དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 6 March 2014

རིགས་པ་སྟོང་གི་དགག་སྒྲུབ་དང་ཆོས་ཁྲིམས་དང་སྲིད་ཁྲིམས་ཀྱི་མདུན་བདེན་པ་བདར་དགོས་རྒྱུ་གལ་ཆེ།


རྟེན་འབྱུང་།
བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དོལ་རྒྱལ་བ་ཚོས་སྡིག་པ་མིག་བཙུམ་གྱིས་སྒྲོ་འདོགས་བསྐུར་འདེབས་བྱེད་པ་ནི་སྤུ་གྲི་སྟོང་གིས་སྙིང་ཁར་བསྣུན་པ་ལས་ཀྱང་བཟོད་ཐབས་བྲལ་བ་ཞིག་རེད། དེར་བརྟེན་ཁྱི་སྤྱང་ལག་སྦྲེལ་གྱི་བྱ་སྤྱོད་དེ་རིགས་ལ་བོད་མི་སྤྱི་སྒེར་ཡོངས་ནས་གདོང་ལེན་གནང་དགོས། དེ་ཡང་དོལ་རྒྱལ་བ་ཚོས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་པ་ནི་སྲིང་ལམ་གྱི་ཁྱིས་འོད་སྟོང་འཕྲོ་བའི་ཉི་མར་ཟུག་པ་དང་གཉིས་སུ་མ་མཆིས་མོད། དེ་མུར་བཞག་ན་ངན་པ་ལངས་ཤོར་དུ་འགྲོ་ཉེན་ཆེ་བས་རིགས་པ་སྟོང་གི་དགག་བསྒྲུབ་དང་ཆོས་ཁྲིམས་དང་སྲིད་ཁྲིམས་ཀྱི་མདུན་བདེན་པ་བདར་དགོས་རྒྱུ་གལ་ཆེ་རེད།
ཁོ་བ་ཚོས་ཆོས་པ་རྫུན་མ། ཆོས་རྫུན་མ། ལོ་རྒྱུས་རྫུན་མ། གསར་འགྱུར་རྫུན་མ། འཁྲབ་སྟོན་རྫུན་མ་སྤེལ་སྤེལ་ནས་ད་དུང་༧གོང་ས་མཆོག་ལ་རྫུན་མ་བཤད་ཅེས་ངོ་རྒོལ་བྱེད་པ་ནི་བདུད་ལྷས་བྱིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ངོ་རྒོལ་བྱས་པ་དང་གཅིག་མཚུངས་རེད། ༧གོང་ས་མཆོག་གིས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་བོ་དེ་བཀག་སྡོམ་གནང་བ་ནི་ནང་བ་སངས་རྒྱས་པའི་ཆོས་གཞུང་དང་ཤིན་ཏུ་མཐུན་པ་མ་ཟད་རྗེ་རིན་པོ་ཆེའི་ལམ་སྲོལ་དྲི་མ་མེད་པ་རི་བོ་དགེ་ལྡན་པའི་རང་ལུགས་དང་ཡང་ཤིན་ཏུ་མཐུན་པ་ཡིན།
མདོར་ན་ནང་བ་སངས་རྒྱས་པའི་གྲུབ་མཐའ་ཆེ་ཆུང་ཀུན་དང་ཤིན་ཏུ་མཐུན་པས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་བོ་དེ་བཀའ་སྡོམ་གནང་བས་རྫུན་པ་བཤད་པ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཡང་རྫུན་བཤད་པར་ཐལ་འགྲོ་བ་དང་གུ་རུ་རིན་པོ་ཆེ་དང་རྗེ་རིན་པོ་ཆེ། རྒྱལ་དབང་ལྔ་བ་སོགས་ཡང་དེ་ལྟར་ཐལ་དགོས། མགོན་པོ་ཀླུ་སྒྲུབ་སོགས་རྒྱ་གར་གྱི་མཁས་གྲུབ་རྣམས་ཀྱང་དེ་ལྟར་ཐལ་དགོས་པས་ཁྱེད་ཚོའི་ཆོས་དེ་སྡིག་པ་མིག་བཙུམ་གྱི་ཆོས་ཞིག་ཡིན་ན་མ་གཏོགས་། ༼ལམ་རིམ་ཆེན་མོའི་ནང་དྲངས་པ། །མྱ་ངན་ལས་འདས་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ།།ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ།།དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ།།དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན།།ཞེས་གསུངས་པ་ལྟར། ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང༌། སེམས་ཅན་ལ་གནོད་འཚེ་སྤོང་བ་དང༌། མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་མོ། །དེ་ལ་དང་པོ་ནི། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལའང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་པའི་གཞི་བདག་དང་ཀླུ་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་ན་མི་རུང་བ་ཡིན་གྱི། དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་གྲོགས་འཆོལ་བ་ཙམ་ལ་མི་རུང་བ་མེད་དེ། དཔེར་ན། སྦྱིན་བདག་ལ་འཚོ་བའི་གྲོགས་འཆོལ་བ་དང༌། སྨན་པ་ལ་ནད་གསོ་བའི་རེ་བལྟོས་འཆའ་བ་བཞིན་ནོ། གཉིས་པ་ནི། མི་དང་དུད་འགྲོ་ལ་སོགས་པ་ལ་བརྡེག་པ་དང་འཆིང་བ་དང་གོ་རར་གཞུག་པ་དང༌། སྣ་འབུགས་པ་དང་མི་ཐེག་བཞིན་དུ་འགེལ་བ་ལ་སོགས་བསམ་པ་དང་སྦྱོར་བས་སེམས་ཅན་ལ་གནོད་པ་དང་འཚེ་བ་སྤོང་བའོ། །གསུམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་ཡིད་མི་ཆེས་ཤིང༌། སྐུར་བར་བྱེད་པ་རྣམས་དང་མཐུན་པར་མི་བྱེད་པའོ།།༽ ཞེས་གསུངས་ཡོད་པ་གཟིགས་ན་ཤེས་ཐུབ། དེར་བརྟེན་གདན་ས་ཁག་གིས་དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟིང་ཟིང་གི་འབྲེལ་བ་གཙང་བཅད་གནང་བ་ཡང་ཆོས་དང་མཐུན་པ་ཡིན་པ་གོང་གི་གསུང་དེས་ཤེས་ནུས།

