དྲ་ངོས་བཀླགས་གྲངས
194087
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 5 February 2014
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྗེས་དྲན་རྩོམ་ཡིག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བརྩམས།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་ནག་གུང་ཁྲན་ཏང་ནང་ཕྱག་ལས་གནང་བཞིན་དུ་སྙིང་སྟོབས་ཆེན་པོས་འཛེམ་ཟོན་མེད་པར་གུང་ཁྲན་ཏང་ལ་སྐྱོན་བརྗོད་གནང་བར་བརྟེན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་སྒེར་ལ་མཛད་དཀའ་ཧ་ཅང་འཕྲད་ཡོད། འོན་ཀྱང་དུས་ཀྱི་འགྱུར་བའི་བབ་དང་བསྟུན་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་ཐུབ་རྒྱུའི་དགོངས་བཞེས་སོགས་ཀྱི་མཛད་བཟང་ལ་བརྟེན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་ཆོས་སྲིད་གང་གི་ཆ་ནས་བོད་མི་ཚོར་བཀའ་དྲིན་ཇི་ཙམ་ཆེ་མིན་དཔོག་ཐུབ་པ་ཡིན།
ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་སྒེར་ལངས་བྱས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་བོད་མི་ ༨༧༠༠༠ ལྷག་ཙམ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་རྗེས་ལོ་མང་རིང་བོད་མི་ཚོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་བརྩི་བཀུར་དེ་ཙམ་ཞུས་མེད།
འོན་ཀྱང་གཞིས་བྱེས་བོད་མི་ཚོས་སྐབས་དེར་རྒྱུས་མངའ་མེད་པའི་གནས་ཚུལ་ནི་ཕྱི་ལོ་ ༡༩༦༢ ལོར་དགུང་གྲངས་ ༢༤ ཕེབས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་མའོ་ཙེ་ཏུང་གིས་གཙོས་རྒྱ་ནག་གུང་ཁྲན་ཏང་གི་དཔོན་རིགས་མཐོ་གྲས་རྣམས་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་ཕུལ་ཏེ་གུང་ཁྲན་ཏང་གིས་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཞིབ་ཕྲ་བཀོད་ཡོད།
ཇེ་སི་པར་བྷེ་ཀར་ (Jasper Becker) ལགས་ཀྱིས་རྒྱ་ནག་ནང་གི་མུ་གེའི་སྐོར་གྱི་དཔེ་དེབ་རྒྱ་ནག་གི་གསང་བའི་མུ་གེ ཞེས་པའི་ནང་དུ་༼བོད་ཀྱི་བླ་ཆེན་མཐོ་ཤོས་གཉིས་པ་མཆོག་ལ་རྒྱ་ནག་གུང་ཁྲན་ཏང་གིས་མི་རིགས་སྡེབ་གསོད་བྱ་རྩིས་བྱེད་པའི་ཉེས་འཛུགས་གནང་རྒྱུའི་མཚམས་ལ་བསླེབས་ཡོད།༽ ཅེས་བཀོད་ཡོད།
མའོ་ཙེ་ཏུང་གིས་པཎ་ཆེན་རིན་པོ་ཆེའི་ཞུ་ཡིག་འདི་ནི་དུག་མདའ་ཞིག་རེད། ཅེས་བརྗོད་ནས་བོད་ཀྱི་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོས་གུང་ཁྲན་ཏང་ལ་དུག་མདའ་འཕངས་པ་རེད། ཅེས་བཤད་ནས་སྐྱོན་བརྗོད་ཐོག་གྲལ་རིམ་གྱི་དགྲ་བོར་ངོས་འཛིན་བྱས་ཏེ་པཎ་ཆེན་རིན་པོ་ཆེ་མཆོག་ལ་མང་ཚོགས་ཀྱིས་འཐབ་འཛིང་བཏང་བ་མ་ཟད། བཙོན་དུ་ལོ་ ༡༤ བཅུག་ཡོད། མི་ལོ་ ༡༤ རིང་བཙོན་འཇུག་སྐབས་བོད་ནང་གི་བོད་མི་མང་པོས་རིན་པོ་ཆེ་མཆོག་གི་འཆི་གསོན་གནས་སྟངས་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད། ཕྱི་ལོ་ ༡༩༧༨ ཕྱི་ཟླ་ ༢ ཚེས་ ༢༦ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཤིང་ཧྭ་ནང་པཎ་ཆེན་རིན་པོ་ཆེ་མཆོག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཟེར་བའི་ནང་ཕེབས་ཡོད་པའི་དྲིལ་བསྒྲགས་བྱས་རྐྱེན་གཞི་ནས་ཁོང་སྐུ་འཚོ་བཞུགས་ཡིན་པ་ཤེས་རྟོགས་བྱུང་ཡོད།
