྱུར་རིག་པའི་ཐོག་ནས་བཤད་ན་མིའི་རིགས་ལ་བརྩེ་བ་དང་བྱམས་པ། འཆར་གཞི་སོགས་དུས་རིམ་གང་ཞིག་ནས་སྨིན་འགོ་བཙུགས་ཡོད་དམ། ༦༽ མིའི་རིགས་ཀྱིས་ཨ་ཨོ་སོགས་ཀྱི་འབོད་སྒྲ་ཙམ་མ་ཡིན་པར་ཅུང་ཚད་མཐོ་བའི་སྐད་ཆ་བཤད་འགོ་ག་དུས་བཙུག་ཡོད་དམ། མི་ཁོ་ནས་སྐད་ཆ་བཤད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།  ༦༤) ཕྲ་མཐོང་ཆེ་ཤེལ་འོག་ནས་ཌི་ཨེན་ཨེ་མཐོང་བར་རྫས་ཤིག་དགོས་པར་སྣང་ཡང་རྫས་དེ་གང་ཡིན་དང་གང་ནས་རག་ཐུབ་མིན་མ་ཤེས་པས་དེ་གང་འདྲ་ཡིན་ནམ། ༦༥) སྐྱེ་དངོས་རྣམས་ཐོག་མར་སྟབས་བདེ་བོ་ཞིག་ནས་མགོ་རྙོག་པོ་ཞིག་གི་ཐོག་རྒྱུ་མཚན་ཅིའི་ཕྱིར་འགྲོ་དགོས་པ་ཡིན་ནམ། ཇི་ལྟར་འགྲོ་བ་ཡིན་ནམ། ནམ་ཞིག་ཡར་རྒྱས་འགྲོ་བ་མཚམས་བཞག་ནས་ཇེ་སྡུག་ཏུ་འགྲ་བ་ཡོད་ཆོག་གམ། ༦༦)  མའི་མངལ་དུ་ཕ་མའི་ཕྲ་ཕུང་འདུས་པའི་ནང་བའི་སྒོ་ངའི་ནང་ཚོས་ཕུང་ཆ་གཅིག་སྣོན་ནས་བླུགས་ན་མི་ཆགས་ཐུབ་བམ་མི་ཐུབ།ཡང་ན་ཉེ་རིགས་གཞན་ཞིག་ཆགས་འགྲོ་བ་ཡིན་ནམ། ༦༧) མིའི་སྤྱང་གྲུང་དོད་མིན་དེ་རིགས་རྫས་ཀྱི་ནང་དུ་གཞི་ཟུང་སྡེབ་སྒྲིག་གི་སྟེང་ནོར་འཁྲུལ་གྱི་ཆ་མང་མིན་ལ་བརྟེན་ནས་འབྱེད་ཐུབ་ཀྱི་ཡོད་དམ། ཡང་ན་ཀླད་རྩའི་ཐོག་ནས་བཤད་པ་ཡིན། ༦༨) ཐོག་མའི་ཉེ་རིགས་ལ་སེམས་མེད་པ་ཡིན་ན། ནམ་ཞིག་སེམས་མེད་ཅིག་སེམས་ལྡན་གྱི་ཉེ་རིགས་ཀྱི་ངོར་སོང་བ་ཡིན་ནམ། སེམས་ལྡན་གྱི་ངོར་འགྲོ་བར་ཆ་རྐྱེན་གང་ཞིག་དགོས་པ་ཡིན་ནམ། ༦༩) སྔར་གྱི་གནས་སྐབས་སུ་སྐྱེ་ལྡན་མིན་པ་ཞིག་སྐྱེ་ལྡན་གྱི་ངོར་འགྲོ་ཆོག་ལ་ད་སྐབས་མི་ཆོག་པའི་རྒྱུ་མཚན་ཅི་ཞིག་ཡོད། ས་ཆ་ལ་ལར་འདམ་གཞུང་ནང་ལྷམ་ཟགས་པ་སྦལ་བ་ལྟ་བུའི་སེམས་ཅན་ཆགས་འགྲོ་བ་དང་སྐྲ་རྐང་ཟགས་པ་འབུ་ཆགས་འགྲོ་བ་ཡོད་པ་མ་ཡིན་ནམ། ༧༠) བརྡ་གཏོང་ཞེས་པ་ཕྲ་ཕུང་ཚང་མས་དུས་མཉམ་དུ་གཏོང་གི་ཡོད་དམ། ཡོད་ན་སུས་ཉན་དགོས་ཀྱི་ཡོད། ཡང་ན་ཕྲ་ཕུང་གཅིག་གིས་གཏོང་གི་ཡོད་དམ། ཕྲ་ཕུང་མི་འདྲ་བས་བརྡ་མི་འདྲ་བ་རེ་གཏོང་གི་ཡོད་དམ།

