དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 2 May 2011
ཨེ་མ་ཧོ་ཡ། །
ཀ་དག་གནས་ལུགས་སྙིང་གཏམ་བཤད་ཡོད། །
ཁ་ཁོག་མཚུངས་པའི་སྐད་ཆ་ཞུས་ཡོད། །
ག་རེ་བསམ་ཡང་རང་དོན་མིན་པར་། །
ང་ཡི་ཟིན་བྲིས་གཟིགས་དང་གསལ་ཡོང་། །
ཅ་ཅོའི་གྲགས་པའི་རྗེས་སུ་མ་རྒྱུགས། །
ཆ་ལུགས་ཆོས་མཐུན་སྤྱོད་པའི་མཆེད་གྲོགས། །
ཇ་རྩམ་རོལ་བའི་གངས་རིའི་སྤུན་ཟླ། །
ཉ་ལེ་ཉི་ལེས་མི་ཚེ་མ་གཏོང་། །
ཏྰ་ལའི་བླ་མ་དགུང་ལོ་མཐོན་པོ། །
ཐ་དད་ང་ཚོ་གཞི་བྱེས་གྱེས་ཀྱང་། །
ད་ཆར་དགྱ་དམར་དྲག་སྤྱོད་མ་སུན། །
ན་ཚོད་ཁྱད་མེད་ཀུན་གྱིས་བརྩོན་རོགས། །
པ་དང་མ་ལ་ཁྱད་པར་མ་ལྟ། །
ཕ་མེས་རིག་གཞུང་ཁྱད་དུ་མ་གསོད། །
བ་དན་དཀར་པོ་ཕ་ཆོས་གཙང་མར། །
མ་ལུས་སྤུན་ཟླ་ཀུན་གྱིས་བརྩོན་རོགས། །
ཙ་ལག་སྤུན་ཟླ་ཁ་ཁོག་མཐུན་པོ། །
ཚ་ཞང་གྲོགས་ལ་ངོ་ལྐོག་ཐུབ་ན། །
ཛ་དྲག་སྤྱོད་པ་གནས་སྐབས་སྣང་བར། །
ཝ་མོ་སྡར་མའི་ངང་ཚུལ་མ་གནང་། །
ཞ་ལོང་ཉམས་ཐག་སྲུང་སྐྱོང་མ་ཞན། །
ཟ་ཉལ་སྲེད་པའི་གཞན་དབང་མ་གཏོང་། །
འ་ཅག་བཅུ་ཕྲག་རིག་པའི་སྲོལ་རྒྱུན། །
ཡ་རབ་གནས་ལ་རྟག་ཏུ་བརྩོན་རོགས། །
ར་བ་གངས་དཀར་འོད་སྣང་དཀར་པོ། །
ལ་རྒྱའི་བསམ་པ་ལྷག་བསམ་དཀར་པོ། །
ཤ་ཚ་སྙིང་རྗེའི་བྱམས་བརྩེ་དཀར་པོ། །
ས་སྐྱོང་བླ་མའི་སྙིང་གཏམ་གསན་རོགས། །
ཧ་ཀྱང་ཐལ་བའི་བཤས་ཚོང་མ་བྱེད། །
ཨ་མ་བུ་མོ་བརྙས་བཅོས་མ་གནང་། །
ཧ་ཅང་དམན་པའི་ཆང་དུད་མ་སྤྱོད། །
ཨ་ཁུ་བླ་མར་དད་གུས་མ་བརྗེད། །
ཧ་གོ་དོན་རྟོགས་རྣམ་དཔྱོད་མེད་ན། །
ཨ་ལགས་ཚང་མ་སྨད་ཁི་མ་འདུག །
ཧ་ཅང་གལ་ཆེན་གཏན་བདེའི་སྐྱབས་གནས། །
ཨ་ཙི་ནོར་ན་དམྱལ་བའི་གཏིང་རྡོ། །
ཧ་ཅང་ང་ཚོ་རྒྱང་ཐག་རིང་ཡང་། །
ཨ་ལགས་ཚིག་གི་སྙིང་པོ་བླངས་ནས། །
ཧ་ལོ་དུག་གི་དཀྲུག་ཤིང་མ་བསམ། །
ཨ་ཏིའི་ཡང་ཟབ་སྙིང་དབུས་གཏམས་མཛོད། །
རྟོན་པ་བཞི་བོར་རྟོན་ལུགས་མ་ནོར། །
གྲུབ་མཐའ་བཞི་བོར་ཁྱད་པར་མ་བལྟ། །
