དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 5 January 2014

༄༅།།གུ་རུ་པདྨ་རྒྱལ་པོའི་དབང་ཁྲིད་ཀྱི་བརྡ་ཐོ།།

ཨེ་མ་ཧོ། །

རིག་འཛིན་ཨོ་ཌི་ཡ་ནའི་སྒྱུ་འཕྲུལ་གར། །
པད་འབྱུང་ཆོས་གཏེར་རྒྱ་མཚོའི་གཏེར་རྒྱ་ཐོབ། །
མཛད་དཀའ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཅན། །
པདྨ་དྲག་སྔགས་གླིང་པས་དུས་ཀུན་སྐྱོངས། །

དེ་ཡང་འདིར་རིག་འཛིན་པདྨ་དྲག་སྔགས་གླིང་པའི་ཟབ་རྒྱས་དགོངས་གཏེར་སྤྱི་དང་། ལྷག་པར་བླ་མའི་རྣལ་འབྱོར་པདྨ་རྒྱལ་པོ་དབང་ལུང་ཁྲིད་རྒྱུན་འདི་ཉིད་སྤེལ་བཞིན་ཡོད། ཉེ་བརྒྱུད་འདི་ཡང་༡༩༣༢་ལ་ཨོ་རྒྱན་རིན་པོ་ཆེ་ལས་དངོས་སུ་པདྨ་དྲག་གླིང་ལ་ཆིག་བརྒྱུད་དུ་བསྩལ། བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ། འཛམ་གླིང་མི་རིགས་གང་ཞིག་གིས་ཉམས་ལེན་གནང་བར་མཛད་ན་ཡང་ཚེ་གཅིག་སྨིན་གྲོལ་ཐོབ་པའི་སྐལ་བཟང་ཀུན་ལ་ཐར་མཆོག་བགྲོད་པའི་གྲུ་མཆོག་ལྟ་བུ་ཡིན་པ་དང་། རྩ་གསུམ་རྒྱལ་བ་ཆོས་སྐྱོང་ཀུན་ལ་སྦྱར་ཆོག་པའི་སྲོག་སྡོམ་གཟེར་བཞིས་མན་ངག་བླ་ན་མེད་པའི་སྒྲུབ་ཐབས་ཀུན་འདུས་ཕུན་སུམ་ཚོགས་པ་འཛམ་གླིང་འདིར་ཤིན་ཏུ་དཀོན་པའི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ།  ཁྱེད་ཅག་དད་ལྡན་ཆོས་ཞུ་མཁན་རྣམ་པས་ངེས་པར་དགོངས་དགོས་པ་ཞིག་ལ་དབང་སྲོག་རྒྱུད་ལ་འཛིན་པ་སྡོམ་པ་དང་དམ་ཚིག་ཅེས་པ་བཞིན་ནམ་རྒྱུན་དུ་སྐར་ཆ་ལྔ་ཙམ་དུ་རབ་ན་རྫོགས་པ་ཆེན་པོ་སྒོམ་པའམ། འབྲིང་ན་ཆོ་ག་ཚད་ལྡན་ངང་སྒོམ་པ། ཡང་ན་གུ་རུའི་བསྙེན་པ་ཉིན་མ་རྟག་པར་༡༠༨་འདོན་དགོས།
གོང་གི་དམ་ཚིག་ལ་གནས་ན་དབང་ཁྲིད་ལ་ཡི་རང་དུང་ལེན་གྱིས་༢༠༡༤་༢་༩་ཉིན་ཕེབས་པར་དགའ་བསུ་ཞུ།།

མཆོག་གསུམ་རྒྱལ་བར་སྐྱབས་འགྲོ་གནད་དུ་སྨིན། །
གསང་གསུམ་རྒྱལ་སྲས་བྱང་ཆུབ་སྤྱོད་པར་འཇུག །
སྐུ་གསུམ་པདྨ་རྒྱལ་པོའི་ངོ་བོར་གྲོལ། །
བསླབ་གསུམ་ཕུན་ཚོགས་བསྟན་འགྲོའི་དཔལ་དུ་ཤོག །


རབ་རྒྱན་ཆུ་སྦྲུལ་རྒྱལ་ཟླའི་ཚེས་བཟང་ལ་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ནས་ ཕྱི་ལོ་༢༠༡༤ ༡ ༨ ལ།
སངས་རྒྱས་དང་དམ་པའི་ཆོས་ཀྱི་བྱིན་རླབས་ཅན་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