དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
སྐད་ཡིག་གི་འབོད་སྒྲའི་ཀློང་ནས་གུང་ཁྲན་ཏང་གི་མགོ་ཁྲིད་པ་མའོ་ཙེ་ཏུང་ལ་ཕྱིར་དྲན་ཐེངས་ཤིག
                                 རྒྱལ་སྲས་ཚང་གིས།
༄༅།།དེ་རིང་བོད་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་སོ་སོ་ན་བོད་སྐད་རང་གིས་བཤད་རྒྱུ་དང་བོད་ཡིག་རང་གིས་བཀོལ་རྒྱུའི་འབོད་པ་རྣ་བར་ལྷུང་བས། ངས་ཕྱིར་དྲན་གྱི་ཀློང་ནས་གུང་ཁྲན་ཏང་གི་དབུ་ཁྲིད་པ་མའོ་ཙེ་ཏུང་ལ་ཕྱིར་དྲན་ཐེངས་ཤིག་མི་བྱེད་ཀ་མེད་བྱུང་།
སྤྱི་ལོ ༡༩༤༥ ལོའི་ཟླ ༤ བའི་ཚེས ༢༤ ཉིན། མའོ་ཙེ་ཏུང་གིས། 
མང་ཚོགས་དང་འབྲེལ་བ་ཡོད་པའི་གཙོ་འཛིན་མི་སྣ་མཐའ་དག་དང་བཅས་པའི་གྲངས་ཉུང་མི་རིགས་ཁག་གི་རྒྱ་ཁྱབ་མི་དམངས་མང་ཚོགས་ལ་ཁོ་ཚོས་ཆབ་སྲིད་ཀྱི་ཐོག་དང་། དཔལའབྱོར་གྱི་ཐོག རིག་གནས་ཀྱི་ཐོག་བཅས་ནས་བཅིངས་འགྲོལ་ཐོབ་པ་དང་འཕེལ་རྒྱས་ཡོང་བའི་དོན་གཉེར་བྱེད་རྒྱུ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་གྲངས་ཉུང་མི་རིགས་རང་ཉིད་ཀྱི་དམག་དཔུང་འཛུགས་རྒྱུར་ངེས་པར་དུ་རོགས་རམ་བྱེད་དགོས།  ཁོ་ཚོའི་སྐད་ཆ་དང་། ཡི་གེ ཡུལ་སྲོལ། གོམས་གཤིས། ཆོས་དད་བཅས་ལ་བརྩི་འཇོག་བྱེད་དགོས། 
ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས། གྲངས་ཉུང་མི་རིགས་ཀྱི་གནད་དོན༽ཞེས་པར།
མི་དམངས་ཉིན་རེའི་ཚགས་པར་ཆེད་བརྗོད་དང་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་བརྩི་བཀུར་ཞུ་ཞེས་པའི་གཟིགས་ཞིབ་གནང་སྐབས་གསབ་སྣོན་དང་བསྐྱར་བཅོས་གནང་བའི་གཏམ།
མའོ་ཙེ་ཏུང་།  ༡༩༥༡ ལོའི་ཟླ ༥ བའི་ཚེས ༢༦ ཉིན། 
བོད་མི་དམངས་ཀྱི་ཁྲོད་དུ་ཆོས་ལ་དད་པ་ཤིན་ཏུ་ཆེ་བ་དང་། མི་དམངས་ཀྱིས་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་རྣམ་གཉིས་ལ་དད་པ་ཆེན་པོ་བྱེད་བཞིན་ཡོད་སྟབས་གྲོས་མཐུན་ནང་དུ་ཆོས་ལུགས་ལ་བརྩི་བཀུར་དང་དགོན་སྡེ་སྲུང་སྐྱོབ་བྱེད་དགོས་ལུགས་གཏན་ལ་ཕབ་ཡོད་ལ། གོང་སྨྲས་བོད་རིགས་མི་དམངས་ཀྱི་གཙོ་འཛིན་རྣམ་གཉིས་ཀྱི་གོ་གནས་དང་འགན་དབང་ལའང་བརྩི་བཀུར་བྱེད་དགོས་ཚུལ་གཏན་ལ་ཕབ་པ་དེ་ནི་སྔོན་ཆད་བོད་རིགས་ནང་དུ་ཕྱོགས་གཉིས་པོ་འཆམ་མཐུན་མེད་ཚུལ་འདུམ་པའི་ཆེད་དུ་ཡིན་ལ། རྒྱལ་ནང་གི་མི་རིགས་ཁག་གིས་བོད་རིགས་གཙོ་འཛིན་ལ་བརྩི་བཀུར་དགོས་ངེས་བྱེད་པའི་ཆེད་དུའང་ཡིན།  
