དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 22 April 2014
ཨ་རིག་ཛི་བླའི་ཆ་འཕྲིན་ཐོས་ཕྲལ།།

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།།

ཆུང་ནས་འདྲིས་པའི་དྲང་བདེན་བློ་གྲོས་ཅན།།
དད་གུས་འགྱུར་མེད་མཆེད་གྲོགས་དགེ་བའི་བཤེས།།
སྙན་པའི་ངག་དང་མཛེས་པའི་ཕྱག་བྲིས་ཅན།།
དབང་རི་མཁར་དམར་རྒྱན་དུ་བཞུགས་ལེགས་སོ།།
ཤར་ཕྱོགས་ཉི་མའི་འོད་སྣང་དྲོད་ཅིག་ཁོལ།།
མཁན་སྤྲུལ་དབོན་པོའི་མིང་བྱང་མེད་ན་ཡང་།།
ཞི་བྱེད་བསྟན་པའི་རྒྱུད་འཛིན་གཞན་ཕན་ཅན།།
གསང་སྔགས་སྦས་པའི་རྣལ་འབྱོར་ཁྱེད་ལ་བསྔགས།།
ཨ་འཚོ་རིག་འགྱུར་ཆ་འཕྲིན་འཕྲོད་བྱུང་བས།།
ཨ་ནེ་རྣམས་དང་བསྟན་འཛིན་ཉི་མ་ཡང་།།
ཨ་ལགས་བདག་གིས་ནམ་བརྗེད་མེད་ཞུས།།
ཨ་མཚར་མིན་པར་དད་དམ་འགྱུར་མེད་ལགས།།
བླ་མ་ཨོ་རྒྱན་རྗེ་ལ་གསོལ་འདེབས་གཅིག།
ཡི་དམ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་གཉིས།།
མཁའ་འགྲོ་རྗེ་བཙུན་སྒྲོལ་མར་སྐྱབས་འགྲོ་གསུམ།།
ནམ་ཡང་མ་བརྗེད་སྙིང་གི་དཀྱིལ་འཁོར་མཛོད།།
ཚེ་འདིར་རྩ་གསུམ་རྒྱལ་བར་སྐྱབས་འགྲོ་དང་།།
ཕྱི་མར་བདེ་ཆེན་ཞིང་ནས་མཉམ་འཛོམ་ཕྱིར།།
འདི་ཕྱི་གཉིས་ཕན་དམ་ཆོས་ཡང་དག་གིས།།
དགེ་བསྙེན་རྣམ་དག་མཛད་པར་རྗེས་ཡི་རང་།།
བྱང་ཆུབ་སེམས་མཆོག་སྐྱེས་པའི་སྨོན་འཇུག་དང་།།
བདེ་མཆོག་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་ཕུལ།།
གནས་ལུགས་རྫོགས་པ་ཆེན་པོའི་ངང་སྐྱོང་ནས།།
བསྟན་འགྲོར་ཕན་བདེས་ཐུགས་དམ་གནང་བར་མཛོད།།
ཅེས་པ་འདི་ཡང་ཆུང་ནས་འདྲིས་པའི་སྙིང་གྲོགས་བླ་མ་ཛི་བླ་འམ་ཨ་རིག་བློ་གྲོས་རབ་གསལ་དང་མཁན་པོ་འོད་གསལ་མཐའ་ཡས་གཉིས་ལ་འཕྲིན་ཕྲན་ལས་ཐུག་ཙམ་བྱས་པའི་མོད་ལ་ཤྲྰིས་གང་དྲན་དུ་བཤད་པ་དག་བྲིས་པར་དགེའོ།།

0 comments:

ཟིན་བྲིས་འཚོལ་ཡུལ