ལྷག་ཏུ་དོལ་རྒྱལ་བ་ཚོར་ཁྱད་ཆོས་ཆེན་པོ་ཞིག་ཡོད་ནི་རྒྱུ་མཚན་ཁས་མི་ལེན། ལོ་རྒྱུས་ཁས་མི་ལེན་པ་དེ་ཡིན། ཁོང་ཚོ་ལ་བསྒྲུབ་བྱེད་ཀྱི་རྒྱུ་མཚན་དང་ལོ་རྒྱུས་བཤད་ན་ཁས་མི་ལེན་པར་མ་ཟད་ཚུར་བཤད་ཡའི་རྒྱུ་མཚན་དང་ལོ་རྒྱུས་ཤོག་ལེ་ཙམ་བསྟན་ཡ་མེད་པར་སྡིག་པ་མིག་བཙུམ་ཁོ་ན་བྱེད་རྒྱུ་དེ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་གླེན་པ་ཞིག་གི་ནང་ནས་སྤྱང་པོ་ཡང་རེད་གང་ཡིན་ཟེར་ན་སྤྱང་ཀི་ལག་ནས་དངུལ་མང་པོ་རག་གི་ཡོད་པས་རེད།
གང་ལྟར་མི་ལོ་ཉི་ཤུ་ཙམ་ནང་རྡ་སར་མཚན་ཉིད་སློབ་གྲྭའི་དབུ་འཛིན་དམ་པ་དང་སློབ་ཕྲུག་གཉིས་ངན་གསོད་བྱས་པ། དགའ་ལྡན་བྱང་རྩེ་ཏྲེ་ཧོར་མཁན་ཟུར་གཟིམ་ཤག་ཏུ་ས་སྣུམ་བླུགས་ནས་མི་གསོན་པོ་མེར་བསྲེགས་པ། གྲྭ་ཚང་གི་འབྲུ་མཛོད་མེ་བརྒྱབ་པ། བྷེལ་ཀོབ་གཞིས་ཆགས་ཀྱི་དོན་གཅོད་དང་ཁོང་གི་སྐྱེ་དམན་ལ་གཅར་བརྡུང་བཏང་ནས་སྲོག་གི་ཉེར་ཁར་ཆགས་བཅུག་པ། དེ་བཞིན་ལྡི་ལི་སོགས་བོད་མི་གཞིས་ཆགས་ག་ས་གང་ལ་བོད་མི་མཐོ་དམན་མང་པོར་བསམ་ཡིད་ལས་འདས་པའི་སྡུག་སྦྱོང་བཏང་པ་ནི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ནང་བཞིན་ཆགས་ཡོད། མི་གསོན་པོ་ས་སྣུམ་བླུགས་ནས་མེར་བསྲེགས་པ་ནི་འཇིགས་སྐུལ་རིང་ལུགས་པའི་ཀྱང་བྱས་མྱོང་མེད། ད་དུང་ནང་བ་ཡིན་མདོག་བྱས་པ་ནི་གད་མོའི་གནས་རེད། བཙན་བྱོལ་ནང་དོལ་རྒྱལ་བ་བརྒྱ་ཆ་གཅིག་ལས་ཟིན་གྱི་མེད།་འོན་ཀྱང་བརྒྱ་ཆ་གཅིག་གིས་བརྒྱ་ཆ་དགུ་བཅུ་གོ་དགུ་བསམ་ཡིད་ལས་འདས་པའི་སྡུག་གྱོང་མང་པོ་བཏང་ཡོད་པ་ཚང་མའི་ཤེས་དགོས་པ་མ་ཟད་དོལ་རྒྱལ་བསྟེན་མཁན་ཚོ་ཡང་ཤེས་ན་འགྲིག།
ཁྱེད་ཚོ་འདོད་པ་ཡོད་ན་ལོ་རྒྱུས་དང་རིགས་པ་ལ་ཁོངས་གཏུགས་ནས་བགྲོ་གླེང་གནང་ཆོག མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ་ཞེས་གསུངས་པ་ལྟར། ཐབས་སྐྱོ་བ་ཞིག་ལ་ཁྱེད་ཚོས་རྒྱུ་མཚན་དང་རིགས་པ་ཁས་མི་ལེན་ན་ཐབས་ཤེས་གཞན་ག་རེ་ཡོད། ཆོས་དང་ཟིང་ཟིང་གི་འབྲེལ་བ་གཙང་བཅད་བྱེད་རྒྱུ་ལས་ཐབས་གཞན་མེད་པ་རེད།