བོད་ཀྱི་རྟེན་འབུལ་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་བའི་བཀའ་མོལ་གནད་བསྡུས།
མའོ་ཙེ་ཏུང་། ༡༩༤༢ ལོའི་ཟླ ༡༠ བའི་ཚེས ༨ ཉིན། 
བོད་ས་རྒྱ་ཆེ་ཡང་མི་འབོར་ཉུང་བས་མི་འབོར་འཕེལ་རྒྱས་གཏོང་དགོས་པ་འདུག ད་ལྟའི་ཁྲི་ཉིས་བརྒྱ་སུམ་བརྒྱ་ནས་ཁྲི་ལྔ་བརྒྱ་དྲུག་བརྒྱ་བར་འཕེལ་རྒྱས་བཏང་ནས། དེ་རྗེས་འབུམ་ཕྲག་ཁ་ཤས་འཕེལ་རྒྱས་ཐུབ་ན་ལེགས། གུང་ཁྲན་ཏང་གིས་ཁྱེད་ཚོར་མི་འབོར་དང་དཔལ་འབྱོར་རིག་གནས་བཅས་འཕེལ་རྒྱས་གཏོང་རོགས་བྱེད་མ་ཐུབ་ན། གུང་ཁྲན་ཏང་གི་དགོས་པ་དེ་ཙམ་མེད། 
ཆོས་ལ་དད་པ་བྱེད་མཁན་དང་དད་པ་མི་བྱེད་མཁན་གྱིས་ཕན་ཚུན་བརྩི་འཇོག་བྱེད་དགོས།
ཀྲོའོ་ཨེན་ལའེ། ༡༩༥༦ ལོའི་ཟླ ༥ བའི་ཚེས ༣༠ ཉིན།
གཅིག་ནས་གྲངས་ཉུང་མི་རིགས་ཀྱི་ཆོས་ལ་བརྩི་འཇོག་བྱེད་དགོས། གཉིས་ནས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས། གསུམ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེར་བརྩི་འཇོག་བྱེད་དགོས། ཡིག་རིགས་མེད་པའི་གྲངས་ཉུང་མི་རིགས་ལ། ཁོ་ཚོའི་ཡི་གེ་གསར་གཏོད་བྱེད་རོགས་བྱེད་དགོས། ཆོས་ལ་དད་པ་མི་བྱེད་མཁན་གྱིས་ཆོས་དད་པར་བརྩི་འཇོག་བྱེད་དགོས་པ་དང་། ཆོས་དད་པས་ཆོས་ལ་དད་པ་མི་བྱེད་མཁན་ལ་བརྩི་འཇོག་བྱས་ནས། འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས།
མཐོ་རིམ་ཆོས་ལུགས་སློབ་གླིང་གཉེར་རྒྱུའང་ཉུང་དྲགས་ཡོད། ཆོས་ལུགས་ལ་ཞབས་འདེགས་ཞུ་མཁན་མི་སྣ་ད་དུང་འདང་གི་མེད་པས། ད་དུང་རྒྱ་ཆེར་གཏོང་དགོས་ཀྱི་རེད། 
མི་རིགས་དར་རྒྱས་ཕུན་སུམ་ཚོགས་པོར་གཏོང་རྒྱུ་དང་སྤྱི་ཚོགས་བཅོས་བསྒྱུར་བྱེད་རྒྱུའི་སྐོར། 
ཀྲོའུ་ཨེན་ལའེ། ༡༩༥༧ ལོའི་ཟླ ༨ པའི་ཚེས༤ ཉིན།
ཐང་རྒྱལ་རབས་ཀྱི་སྐབས་སུ་བོད་ལ་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་ལ། འཕེལ་རྒྱས་ཧ་ཅང་ཆེན་པོའང་བྱུང་ཡོད་ཅིང་། རེ་ཞིག་ཧྲའན་ཞི་ཞིང་ཆེན་ཁོངས་ཀྱི་ཀོན་ཀྲུང་གི་བྱང་རྒྱུད་དང་། ཁྲང་ཨན་གྱི་ཉེ་འདབས་སུ་སླེབས་མྱོང་བ་དང་། ཀན་སུའུ་ལྷོ་རྒྱུད་དང་། ད་དུང་སི་ཁྲོན་དང་ཡུན་ནན་བཅས་སུ་སླེབས་མྱོང་ཡོད་ཅིང་། སྐབས་དེར་མི་འབོར་ས་ཡ་བཞི་ལྔ་ལྷག་ཡོད་ཟེར་སྐད་འདུག་ཀྱང་། ད་ལྟ་བོད་རིགས་མི་གྲངས་ཁྱོན་བསྡོམས་ས་ཡ་གསུམ་མ་ཟིན་ཙམ་ལས་མེད། 
མི་རིགས་རང་སྐྱོང་གི་ཁེ་དབང་དང་མི་རིགས་ཅན་དུ་འགྱུར་རྒྱུའི་སྐོར།
མི་རིགས་ཀྱི་སྐད་ཡིག་ལ་བརྩི་འཇོག་བྱེད་དགོས་ཤིང་། ཡི་གེ་མེད་པའི་མི་རིགས་ལ་དེའི་འདོད་བློ་ལྟར་ཡི་གེ་གསར་བཟོ་བྱེད་རོགས་བྱེད་དགོས། མི་རིགས་རང་སྐྱོང་གི་ས་གནས་སུ་མི་རིགས་གཙོ་བོའི་ཡི་གེ་དེ་ཡིག་རིགས་གཙོ་བོར་འཇོག་དགོས། མི་རིགས་རང་སྐྱོང་བྱེད་དགོས་པས་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་དགོས། མི་རིགས་ཁས་བླངས་པས་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས་པ་བཅས་ནི་མི་རིགས་ཅན་དུ་འགྱུར་རྒྱུའི་ནང་དོན་ཡིན།
ཞབས་བྲོ་སྦྱོང་བར་འགྲོ་སྐབས་རྟག་པར་རྒྱ་རིགས་ཀྱི་བསམ་ཚུལ་ལྟར་བཟོ་བཅོས་རྒྱག་པའི་བྱེད་སྟངས་དེ་ནི་གཞན་ལ་བཙན་འགེལ་བྱས་པ་དང་། གཞན་པའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་མ་བྱས་པ་ཡིན། རྒྱ་མི་ཁ་ཤས་ཀྱིས་གང་ལྟར་རང་ཉིད་ཀྱི་རིགས་ཚང་མ་ཡག་པོ་ཡོད་པ་དང་། མི་གཞན་པ་ནི་གང་ས་ཅི་ཐད་ནས་རྗེས་ལུས་ཡིན་སྙམ་གྱི་ཡོད་པ་དེ་འབྱོར་ལྡན་གྲལ་རིམ་གྱི་མི་རིགས་རང་ལུགས་ཀྱི་བསམ་བློ་རེད།
མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོབ་བྱེདདགོས།
ཅང་ཙེ་རྨིན། ༡༩༩༠ ལོའི་ཟླ ༩ བར། 
ཆབ་སྲིད་ཐོག་གི་འདྲ་མཉམ་ཁེ་དབང་དང་། དཔལ་འབྱོར་དང་རིག་གནས་གོང་འཕེལ་གཏོང་བའི་འདྲ་མཉམ་གྱི་གོ་གནས་བཅས་ཚུད་ཡོད་པ་དང་། ད་དུང་མི་རིགས་ཁག་གི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་རྒྱུ་སོགས་ཚུད་ཡོད།
