དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 5 November 2013

༄༅། །མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་སྐུ་ཕྲེང་གསོལ་འདེབས།
 

ཨེ་མ་ཧོ།

ངོ་བོ་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང་༎

རང་བཞིན་མ་འགགས་ཡེ་ཤེས་རིགས་ལྔའི་ཚོགས༎

ཐུགས་རྗེའི་རོལ་རྩལ་རྒྱལ་ཀུན་དགྱེས་པའི་གར༎

ཁྱབ་བདག་མཁན་ཆེན་བླ་མ་གསོལ་བ་འདེབས༎

འགྲོ་ཀུན་མ་རིག་རྨོངས་མུན་བསལ་བའི་དཔལ།།

བྱང་ཆུབ་སྤྱོད་པ་རྒྱ་མཚོར་དགྱེས་མཛད་པ།།

གསང་ཆེན་ཐེག་པའི་རིག་འཛིན་རྡོ་རྗེ་འཆང་།།

མཁས་གྲུབ་རིག་འཛིན་བླ་མ་གསོལ་བ་འདེབས།།

སྔོན་ཚེ་དེ་བཞིན་གཤེགས་པ་དཔལ་དགྱེས་པ།།

བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་དབྱངས།།

བསམ་བཞིན་འགྲོ་ཁམས་འདྲེན་པའི་དེད་དཔོན་མཆོག།

སྐྱབས་གནས་དགེ་འདུན་རིན་ཆེན་གསོལ་བ་འདེབས།།

ཐུབ་པའི་སྤྱན་སྔར་འཕགས་པ་ཤྰ་རིའི་བུ།།

འཕགས་པའི་ཡུལ་དུ་འཇམ་དཔལ་བཤེས་གཉེན་དང་།།

གངས་རིའི་ལྗོངས་སུ་སངས་རྒྱས་ཡེ་ཤེས་རྗེ།།

ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གསོལ་བ་འདེབས། །

འབྲུག་པ་པདྨ་དཀར་དང་ཞིང་ཁྲོམ་རྒྱལ།།

ཡེ་ཤེས་རྡོ་རྗེ་གཏེར་ཆེན་རིག་པ་འཛིན།།

པདྨ་དྲག་སྔགས་གླིང་པར་གསོལ་བ་འདེབས།།

ཁྱད་པར་སྙིགས་མའི་དུས་ཀྱི་ཡང་མཐའ་རུ།།

བསམ་བཞིན་འགྲོ་ཁམས་འདྲེན་པའི་དགེ་བའི་བཤེས།།

རྫོགས་ཆེན་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ།།

མཁན་ཆེན་དཔལ་དགྱེས་རྡོ་རྗེ་གསོལ་བ་འདེབས།།

གངས་རིའི་ལྗོངས་འདིར་པདྨ་འབྱུང་གནས་བཞིན།།

བཀའ་དྲིན་མཚུངས་མེད་འབྲེལ་ཚད་དོན་ལྡན་མཆོག།

མཐོང་ཐོས་དྲན་རེག་སྨིན་གྲོལ་འགོད་མཛད་པ།།

ངག་དབང་ཆོས་དབྱིངས་བློ་གྲོས་གསོལ་བ་འདེབས།།

མ་འོངས་རིགས་ལྡན་དྲག་པོའི་དམག་དཔོན་ཆེ།།

བདེ་ཆེན་ཡེ་ཤེས་རྡོ་རྗེ་དྲག་པོ་རྩལ།།

བསྐལ་བཟང་སངས་རྒྱས་མོས་པ་མཐའ་ཡས་ཞེས༎

དུས་གསུམ་སངས་རྒྱས་བླ་མ་གསོལ་བ་འདེབས། །

རྩ་བརྒྱུད་བླ་མའི་ཐུགས་དང་དབྱེར་མེད་གྱུར། །

ཡི་དམ་ལྷ་ཡིས་མཆོག་ཐུན་དངོས་གྲུབ་བསྩལ། །

མཁའ་འགྲོ་ཆོས་སྐྱོང་ལུས་ངག་ཡིད་དང་འདྲིས། །

བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྲུབ་ཤོག །

ཅེས་པ་འདི་ཡང་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་ལ་མདོ་མཁྱེན་བརྩེའི་གཏེར་མ་དང་སེ་ར་ཡང་སྤྲུལ་དང་ཁྲོམ་དགེ་དང་འཇིགས་མེད་ཕུན་ཚོགས་དང་ཏྰ་རེ་ལྷ་མོ་སོགས་གཏེར་ལུང་དུ་མའི་གསུང་གི་ཟུར་རྒྱན་ནས་ཆོས་སྐྱོང་མགོན་པོས་རོང་བཙན་ཁ་བ་དཀར་པོ་ནས་སྙིང་ནས་གསོལ་བ་འདེབས་པར་དགེའོ། ། ཕྱི་ལོ་༢༠༠༣ ༣ ༣ ལའོ། །

0 comments:

ཟིན་བྲིས་འཚོལ་ཡུལ