དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 17 November 2013
Khenchen Lama
རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་དོན་འགྲུབ། །
དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར། །
འཁོར་སློབ་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། ། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
ཅེས་བསྟོད་ཚིག་གིས་མདུན་བསུས་ནས་མཆོག་གི་སྐུ་པར་མཇལ་བའི་མོད་ལ་དགའ་དད་སྤྲོ་བ་ཚད་ལས་འདས་པ་བཅས་སྨོན་པ།
ཨེ་མ་ཧོ། ། དཔལ་ལྡན་ཚོགས་ཟུང་ཡེ་ཤེས་རྒྱ་མཚོ་ལས། །
ལེགས་བཤད་བཀའ་གཏེར་ཡིད་བཞིན་བདུད་རྩིའི་མཛོད། ། སྐལ་བཟང་སྨིན་གྲོལ་གདམས་པའི་རིག་པ་འཛིན། །
སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞབས་བརྟན་ཤོག ། རིག་འཛིན་ཨོ་རྒྱན་པདྨའི་རྒྱལ་ཚབ་རྗེ། །
སྔ་འགྱུར་མཁས་གྲུབ་རྒྱལ་བའི་གདུང་སྲས་མཆོག །
འཇིགས་མེད་བློ་གྲོས་རྒྱ་མཚན་དཔལ་བཟང་པོའི། ། ཕྲིན་ལས་ཀུན་ཁྱབ་འཁོར་འདས་དཔལ་དུ་ཤོག །
སྐུ་མཆོག་འགྱུར་མེད་གསུམ་ལྡན་རྡོ་རྗེ་འཆང་། །
གསུང་དབྱངས་འགགས་མེད་ཟབ་རྒྱས་བསྟན་པའི་བདག །
ཐུགས་རྗེ་མཚུངས་མེད་མ་ལུས་འགྲོ་བའི་དོན། ། འབད་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག
།
ཅེས་པ་འདི་ཡང་རིག་འཛིན་ནམ་མཁའ་རྫོང་དུ་༧སྐྱབས་རྗེ་སློབ་དཔོན་དམ་པ་སྣ་ཚོགས་གཟུགས་ཅན་གྱིས་སྲོལ་རྒྱུན་དང་མཐུན་པའི་པད་ཞྭ་དང་ཆོས་གོས་དམར་པོ་གསེར་གྱི་རྡོ་རྗེས་མཛེས་པའི་སྔགས་འཆང་རིག་འཛིན་རྒྱལ་པོ་སྐུ་ཆས་སུ་གསོལ་ཞིང་སེངྒེས་རྒྱན་པའི་ཁྲི་ལ་བཞུགས་པར་མཇལ་བས་ཚེ་རབས་ཀུན་ཏུ་ཡང་གསང་བསྟན་པའི་དག་སྣང་རིག་པའི་རྒྱན་ཏུ་འཆར་བ་ཨེ་མ་ཧོས་སྨོན་ལམ་བདེན་ཚིག་ཐོལ་བྱུང་དུ་སྨོན་པར་དགེའོ།
།
Subscribe to:
Post Comments (Atom)
0 comments:
Post a Comment