དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 6 November 2013


བཀའ་བློན་ཁྲི་བའི་སྐྱེ་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །
ཨོཾ་སྭ་སྟི། །

བློ་བཟང་རྒྱལ་བའི་བསྟན་པ་ཡོངས་སུ་འཛིན། །
བཙན་བྱོལ་བོད་མིའི་ཆབ་ཁྲིད་གང་ནུས་སྐྱོང་། །
དགེ་ལུགས་གསར་རྙིང་སྤེལ་བའི་དགེ་རྒན་ཆེ། །
ཟམ་གདོང་རིན་ཆེན་ཚེ་རིང་ནད་མེད་ཤོག །
ཨེ་མ་ཧོས་ཆོས་གྲོགས་བེ་རིས་སྐུལ་བ་ལྟར་གང་ཤར་སྐྱེ་སྐར་ལ་ཕུལ་བར་དགེའོ། ། 
ཙི་ཙི་སྒམ་པོ། བཀུར་འོས་ཨེ་མ་ཧོ། དགེ་ལུགས་གསར་རྙིང་ཟེར་ན་གང་ལ་གོ་དགོས་སམ། ངས་ཐ་སྙད་འདི་ཐོས་པ་དང་པོ་ཡིན།
Tasee Seering ང་ཡང་དགེ་ལུགས་གསར་རྙིང་ཞེས་ཐོས་པ་དང་པོ་ཡིན།
ཐུབ་དགེ དགེ་ལུགས་པ་ལ་གསར་རྙིང་གཉིས་ཡོད་ན་གསར་པ་གང་དང་རྙིང་པ་གང་ཡིན་གསལ་བཤད་གཅིག་གནང་དང་དེ་སྔོན་ངས་ཐ་སྙད་དེ་གོ་མྱོང་མི་འདུག་མོད་འོན་ཀྱང་གསལ་བཤད་གཅིག་གནང་ན་བཟང་ས་རེད་གོ་མྱོང་མེད་མཁན་དང་གོ་འདོད་ཡོད་མཁན་གང་མང་མང་ཐོན་འདུག
Beri Jigme Wangyal མཁན་ཆེན་རིན་པོ་ཆེས་བཀའ་གདམས་གསར་རྙིང་ལ་དགོངས་པ་འདྲ།
Beri Jigme Wangyal སྙན་ངག་པ་ཚོ། མུ་མཐུད་ནས་ཡིན་ད།
Beri Jigme Wangyal མཁན་ཆེན་ཕེབས་པ་ལེགས།
Khenchen Lama ཨོ་ན་ཡང་་་་་་་ཨོ་ཡ་ཡ་ངོ་དེབ་གྲོགས་པོ་ཚོ། །དུས་སྙིགས་མ་ལྔ་ཡི་མར་བཤམས་ནས། །ཚིག་བདེན་པ་བཤད་མཁན་ཉི་སྐར་ཙམ། །དེ་བསམ་ཞིང་སྨྲ་བ་ཉུང་ན་མཛེས། །གྲོགས་རྣམ་དཔྱོད་ཅན་ཚོས་སྐུལ་བའི་ངོར། །དགེ་གསར་རྙིང་འདོད་པ་མདོར་ཙམ་བཤད། །སྤྱིར་ནང་པ་ཐམས་ཅད་དགེ་ལུགས་ལས། །དོན་སྡིག་ལུགས་མིན་པར་ཀུན་གྱིས་ཤེས། །དཔལ་སྔ་འགྱུར་རྙིང་མའི་ལྟ་གྲུབ་དང་། །ཕྱིས་གསར་འགྱུར་ཆོས་པའི་བཤད་སྒྲུབ་རྣམས། །ཆོས་རྣལ་མ་སྒྲུབ་ན་དགེ་བའི་ལུགས། །སྐྱབས་སྟོན་པ་གཅིག་གི་རྗེས་འཇུག་རེད། །ངས་བཤད་པའི་དགེ་ལུགས་གསར་རྙིང་དེ། །མདོར་བཀའ་གདམས་གསར་རྙིང་གཉིས་སུ་བྱུང་། །འབྲོག་དགེ་ལྡན་རྣམ་རྒྱལ་ཕོ་བྲང་ལ། །ཆོས་སྲིད་ལ་ཁ་ལོ་བསྒྱུར་ནས་བཟུང་། །ལས་དཀར་པོ་རྩ་ན་ནག་པོ་དར། །རྒྱ་དམར་པོའི་ངོ་སོ་འཚོ་མཁས་པའི། །ཆོས་མ་ཤེས་སྲིད་ལ་ཁ་གཡར་བའི། །ཕོ་རྒྱ་བོ་ལ་སོགས་དགེ་གསར་པ། །རྒྱལ་ཕྱི་ནང་རྣམས་ལ་ཁྱབ་འདི་གཟིགས། །དབུ་དཀར་པོ་ཟམ་གདོང་རིན་ཆེན་འདི། །གླིང་དཀར་པོའི་ཨ་ཁུ་ཁྲོ་ཐུང་བཞིན། །གོ་གཉིས་ཆོད་དགེ་མ་བུ་དོད་ཅིག །འཁྲབ་མཁས་པས་དགེ་ལུགས་གསར་པ་བརྗོད། །ཕ་བླ་མའི་དགོངས་པ་ཟིན་ཡོད་ཟེར། །མ་འགྲོ་བའི་སྡུག་བསྔལ་བསལ་ཡོད་ཟེར། །འདྲེ་གདུག་པའི་སེམས་དང་འགལ་མེད་ཟེར། །དེ་འདྲ་བའི་སྲིད་བློན་དགེ་རྒན་རེད། །གཏམ་གོ་ན་རྣ་བའི་བདུད་རྩི་ཡིན། །ཡང་མ་གོ་གླུ་ལ་འབྲེལ་བ་མེད། །ཁྱེད་དཔྱོད་ལྡན་ཀུན་གྱི་ཡིད་ལ་ཞོགས། ། ཕྱི་གླིང་ཚིག་ཇ་ཁང་ཞིག་ནས་ཨེ་མ་ཧོས་གང་དྲན་དུ་གླུ་རུ་བླངས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