དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 19 December 2013

གྲོས་འདེབས་བདུད་རྩིའི་ཐིག་ལེ་བཞུགས་སོ།།

  

                   ཆོས་རྗེ་ཡིད་བཞིན་ནོར་བུ།
༄༅། །  གང་མཚན་རྣ་བའི་བཅུད་དུ་སོན་མ་ཐག །
སྙིང་ལ་ཡུན་རིང་གབ་པའི་གཏི་མུག་མུན། །
གཏན་དུ་འཇིལ་མཛད་འཇམ་དཔལ་དཔའ་བོ་དེས། །
དགེ་ལེགས་ཤིས་པའི་མེ་ཏོག་ཆར་དུ་སྙིལ། །
མི་གཞི་བཟང་ཞིང་ཚུལ་ཁྲིམས་རྣམ་པར་དག །
ཤེས་རབ་དྲི་མེད་གནས་ལ་ལེགས་སློབ་པའི། །
སྐལ་བཟང་དེ་ནི་དུས་གསུམ་རྒྱལ་བའི་སྲས། །
ཁོ་བོའི་སྙིང་གི་གྲོགས་པོ་མཐར་ཐུག་ལགས། །
མི་གཞི་བཟང་པོ་དེ་ཡང་གང་ཞེ་ན། །
བསམ་པ་དཀར་ཞིང་གཡོ་སྒྱུ་ཆུང་བ་དང་། །
ངང་བཟང་ཕྱི་ཐག་རིང་ཞིང་ཟུང་ཐུབ་ཅིང་། །
ཁོང་ཡངས་ཤེས་རྒྱ་ཆེ་བ་ཉིད་ཡིན་ནོ། །
ཚུལ་ཁྲིམས་རྣམ་དག་དེ་ཡང་གང་ཞེ་ན། །
བཀའ་དང་བསྟན་བཅོས་དག་ལས་བྱུང་བ་ཡི། །
བླང་དོར་མཐའ་དག་མིག་བཞིན་སྲུང་བ་ནི། །
སྙིགས་མའི་དུས་འདིར་ཧ་ཅང་དཀའ་མོད་ཀྱང་། །
སོར་བྱང་སྔགས་གསུམ་རང་རང་གཞུང་ལུགས་ལས། །
ཉིང་དགོས་འགྲུབ་ལ་དངོས་སུ་གེགས་བྱེད་པའི། །
རྩ་ལྟུང་དག་དང་རང་རྒྱུད་མི་འགྲོགས་པར། །
དུས་རྣམས་ཀུན་ཏུ་བརྩོན་པར་བྱེད་པ་ཡིན། །
ཤེས་རབ་དྲི་མེད་དེ་ཡང་གང་ཞེ་ན། །
ཡང་དག་གདམས་པའི་གནས་ལ་ཉིན་རེ་བཞིན། །
ཐོས་བསམ་སྒོམ་པའི་བརྩོན་པ་ལྷུར་ལེན་པ། །
དེས་ནི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །
ལམ་བཟང་མ་རྙེད་དང་པོའི་ལས་ཅན་དང་། །
སྟོང་སྒོམ་མུན་པར་འཕྱན་པའི་གྲུབ་བརྫུ་མཁན། །
སྨྲ་ལ་འཆེལ་བའི་མཁས་རློམ་འགའ་ཞིག་གིས། །
འདི་ཉིད་མཐོང་ན་དུག་ལ་སྨན་བཞིན་འགྱུར། །
འདི་ནི་རང་གི་རྒྱུད་ལ་གོམས་ཕྱིར་དང་། །
སྙིང་གི་གྲོགས་པོ་རྣམས་ལ་སྨན་སླད་དུ། །
རྣམ་དག་སེམས་ཀྱིས་སྨྲས་པའི་དགེ་བ་ཡིས། །
འགྲོ་ཀུན་འཇམ་དཔལ་ཉིད་དང་མཚུངས་པར་ཤོག །
      ཅེས་ཚིགས་བཅད་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་འདི་ནི་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་བཞུགས་པའི་འདུས་སྡེའི་གཙོས་ཁོ་བོའི་ངག་བཞིན་སྒྲུབ་པར་འདོད་པ་རྣམས་ཀྱིས་ཚིག་བློ་ལ་བཟུང་ནས་དོན་རྒྱུད་ལ་འབྱོར་བར་བྱེད་པར་ཞུ་ཞུ། ས་སྤྲུལ་ཟླ་༣པའི་ཚེས་༡༦ལ་ངག་དབང་བློ་གྲོས་མཚུངས་མེད་པས་སྨྲས་པའོ།

0 comments:

ཟིན་བྲིས་འཚོལ་ཡུལ