ཅེས་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་སླར་ཡང་སྐྱོན་བརྗོད་ཤུགས་ཆེ་གནང་རྐྱེན་མཐར་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གློ་བུར་དུ་ཁོང་གི་གདན་ས་བཀྲ་ཤིས་ལྷུན་པོར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དེ་རྗེས་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་ཡང་སྤྲུལ་མི་འདྲ་བ་གཉིས་ཀྱི་གནས་སྟངས་བྱུང་བ་དེའི་སྐོར་ཞིབ་ཕྲ་ཨི་ས་བྷེལ་ཧིལ་ཊོན་ (Isabel Hilton) ལགས་ཀྱིས་བརྩམས་པའི། པཎ་ཆེན་ཡང་སྤྲུལ་འཚོལ་ཞིབ། ཅེས་པའི་དཔེ་དེབ་ནང་ཞིབ་ཕྲ་གསལ་ཡོད།
ཕྱི་ལོ་ ༡༩༩༥ ཟླ་ ༥ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་དྲུག་ལ་སོན་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པའི་ཐུགས་ཐག་བཅད་གནང་མཛད་རྗེས་རྒྱ་ནག་གཞུང་གིས་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ནང་མི་བཅས་པ་རྒྱ་ནག་ཏུ་བཙན་ཁྲིད་བྱས་པ་ནས་བཟུང་། དུས་ད་ལྟའི་བར་པཎ་ཆེན་ཡང་སྤྲུལ་ངོ་མ་ཁོང་གང་དུ་ཡོད་མེད་དང་། ཁོང་གི་ཤེས་ཡོན་དང་སྐུ་གཟུགས་གནས་སྟངས་ཇི་འདྲ་ཡོད་མེད་སུས་ཀྱང་ཤེས་རྟོགས་ཐུབ་མེད།
ཕྱི་ལོ་ ༡༩༩༥ ཟླ་ ༡༡ ནང་རྒྱ་ནག་གཞུང་གིས་ལོ་གྲངས་ ༦ སོན་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྤྲུལ་དུ་ངོས་འཛིན་བྱས་ཡོད། འོན་ཀྱང་པཎ་ཆེན་རིན་པོ་ཆེའི་གདན་ས་བཀྲས་ལྷུན་དགེ་འདུན་པ་ཚོས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྤྲུལ་དེར་མི་དགའ་བའི་རྣམ་འགྱུར་བསྟན་སྟབས། བཀྲས་ལྷུན་དགོན་པའི་ནང་སློབ་གཉེར་བྱེད་བདེ་མེད་པར་བརྟེན་པེ་ཅིང་དུ་བཞག་ཡོད། རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྤྲུལ་ཆེད་མངགས་བདག་པོ་རྒྱག་རྒྱུའི་དགོས་དམིགས་གཙོ་བོ་ནི་༸གོང་ས་སྐུ་ཕྲེང་བཅོ་ལྔ་པ་མཆོག་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ངོས་འཛིན་ཞུ་རྒྱུའི་བདག་དབང་ཐོབ་ཆེད་ཁོ་ན་ཡིན། རྒྱལ་མཚན་ནོར་བུས་རྒྱ་ནག་གཞུང་གི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་ཡིན་མིན་ནི་འབྱུང་འགྱུར་ང་ཚོས་བལྟ་རྒྱུ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རིས་མེད་ཐོག་སློབ་གཉེར་གནང་སའི་གདན་ས་གསར་འཛུགས་གནང་རྒྱུའི་དགོངས་འཆར་ལ་རྒྱབ་སྐྱོར་དང་སྐུལ་འདེད་གནང་བ་ནི་བླ་ན་མེད་པའི་དགོངས་བཞེས་ཤིག་ཡིན། མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཏིང་ཞའོ་ཕིང་གིས་བོད་ནང་དུ་སྲིད་བྱུས་གུ་ཡངས་བཏང་རྗེས་གོ་སྐབས་བཟུང་སྟེ་བོད་བརྒྱུད་ནང་བསྟན་ཉམས་པ་སླར་གསོ་གནང་རྒྱུའི་དགོངས་པ་བཞེས་ཡོད། སྐབས་དེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་མཁན་པོར་གལ་ཏེ་རྒྱ་ནག་གུང་ཁྲན་ཚོགས་པས་དགོན་པ་གསར་རྒྱག་ལ་དམ་བསྒྲགས་བྱས་ཚེ་མཁན་པོས་དགོན་པའི་མིང་ཚབ་ཏུ་མཚམས་ཁང་འདོགས་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་ཡོད།
མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང་ལམ་སྟོན་ལྟར་ཕྱི་ལོ་ ༡༩༨༠ ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བླ་རུང་དུ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གསར་འཛུགས་གནང་། རིང་མིན་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཁང་དུ་བོད་ཙམ་མ་ཟད། ཐེ་ཝན་དང་། སིངྒ་པུར། ཧོང་ཀོང་། མ་ལེ་ཤི་ཡ། རྒྱ་ནག་སྐམ་ས་སོགས་ནས་སློབ་ཕྲུག་མང་པོ་འདུས་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༡ ལོར་ཁྲིན་ཏུའུ་ཞིང་ཆེན་གྱི་རྒྱ་ནག་དཔོན་རིགས་ཀྱིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གཉེར་ཁང་གི་དགེ་འདུན་པ་དང་བཙུན་མའི་ཤག་རྣམས་གཏོར་བཤིག་བཏང་བ་མ་ཟད། ཕྱོགས་མཐའ་ནས་སློབ་གཉེར་བ་རྣམས་ཕྱིར་འབུད་གཏོང་སྐབས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གཉེར་ཁང་དུ་སློབ་གཉེར་བ་ཁྱོན་མི་གྲངས་ ༡༠༠༠༠ ཡོད་ཁོངས་ནས་རྒྱ་ནག་སྐམ་ས་ནས་སློབ་གཉེར་བ་གྲངས་ ༡༠༠༠ ཡོད་འདུག གནད་དོན་དཔྱད་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གཉེར་ཁང་གཏོར་བཤིག་བཏང་བ་དེ་ནི་རིག་གནས་གསར་བརྗེའི་རྗེས་གཏོར་བཤིག་ཚབས་ཆེ་ཤོས་གཉིས་པ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ཀྱང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གཉེར་ཁང་རྩ་མེད་བཟོ་ཐུབ་མེད་པའི་ཁར། དེང་སྐབས་སློབ་གཉེར་ཁང་དེའི་ནང་དུ་སློབ་ཕྲུག་དེ་སྔ་ལས་མང་དུ་ཕྱིན་པ་དང་། སློབ་གཉེར་བ་མང་ཆེ་བ་རྒྱ་ནག་སྐམ་ས་ནས་ཡིན་འདུག འདི་ནི་གཙོ་བོ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དམ་པ་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པར་ངོས་འཛིན་ཞུས་ཆོག་པ་དང་། རྒྱ་ནག་གི་དཔལ་འབྱོར་དང་བོད་ཀྱི་ཆོས་ཕྱོགས་དབར་འགྲན་རྩོད་ཀྱི་རྒྱལ་ཁ་དེ་བོད་ཀྱི་ཆོས་ཕྱོགས་ལ་ཐོབ་པ་ཞིག་ལ་རྩིས་ཆོག་པ་ཡིན། །
གོང་གསལ་རྗེས་དྲན་རྩོམ་ཡིག་འདི་ (Huffington Post) ཞེས་པའི་གསར་འགྱུར་དྲ་ལམ་ཐོག་བཀོད་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།
Subscribe to:
Post Comments (Atom)
0 comments:
Post a Comment