དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 28 January 2014
ཀ་ཡེ་ལོ་ཆུང་གི་ན་གཞོན་ཕོ་མོ།།
ཁ་སེམས་རྒྱ་ཡན་དུ་བཏང་ན་མི་བཟང་།།
ག་དུས་སློང་གཉེར་གྱི་ལས་ལ་བརྩོན་དང་།།
ང་ཅག་འཕེལ་རྒྱས་ནི་དེ་ལས་ཡོང་ཐུབ།།
ཅ་ལག་མང་བོ་ཞིག་ལག་ལ་མ་འཛིན།།
ཆ་སྒམ་ནང་རོལ་དུ་དཔེ་ཆ་ཉོས་དང་།།
ཇ་རྩམ་ཁོ་ན་ཡི་འཚོ་བ་རོལ་ཏེ།།
ཉ་མོ་འཁྱུག་འདྲ་ཡིས་སློབ་སྦྱོང་བྱ་དགོས།།
ཏྰ་རེ་སྒྲོལ་མ་རེ་ངག་ལ་ཟློ་ཞིང་།།
ཐ་མག་དུ་ཆང་གི་ཁྲོད་ལས་བྲོས་ཏེ།།
ད་ནས་མ་འོངས་པ་གཟི་བརྗིད་ལྡན་པ།།
ན་ཚོད་གཞོན་ཐོག་ལ་འབད་ན་རང་དོན།།
པ་ཏྲའི་རི་མོ་ལྟར་ཡིག་འབྲུ་ཡག་པོ།།
ཕ་མས་ཁ་ལེན་ལྟར་འབྲི་དེབ་ངོས་ལ།།
བ་ཚོད་ནུས་ཚོད་ཀྱིས་འབྲི་སྦྱོང་བྱས་ན།།
མ་འོངས་རང་ལམ་དེ་དོག་པ་མ་ཡིན།།
ཙ་ར་ར་མདོག་གི་མི་ཐོགས་སྔ་བས།།
ཚ་དམྱལ་གྲང་དམྱལ་གྱི་སྡུག་ཆེན་མྱང་ཞིང་།།
ཛ་དྲག་རྒྱ་ནག་གི་བྲན་བསྒྱུར་འོག་ཏུ།།
ཝ་མོའིསེམས་པ་ལྟར་སྐྲག་སྣང་ཁ་མདོག
ཞ་ནག་ཆེ་ཆེ་རེ་མགོ་ལ་བཀབ་ཅིང་།།
ཟ་མ་ནས་རྡོག་ཙམ་ལག་ལ་མི་སྟེར།།
འ་འུར་གཅར་རྡུང་གི་འོ་དོད་ཀློང་ནས།།
ཡ་མཚར་སློབ་སྦྱོང་ཞིག་གང་ནས་བྱ་ཐུབ།།
ར་བ་གངས་ཅན་པའི་གཞི་འཛིན་ཁྱོད་ཚོ།།
ལ་ལུང་གང་ས་རུ་རང་རིགས་མ་བརྗེད།།
ཤ་ཁྲག་གཅིག་འདྲེས་ཀྱི་ཁ་བ་བོད་པ།།
ས་ཡ་དྲུག་པོ་དེ་སེམས་ལ་འཛིན་དགོས།།
ཧ་ནེ་ཧོན་ནེ་རུ་འདུག་ཚོད་མ་ཡིན།།
ཨ་མེས་གོང་མ་ཚོའི་རྗེས་སྐྱོང་ཐུབ་དགོས།།
ཁ་སེམས་རྒྱ་ཡན་དུ་བཏང་ན་མི་བཟང་།།
ག་དུས་སློང་གཉེར་གྱི་ལས་ལ་བརྩོན་དང་།།
ང་ཅག་འཕེལ་རྒྱས་ནི་དེ་ལས་ཡོང་ཐུབ།།
ཅ་ལག་མང་བོ་ཞིག་ལག་ལ་མ་འཛིན།།
ཆ་སྒམ་ནང་རོལ་དུ་དཔེ་ཆ་ཉོས་དང་།།
ཇ་རྩམ་ཁོ་ན་ཡི་འཚོ་བ་རོལ་ཏེ།།
ཉ་མོ་འཁྱུག་འདྲ་ཡིས་སློབ་སྦྱོང་བྱ་དགོས།།
ཏྰ་རེ་སྒྲོལ་མ་རེ་ངག་ལ་ཟློ་ཞིང་།།
ཐ་མག་དུ་ཆང་གི་ཁྲོད་ལས་བྲོས་ཏེ།།
ད་ནས་མ་འོངས་པ་གཟི་བརྗིད་ལྡན་པ།།
ན་ཚོད་གཞོན་ཐོག་ལ་འབད་ན་རང་དོན།།
པ་ཏྲའི་རི་མོ་ལྟར་ཡིག་འབྲུ་ཡག་པོ།།
ཕ་མས་ཁ་ལེན་ལྟར་འབྲི་དེབ་ངོས་ལ།།
བ་ཚོད་ནུས་ཚོད་ཀྱིས་འབྲི་སྦྱོང་བྱས་ན།།
མ་འོངས་རང་ལམ་དེ་དོག་པ་མ་ཡིན།།
ཙ་ར་ར་མདོག་གི་མི་ཐོགས་སྔ་བས།།
ཚ་དམྱལ་གྲང་དམྱལ་གྱི་སྡུག་ཆེན་མྱང་ཞིང་།།
ཛ་དྲག་རྒྱ་ནག་གི་བྲན་བསྒྱུར་འོག་ཏུ།།
ཝ་མོའིསེམས་པ་ལྟར་སྐྲག་སྣང་ཁ་མདོག
ཞ་ནག་ཆེ་ཆེ་རེ་མགོ་ལ་བཀབ་ཅིང་།།
ཟ་མ་ནས་རྡོག་ཙམ་ལག་ལ་མི་སྟེར།།
འ་འུར་གཅར་རྡུང་གི་འོ་དོད་ཀློང་ནས།།
ཡ་མཚར་སློབ་སྦྱོང་ཞིག་གང་ནས་བྱ་ཐུབ།།
ར་བ་གངས་ཅན་པའི་གཞི་འཛིན་ཁྱོད་ཚོ།།
ལ་ལུང་གང་ས་རུ་རང་རིགས་མ་བརྗེད།།
ཤ་ཁྲག་གཅིག་འདྲེས་ཀྱི་ཁ་བ་བོད་པ།།
ས་ཡ་དྲུག་པོ་དེ་སེམས་ལ་འཛིན་དགོས།།
ཧ་ནེ་ཧོན་ནེ་རུ་འདུག་ཚོད་མ་ཡིན།།
ཨ་མེས་གོང་མ་ཚོའི་རྗེས་སྐྱོང་ཐུབ་དགོས།།
Subscribe to:
Post Comments (Atom)
0 comments:
Post a Comment