བདེན་པ་བཞི་བོར་འཇུག་ལྡོག་མ་ནོར། །
དཀོན་མཆོག་བཞི་བོར་སྐྱབས་འགྲོར་མ་བརྗེད། །
ཚེ་འདིར་ང་ཚོ་འཕྲད་པ་མེད་ཀྱང་། །
ཕྱི་མ་ནུབ་ཕྱོགས་བདེ་ཆེན་ཞིང་ནས། །
ཆོས་རྗེ་བླ་མའི་ཞབས་དྲུང་འཚོགས་ཏེ། །
ཚོམ་བུ་གཅིག་ཏུ་སངས་རྒྱས་སྨོན་ནོ། །
ཞེས་པའང་རབ་ས་གླང་དབོ་ཟླའི་ཡར་ངོའི་ཚེས་བཅུའམ་རིགས་འདུས་མ་ཧྰ་གུ་རུའི་དུས་ཆེན་ཉིན་ནམ།ཕྱི་ལོ་༢༠༠༩ ༣་༤ སྔ་གྲོའི་ཆར་བོད་ཡུལ་ནས་སྤུན་བསོད་ནམས་ལྷུན་གྲུབ་ཀྱིས་ངུ་ངག་གིས་བསྐུལ་མར་སོགས་དང་སྔོན་རང་ལ་དྲྭ་གྲོགས་བཟང་ངན་ཚང་མའི་བསམ་ཆ་ལ་བརྟེན་ནས་བརྗོད་པ་དག་ལ་ཅུང་ཕན་དུ་རེ་ནས་བིརྱ་དྷ་ར་ཤྲྰི་ཨ་ནནྟས་གང་ཤར་བཅོས་བསྒྱུར་མེད་པར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བུདྡྷ་ཛྙྰ་ནའི་ཡང་དབེན་ནས་བཤད་པ་རིན་ཆེན་ཕུན་ཚོགས་ཀྱིས་གློག་འཕྲུལ་ཡི་གེ་བྲིས་པ་དགེའོ།། འགྲོ་བ་ཀུན་གྱིས་རྟོན་པ་བཞི་བོའི་དེ་ཁོ་ཉིད་དོན་རྟོགས་པའི་རྒྱུ་རུ་གྱུར་ཅིག ཤྲྰི་སརྦ་བི་ཛ་ཡནྟུ།།
ཀ་དག་གནས་ལུགས་སྙིང་གཏམ་བཤད་ཡོད། །
ཁ་ཁོག་མཚུངས་པའི་སྐད་ཆ་ཞུས་ཡོད། །
ག་རེ་བསམ་ཡང་རང་དོན་མིན་པར་། །
ང་ཡི་ཟིན་བྲིས་གཟིགས་དང་གསལ་ཡོང་། །
ཅ་ཅོའི་གྲགས་པའི་རྗེས་སུ་མ་རྒྱུགས། །
ཆ་ལུགས་ཆོས་མཐུན་སྤྱོད་པའི་མཆེད་གྲོགས། །
ཇ་རྩམ་རོལ་བའི་གངས་རིའི་སྤུན་ཟླ། །
ཉ་ལེ་ཉི་ལེས་མི་ཚེ་མ་གཏོང་། །
ཏྰ་ལའི་བླ་མ་དགུང་ལོ་མཐོན་པོ། །
ཐ་དད་ང་ཚོ་གཞི་བྱེས་གྱེས་ཀྱང་། །
ད་ཆར་དགྱ་དམར་དྲག་སྤྱོད་མ་སུན། །
ན་ཚོད་ཁྱད་མེད་ཀུན་གྱིས་བརྩོན་རོགས། །
པ་དང་མ་ལ་ཁྱད་པར་མ་ལྟ། །
ཕ་མེས་རིག་གཞུང་ཁྱད་དུ་མ་གསོད། །
བ་དན་དཀར་པོ་ཕ་ཆོས་གཙང་མར། །
མ་ལུས་སྤུན་ཟླ་ཀུན་གྱིས་བརྩོན་རོགས། །
ཙ་ལག་སྤུན་ཟླ་ཁ་ཁོག་མཐུན་པོ། །
ཚ་ཞང་གྲོགས་ལ་ངོ་ལྐོག་ཐུབ་ན། །
ཛ་དྲག་སྤྱོད་པ་གནས་སྐབས་སྣང་བར། །
ཝ་མོ་སྡར་མའི་ངང་ཚུལ་མ་གནང་། །
ཞ་ལོང་ཉམས་ཐག་སྲུང་སྐྱོང་མ་ཞན། །
ཟ་ཉལ་སྲེད་པའི་གཞན་དབང་མ་གཏོང་། །