༧༡) ཤིང་སྡོང་དང་རྩི་ཤིང་གི་རིགས་ཀྱི་ཕྲ་ཕུང་རྣམས་ཀྱིས་བརྡ་གཏོང་རེས་བྱེད་ཀྱི་ཡོད་དམ་མེད། ཡལ་ག་ལ་རྨས་སྐྱོན་ཞིག་བྱུང་བ་ཡིན་ན་ཡལ་ག་རང་ལ་བསྐྱར་དུ་གསོ་བའི་ནུས་པ་ཡོད་པ་ལས་ཡལ་ག་གཞན་ལ་བརྡ་གཏོང་དགོས་ཀྱི་ཨེ་ཡོད་བསམ། ༧༢) སྤྲི་དཀར་ཞེས་པ་ངེས་པར་དུ་ཕྲ་ཕུང་ནང་ནས་བཟོ་དགོས་སམ་མི་དགོས། བཟོ་གྲྭ་ཁག་ནས་བཟོས་པའི་ཟས་ཀྱི་ནང་དུ་སྤྲི་དཀར་ཡོད་རབས་བཤད་པ་དེ་བདེན་ན་དེ་དག་གང་ནས་ཇི་ལྟར་བཟོས་པ་ཡིན་ནམ།༧༣) ཚན་རིག་པས་རྩི་ཤིང་སོགས་ལ་མེད་ལ་སེམས་ཅན་ལ་ཡོད་པར་འདོད་པའི་ཤེས་ཚོར་དེ་ཕྲ་མཐོང་ཆེ་ཤེལ་ལྟ་བུའི་འོག་ཏུ་བལྟས་ནས་མཐོང་ཐུབ་ཀྱི་ཡོད་དམ་མེད། མེད་ན་སྐྱེ་བ་སྔ་ཕྱིར་འགྲོ་བའི་རྣམ་ཤེས་ཤིག་ཁས་བླངས་ན་མི་ཆོག་དོན་ཅི་ཞིག་ཡོད་དམ། ༧༤) མིའི་ལུས་སྟེང་ནས་ཤུག་དེ་དྲོད་གཤེར་ལས་སྐྱེས་པ་དེ་རིགས་རྫས་ལ་ལྟོས་ཀྱི་མེད་པ་ལྟ་བུར་སྣང་བས་ཇི་ལྟར་ཡིན། དགུན་གྱི་དུས་སུ་འབུ་སྲིན་མང་པོ་མཐོང་རྒྱུ་མེད་པ་ལ་དཔྱིད་དུས་སུ་དྲོད་སླེབས་པ་ན་མང་པོ་ཞིག་དྲོད་དང་གཤེར་ལས་ཞིག་གསར་དུ་གསར་དུ་གྲུབ་པ་ལྟ་བུར་སྣང་བ་དེ་ཇི་ལྟར་ཡིན། ༧༥) ཚན་རིག་པས་བརྟག་དཔྱད་ཁང་ནས་སྲོག་ཆགས་གསར་པ་བཟོ་ཐུབ་ཀྱི་ཡོད་པར་གོང་ས་མཆོག་གིས་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་དེབ་ནང་གསུངས་འདུག དེས་ན་སྲོག་ཆགས་ཤིག་གྲུབ་པར་དེ་ངེས་པར་དུ་རང་གི་རྒྱུད་པ་སྔ་མ་ཞིག་ལས་བྱུང་མི་དགོས་པ་ལྟ་བུར་མཐོང་བས་སྲོག་ཆགས་ཚང་མ་མེས་པོ་གཅིག་ལས་བྱུང་དགོས་ཞེས་པ་ཇི་ལྟར་ཁུངས་སྐྱེལ་བྱེད་ཐུབ།༧༦) ཕྲ་ཕུང་ནང་དུ་སྤྲི་དཀར་བཟོས་པས་ཕྱིའི་གཟུགས་པོའི་བཟོ་རྣམ་ལ་ཁྱད་པར་གང་འདྲ་ཞིག་གཏོང་ཐུབ་ཀྱི་ཡོད། ལུས་ཀྱི་འབུར་འབུར་དགོས་སར་འབུར་འབུར། ཀོང་ཀོང་དགོས་ས་ལ་ཀོང་ཀོང་ཆགས་པ་དེ་ཇི་ལྟར་ཡིན།  ༧༧) མི་ལ་སོགས་པ་སྲོག་ཆགས་རྣམས་གནའ་ནས་ད་བར་གཟུགས་པོའི་བྱད་དབྱིབས་ཀྱི་ཆ་ནས་ཇེ་ལེགས་ནས་ཇེ་ལེགས་སུ་ཇི་ལྟར་འགྲོ་བ་ཡིན་ནམ། རྨ་བྱའི་མདོངས་ཡོང་སྟངས་དང་འདྲའམ།༨༦) ནང་ཆོས་ཀྱི་གཞུང་ལས་སྲོག་ལྡན་ཡིན་ན་སེམས་ཅན་ཡིན་དགོས་པ་དང་སེམས་ཅན་སྔར་མེད་གསར་སྐྱེ་མི་སྲིད་པ། སེམས་ཅན་གྱི་སྐྱེ་བ་ལ་ཐོག་མ་མེད་ལ་ཐ་མ་བཞག་ཆོག་པ་ལྟ་བུ་གསུངས་པ་དང་། ཚན་རིག་པས་སྲོག་ལྡན་ཡིན་ཚད་ལ་སེམས་ཅན་ཡིན་མི་དགོས་པར་རྩི་ཤིང་མེ་ཏོག་ལ་སོགས་པ་སྐྱེ་ཐུབ་པའི་དངོས་པོ་ཡོད་ཚད་སྲོག་ལྡན་ཡིན་པ་དང་། ཐོག་མའི་སྐབས་སུ་སེམས་ཅན་མ་ཡིན་པ་ཞིག་སེམས་ཅན་དུ་ཆགས་ཡོད་པ། སེམས་ཅན་དང་སྲོག་ཆགས་ཀྱི་ཐོག་མ་བཙལ་ན་རྒྱུད་པ་སྔ་མ་དེད་ནས་ཐོག་མ་འཇོག་པ་མ་གཏོགས་སྐྱེ་བ་སྔ་མ་མི་འཚོལ་བ། ཐ་མ་མཇུག་བསྡུ་ཚུལ་ཡང་སངས་རྒྱས་པ་ལ་མི་བཤད་པར་རྐྱེན་དབང་གིས་མཇུག་པ་ལ་བཤད།༨༧) ནང་ཆོས་ལས་མིའི་སྐྱེ་བ་ལེན་པ་ན་ཁག་གཅིག་མཛེས་ཤིང་ཡིད་དུ་འོང་བ་ཡིན་པ་ལ་འགའ་ཞིག་དབང་པོ་མ་ཚང་ཞིང་ཁ་ལྐུགས་པ། འགའ་ཞིག་མི་ཐུང་དང་འགའ་ཞིག་གཟུགས་རིང་ཡིན་པ། འགའ་ཞིག་རྣམ་དཔྱོད་ལྡན་ལ་འགའ་ཞིག་བླུན་པོར་སྐྱེ་བ། འགའ་ཞིག་འབྱོར་ལྡན་དང་འགའ་ཞིག་སྤྲང་པོར་སྐྱེ་བ་རྣམས་སྐྱེ་བ་སྔ་མའི་ལས་འབྲས་ཡིན་པར་བཤད་པ་དང་། ཚན་རིག་པས་ལས་འབྲས་ཞེས་པ་ཞིག་ཁས་མ་བླངས་པའི་ཐོག་ནས་ཁྱད་པར་དེ་དག་ཕ་མེས་ནས་བརྒྱུད་གཏོང་བྱས་པའི་རིགས་རྫས་བཟང་ངན་ལས་དང་ཀླད་པའི་དབང་རྩའི་གནས་བབ་ལས་འགྲེལ་བཤད་རྒྱག་གི་ཡོད།

0 comments:

ཟིན་བྲིས་འཚོལ་ཡུལ