unnamedགཉིས་པ།
དགེ་ལུགས་མ་དགོན་གྱི་དབུ་ཁྲིད་དང་ལས་བྱེད་ལྷན་རྒྱས་མཆོག་ལ། དགའ་ལྡན་ཁྲི་ཐོག་བརྒྱ་དང་གཅིག་གི་མིང་འཁུར་མཁན་ལུང་རིགས་རྣམ་རྒྱལ་ནས་རྒྱ་གུང་བྲན་གྱི་དངུལ་ལ་རྔམས་ནས་བོད་ཀྱི་ཆོས་དང་སྲིད་མི་རིགས་བཅས་ལ་གནོད་གཞི་རྒྱ་ཆེར་སྤེལ་བཞིན་པ་ཤེས་བཞིན་ད་དུང་དགའ་ལྡན་ཁྲི་བའི་ཁུངས་ལ་བཞག་ན་དགེ་ལུགས་པའི་ཞབས་འདྲེན་མ་རེད་དམ།
དགའ་ལྡན་ཁྲི་བའི་མིང་ཐོབ་པ་དེ་ཡང་༧གོང་ས་མཆོག་ལ་གཡོ་འཕྲུལ་གྱི་རྫུན་བཤད་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་གཙང་མ་བྱས་ཚར་བ་ཡིན་ཟེར་ནས་མཐར་༧གོང་ས་མཆོག་གིས་དགའ་ལྡན་ཁྲི་བའི་ཕྱག་རྟགས་གནང་བ་རེད། ཕྱག་རྟགས་ཐོབ་རྗེས་དྲིན་ལན་ལོག་མཇལ་གྱིས་ཕྱི་ནང་གང་སར་དོལ་རྒྱལ་སྤེལ་བཞིན་པ་མ་ཟད་གོང་ས་མཆོག་ལ་སྐུར་འདེབས་དང་། རྒྱ་གུང་བྲན་ལ་ལག་སྦྲེལ་གྱིས་པཎ་ཆེན་རྫུན་མ་ངོས་ལེན་གྱིས་བོད་མི་རིགས་ཀྱི་སེམས་ཁམས་ལ་གནོད་གཞི་སྤེལ་བ་ཧ་ཅང་མང་དྲགས་པས་དགའ་ལྡན་ཁྲི་བའི་ཁོངས་ནས་ཕྱིར་ཕུད་གཏོང་ནས་ལོ་རྒྱུས་ཀྱི་རྡོ་རིང་ཞིག་འཛུགས་དགོས་པ་ལས་སྣང་མེད་དུ་བཞག་ན་ང་ཚོ་དགེ་ལུགས་པ་ཞིག་ཡིན་པའི་ཆ་ནས་ངོས་ལེན་བྱེད་ཐབས་མི་འདུག འུ་ཐུག་ན་དགེ་ལུགས་མ་དགོན་གྱི་ལས་བྱེད་ཡོངས་ལ་ངོ་རྒོལ་སྤེལ་ཡ་ལས་མེད།

