དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 30 January 2014
༄༅། །འབྲུག་རྒྱལ་ཁབ་ཀྱི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡིག
གཡུ་འབྲུག་སྔོན་པོའི་རང་སྒྲ་ཞེས་བྱ་བ། །
ན་མོ་གུ་རུ་པདྨ་ཀ་ར་ཡེ།
།
རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་།
།
ལུང་རྟོགས་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ། །
ཞིང་འདིར་བཀའ་དྲིན་མཚུངས་མེད་རིན་པོ་ཆེ།
།
ཨོ་རྒྱན་པདྨ་ཀ་རས་དུས་ཀུན་སྐྱོངས། །
རླབས་ཆེན་ཚོགས་གཉིས་བསགས་པ་རྒྱ་ཆེ་བས།
།
རྨད་བྱུང་རྟེན་འབྲེལ་བཟང་པོའི་འཕྲིན་ལས་གར། །
ཨོ་རྒྱན་རིག་འཛིན་བརྒྱུད་པའི་བསྟན་སྲིད་དཔལ།
།
མི་དབང་རྗེ་འབངས་ཡོངས་ལ་དགེ་ལེགས་ཤིས། །
བསླུ་མེད་དཀོན་མཆོག་དད་པའི་ཆོས་ལྡན་ཞིང་།
།
མདོ་སྔགས་བསྟན་པ་དར་བ་འབྲུག་གི་ཡུལ། །
རང་དབང་བདེ་དགེས་འཚོ་བའི་ཆོས་མཆེད་དང་། །
ཆོས་རྒྱལ་དམ་པའི་དབུ་འཕངས་མཐོ་གྱུར་ཅིག །
གྲགས་སྙན་གཡུ་འབྲུག༵་སྔོན་པོའི་སྒྲ་དབྱངས་སྒྲོག
།
གཟི་བརྗིད་གངས་སེང༵་དཀར་པོའི་དབུ་རལ་མཛེས། །
འཇིགས་མེད་ཁྱུང༵་རྒྱལ་བློ་གྲོས་མཁའ་བཞིན་རྒྱས།
།
སྦས་ཡུལ་སྟག༵་ཚང་འཛམ་གླིང་རྒྱན་ཏུ་གནས། །
ཐེག་ཆེན་ཟབ་རྒྱས་ལྟ་སྒོམ་སྤྱོད་པར་འཇུག
།
ཕྱག་ཆེན་བསྟན་པའི་རྒྱལ་མཚན་དབྱིངས་ལ་བསྒྲིངས། །
རྫོགས་ཆེན་ཐུགས་ཀྱི་ཕྲིན་ལས་ཕུན་སུམ་ཚོགས།
།
སྤྲིན་ཆེན་རླུང་རྟ༵་ཕྱོགས་ཀུན་ཁྱབ་གྱུར་ཅིག །
བླ་མ་ཨོ་རྒྱན་པདྨས་རྟག་ཏུ་སྐྱོབ།
།
ཡི་དམ་རྡོ་རྗེ་གྲོ་ལོད་ཐུགས་དམ་བརྟན།
།
མཁའ་འགྲོ་རྗེ་བཙུན་སྒྲོལ་མ་འགྱུར་མེད་འགྲོགས། །
ཆོས་སྐྱོང་གེ་སར་གཡུང་དྲུང་དཔལ་དུ་ཤོག
།
ཨེ་ཝྃ་པདྨ་ཀ་རའི་རྣལ་འབྱོར་ལ།
།
བཤད་སྒྲུབ་ཕྲིན་ལས་ཉི་ཟླའི་འོད་སྣང་གསལ། །
མ་རིག་མུན་སེལ་འཕགས་པའི་དགེ་འདུན་དར།
།
ཆོས་ལྡན་རྒྱལ་ཁམས་འཇིག་རྟེན་མཛེས་གྱུར་ཅིག །
དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང།
།
རྩ་གསུམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་ཀྱིས། །
བདག་གི་ལྷག་བསམ་དག་པའི་བདེན་ཚིག་བཞིན།
།
བསམ་པའི་དོན་ཀུན་ལྷུན་གྱིས་འགྲུབ་པར་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ཚེས་པ་གཅིག་གམ་འབྲུག་གི་ལོ་གསར་ལ་འཚམས་འདྲི་དང་བསྟན་རྒྱས་སྨོན་ལམ་ཞིག་དགོས་ཞེས་དད་ལྡན་འབྲུག་གི་མཁན་སྤྲུལ་སློབ་དཔོན་དང་སློབ་ཕྲུག་སྙིང་དང་འདྲ་བའི་གྲོགས་པོ་དང་གྲོགས་མོ་ཚོས་ཡང་ཡང་བསྐུལ་བ་བཞིན་དུ་རང་སྣང་གང་ཤར་གླུ་རུ་ལེན་མཁས་པ་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཨེ་ཝྃ་སྨན་ཁང་དུ་གང་ཤར་སྙིང་ནས་སྨོན་བཞིན་འགྲུབ་པར་གྱུར་གུ།
།
Subscribe to:
Post Comments (Atom)
0 comments:
Post a Comment