དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 11 August 2016
༄༅།།ཨ་མདོའི་རྒྱལ་སྲས་བློ་བཟང་ཆོས་རྒྱལ་གྱི་ཞབས་བརྟན་རིན་པོ་ཆེ།།

 ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཕྱོགས་དུས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་།།
ཡི་དམ་རྒྱ་མཚོའི་མངའ་བདག་རྡོ་རྗེ་སེམས།།
མཁའ་འགྲོ་དམ་ཅན་སྲུང་མའི་ཕྲིན་ལས་ཀུན།།...

ཀུན་བཟང་རྒྱལ་སྲིད་ཐོབ་པའི་དགེ་ལེགས་སྩོལ།།
ལྷག་བསམ་པདྨ་གེ་སར་བཞད་པའི་དབུས།།
ཡིད་འོང་སྦྲང་རྩི་བྱམས་པའི་ཞིམ་མངར་ཅན།།
དམ་པའི་རྣམ་ཐར་དྲི་བཟང་ཁྱབ་པའི་དཔལ།།
ཨ་མདོའི་རྒྱལ་སྲས་བློ་བཟང་ཆོས་རྒྱལ་རྒྱལ།།
མཚན་དཔེ་ཉི་མའི་འོད་སྣང་ཀུན་ཏུ་བཞད།།
ཚངས་དབྱངས་སྙན་པའི་ང་རོ་ཤིན་ཏུ་འཇེབས།།
བྱམས་བརྩེ་མཁྱེན་རབ་ཡེ་ཤེས་རབ་ཏུ་རྒྱས།།
ཨ་མདོའི་རྒྱལ་སྲས་དམ་པ་ཞབས་བརྟན་གསོལ།།
ཡིད་བཞིན་ནོར་བུ་གཙུག་གི་རྒྱན་ཏུ་ཐོབ།།
བྱ་བྲལ་དམ་པའི་གསུང་གི་བདུད་རྩི་མྱོང་།།
བཤད་སྒྲུབ་ཉི་ཟླའི་རྣ་ཆ་མཛེས་པའི་དཔལ།།
མཚན་ལྡན་སྤྲུལ་སྐུའི་བཞེད་དོན་ལྷུན་གྲུབ་ཤོག།
ཨེ་ཝཾ་ཆོས་གླིང་ལྔ་རིག་བདུད་རྩིས་གཏམས།།
ཆོས་ཀྱི་རྒྱལ་མཚན་འཛམ་གླིང་ཁྱོན་ལ་བསྒྲིངས།།
ཞི་བདེའི་ལོངས་སྤྱོད་རྫོགས་ལྡན་མགྲོན་དུ་ཕེབས།།
འཁོར་འདས་དགྱེས་དགུའི་དཔལ་ལ་རོལ་གྱུར་ཅིག།
ཅེས་པ་འདི་ཡང་རབ་རྒྱན་མེ་སྤྲེལ་ཟླ་ཚེས་དགེ་བ་སྟེ་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་ཨ་མདོའི་རྒྱལ་སྲས་སམ་སྤྲུལ་སྐུ་བློ་བཟང་ཆོས་རྒྱལ་གྱིས་ཨེ་ཝཾ་ཆོས་སྨན་གླིང་གི་སྐོར་ལ་རོགས་དན་གནང་ཚུལ་དང་བསྟན་དོན་ཕན་པའི་ཕརིན་ལས་ལ་མཁན་པོ་འོད་གསལ་མཐའ་ཡས་ལ་སྐད་འཕྲིན་ལས་གསུང་སྐུལ་བཞིན་གང་ཤར་དུ་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་ཨེ་མ་ཧོ་འམ་ཤྰཀྱའི་དགེ་སྦྱོང་དཔལ་དགྱེས་པ་རྡོ་རྗེ་སྨོན་པར་དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