དགེ་འདུན་གྱི་ནང་ཁྲིམས་དང་འགལ་ན་དགའ་ལྡན་བྱང་རྩེ་གྲྭ་ཚང་གིས་མཁར་ཟུར་ཞིག་གྲྭ་ཚང་ནས་ཕྱིར་ཕུད་བཏང་ཡོད་པའི་དཔེ་མཚོན་དེར་གཟིགས་ནས་དགེ་ལུགས་སྤྱིའི་ཁྲིམས་གཞི་མང་པོ་བཟོས་ཀྱང་ཁྲི་ཟུར་སྣང་མེད་འཇོག་ན་གནས་ལུགས་དང་ཡང་མཐུན་ནམ་བསམ་གཞིགས་ཡག་པོ་གནང་རོགས།།
གངས་ཅན་བླ་མའི་མིང་ཅན་དང་དགེ་བཤེས་སྐལ་བཟང་མིང་ཅན་གཉིས་གྲྭ་ཚང་སོ་སོའི་ཁོངས་ནས་ཕྱིར་ཕུད་བཏང་ཟིན་པས་དགའ་ལྡན་ཁྲི་ཟུར་གྱི་མིང་འཁུར་མཁན་ལུང་རིགས་རྣམ་རྒྱལ་དེ་ཡང་དགེ་ལུགས་ཁྲི་བའི་ཁོངས་ནས་ཕྱིར་ཕུད་གཏོང་ན་མ་གཏོགས་འགྲིག་ཐབས་མེད་པ་ཞིག་རེད།།

༢༠༡༤།༣།༦ལ།

0 comments:

ཟིན་བྲིས་འཚོལ་ཡུལ