ཨོ་སི་ཐྲ་ལི་ཡའི་རྩོམ་རིག་པ་མ་ལོ་ཧྥོསDAVID  MALOUF 马洛夫ཞེས་པ་ན་རེ། ངས་བཤད་པའི་སྐད་ཆ་འདི་མི་རྣམས་ཀྱི་ཁ་ནས་རིམ་བཞིན་ཉམས་པར་འགྱུར་བ་འདི་ལ་བསམ་པའི་ཚེ་ན། ཤིན་ཏུ་དངངས་སྐྲག་གི་ཚོར་བ་ཞིག་འབྱུང་གིན་འདུག ཚོར་བ་འདི་རང་ཉིད་འཆི་བར་འགྱུར་བའི་ཚོར་བ་ལས་ཀྱང་རུས་པའི་གཏིང་དུ་ཟུག་འདུག་སྟེ། གང་གི་ཕྱིར་ཞེ་ན། འདི་ནི་རང་གི་མི་རིགས་ཐམས་ཅད་མཉམ་དུ་འཆི་བར་འགྱུར་བ་དང་དོན་གཅིག་ཡིན་པའི་ཕྱིརརོ།།
སི་ཐོར་མནHENDRIK  STUURMAN史图尔曼ཞེས་པ་ན་རེ། ང་རང་བུད་མེད་ངོ་མི་ཤེས་པ་ཞིག་གི་ནུ་ཞོ་འཐུང་ནས་འཚར་ལོངས་བྱུང་བའམ་མི་གཞན་ཞིག་གིས་གསོས་ནས་ཆེར་སྐྱེས་པ་ལྟ་བུའི་སྣང་བ་ཞིག་སྐྱེས་འོང་གིན་འདུག དེ་ཅིའི་ཕྱིར་ཞེ་ན། ངས་ཨ་མས་སྨྲ་བའི་སྐད་དེ་བཤད་མི་ཤེས་པའི་དབང་གིས་རེད།
༡༩༩༢ ལོར་ཁེ་ན་ཏར་ཚོགས་པའི་རྒྱལ་སྤྱིའི་སྐད་རིག་པའི་ཚོགས་ཆེན་སྟེང་མཁས་བརྒྱ་མགྲིན་གཅིག་གིས། སྐད་རིགས་གང་ཞིག་ནུབ་པར་གྱུར་ཀྱང་རུང་མིའི་རིགས་སྤྱི་ལ་གསོ་ཐབས་མེད་པའི་གྱོང་གུད་ཅིག་ཡིན་ཞེས་གསུངས།
སྐབས་བཞི་བའི་འཛམ་གླིང་དངོས་ལུགས་རིག་པའི་ཚོགས་འདུའི་སྟེང་ཆེད་གཉེར་བའི་དཔྱད་བརྗོད་སྤེལ་སྐབས། རྒྱ་སྐད་བཤད་མི་ཆོག་པའི་སྒྲིག་ལམ་བཟོས་རུང་། ནོ་འབེར་བྱ་དགའ་ཐོབ་མཁན་སྐུ་ཞབས་ཏེན་ཀྲའོ་ཀྲུང་གིས་བསམ་བཟོས་ནས་རྒྱ་སྐད་ཀྱིས་ཁོང་གིས་དེ་རིང་དཔྱད་བརྗོད་ཀྱི་འབྲས་བུ་འདི་རྒྱ་སྐད་ཀྱི་སྟེང་ནས་འཛམ་གླིང་ལ་གསལ་བསྒྲགས་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་རྒྱའི་ཡི་གེ་ནི་དཔྱད་བརྗོད་ཀྱི་མ་ཡིག་ཡིན་པས་སོ་ཞེས་སྨྲས་པས་ཚོགས་ར་ཡོངས་ཀྱིས་དགའ་བསུ་ཐོབ།
ཏུའུ་ཏི་ཡི་མཐའ་མཇུག་གི་སློབ་ཐུན་གཅིག་ཅེས་པའི་སློབ་ཚན་གྱི་ནང་དུ། བཙན་རྒྱལ་རིང་ལུགས་ཀྱིས་ཧྥ་རན་སིའི་མི་རིགས་ལ་གཉའ་གནོན་བྱས་ཏེ་མི་རིགས་དེའི་ཡི་གེ་བསླབ་མི་ཆོག་པའི་བརྡ་ཁྱབ་བཏང་སྟེ། དགེ་རྒན་དེ་འཛིན་བཟུང་ཐེབས་ལ་ཉེ་སྐབས། ཆེས་མཐའ་མཇུག་གི་སློབ་ཐུན་གཅིག་པོ་རང་གི་ཕ་སྐད་ཀྱི་སྟེང་ནས་ཁྲིད་བྱུང་བས་མཚོན་རང་གི་ཕ་སྐད་ཆེད་དུ་རང་སྲོག་ལ་ཅི་མི་སྙམ་པ་དང་། རང་གི་རིག་གནས་ལ་བཟུང་བའི་སྙིང་སྟོབས་དང་རང་རིགས་ལ་ཁ་ཞེ་གཉིས་མེད་ཀྱིས་བློ་དཀར་བའིལྷག་བསམ་མཚོན་ཐུབ།

0 comments:

ཟིན་བྲིས་འཚོལ་ཡུལ