འ་ཅག་བཅུ་ཕྲག་རིག་པའི་སྲོལ་རྒྱུན། །
ཡ་རབ་གནས་ལ་རྟག་ཏུ་བརྩོན་རོགས། །
ར་བ་གངས་དཀར་འོད་སྣང་དཀར་པོ། །
ལ་རྒྱའི་བསམ་པ་ལྷག་བསམ་དཀར་པོ། །
ཤ་ཚ་སྙིང་རྗེའི་བྱམས་བརྩེ་དཀར་པོ། །
ས་སྐྱོང་བླ་མའི་སྙིང་གཏམ་གསན་རོགས། །
ཧ་ཀྱང་ཐལ་བའི་བཤས་ཚོང་མ་བྱེད། །
ཨ་མ་བུ་མོ་བརྙས་བཅོས་མ་གནང་། །
ཧ་ཅང་དམན་པའི་ཆང་དུད་མ་སྤྱོད། །
ཨ་ཁུ་བླ་མར་དད་གུས་མ་བརྗེད། །
ཧ་གོ་དོན་རྟོགས་རྣམ་དཔྱོད་མེད་ན། །
ཨ་ལགས་ཚང་མ་སྨད་ཁི་མ་འདུག །
ཧ་ཅང་གལ་ཆེན་གཏན་བདེའི་སྐྱབས་གནས། །
ཨ་ཙི་ནོར་ན་དམྱལ་བའི་གཏིང་རྡོ། །
ཧ་ཅང་ང་ཚོ་རྒྱང་ཐག་རིང་ཡང་། །
ཨ་ལགས་ཚིག་གི་སྙིང་པོ་བླངས་ནས། །
ཧ་ལོ་དུག་གི་དཀྲུག་ཤིང་མ་བསམ། །
ཨ་ཏིའི་ཡང་ཟབ་སྙིང་དབུས་གཏམས་མཛོད། །
རྟོན་པ་བཞི་བོར་རྟོན་ལུགས་མ་ནོར། །
གྲུབ་མཐའ་བཞི་བོར་ཁྱད་པར་མ་བལྟ། །
བདེན་པ་བཞི་བོར་འཇུག་ལྡོག་མ་ནོར། །
དཀོན་མཆོག་བཞི་བོར་སྐྱབས་འགྲོར་མ་བརྗེད། །
ཚེ་འདིར་ང་ཚོ་འཕྲད་པ་མེད་ཀྱང་། །
ཕྱི་མ་ནུབ་ཕྱོགས་བདེ་ཆེན་ཞིང་ནས། །
ཆོས་རྗེ་བླ་མའི་ཞབས་དྲུང་འཚོགས་ཏེ། །
ཚོམ་བུ་གཅིག་ཏུ་སངས་རྒྱས་སྨོན་ནོ། །
ཞེས་པའང་རབ་ས་གླང་དབོ་ཟླའི་ཡར་ངོའི་ཚེས་བཅུའམ་རིགས་འདུས་མ་ཧྰ་གུ་རུའི་དུས་ཆེན་ཉིན་ནམ།ཕྱི་ལོ་༢༠༠༩ ༣་༤ སྔ་གྲོའི་ཆར་བོད་ཡུལ་ནས་སྤུན་བསོད་ནམས་ལྷུན་གྲུབ་ཀྱིས་ངུ་ངག་གིས་བསྐུལ་མར་སོགས་དང་སྔོན་རང་ལ་དྲྭ་གྲོགས་བཟང་ངན་ཚང་མའི་བསམ་ཆ་ལ་བརྟེན་ནས་བརྗོད་པ་དག་ལ་ཅུང་ཕན་དུ་རེ་ནས་བིརྱ་དྷ་ར་ཤྲྰི་ཨ་ནནྟས་གང་ཤར་བཅོས་བསྒྱུར་མེད་པར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བུདྡྷ་ཛྙྰ་ནའི་ཡང་དབེན་ནས་བཤད་པ་རིན་ཆེན་ཕུན་ཚོགས་ཀྱིས་གློག་འཕྲུལ་ཡི་གེ་བྲིས་པ་དགེའོ།། འགྲོ་བ་ཀུན་གྱིས་རྟོན་པ་བཞི་བོའི་དེ་ཁོ་ཉིད་དོན་རྟོགས་པའི་རྒྱུ་རུ་གྱུར་ཅིག ཤྲྰི་སརྦ་བི་ཛ་ཡནྟུ།།
Subscribe to:
Post Comments (Atom)
0 comments:
Post a Comment