དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 18 November 2011
༄༅། །བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རྣམ་རྒྱལ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ། །
ཨེ་མ་ཧོ། །
སྣང་སྲིད་རྣམ་དག་ཆོས་དབྱིངས་སྒྱུ་འཕྲུལ་ལས། །
བཅོམ་ལྡན་ཞི་ཁྲོ་རབ་འབྱམས་རྒྱལ་སྲས་དང་། །
རྩ་གསུམ་ཆོས་སྐྱོང་བསྟན་སྲུང་ཕྲིན་ལས་ཆེ། །
ཆེ་བའི་ཆེ་མཆོག་ཕྱོགས་ལས་རྣམ་པར་རྒྱལ། །
ཨེ་མ་ཧོ། །
ཆོས་ལྡན་ཞིང་ཁམས་གངས་ཀྱི་དཀྱིལ་འཁོར་ནས། །
ཆོས་རྒྱལ་ཆེན་པོ་མེས་དབོན་ཡབ་སྲས་དང་། །
ཆོལ་གསུམ་རྗེ་འབངས་བོད་རིགས་དཔའ་བོ་ཆེ། །
ཆེ་བའི་ཆེ་མཆོག་ཕྱོགས་ལས་རྣམ་པར་རྒྱལ། །
ཨེ་མ་ཧོ། །
སྔ་འགྱུར་བསྟན་པ་ཆོས་ཀྱི་གྲོང་ཁྱེར་ནས། །
བོད་བརྒྱུད་རྣལ་འབྱོར་ཤིང་རྟ་འཁོར་དང་བཅས། །
ཐེག་གསུམ་དམ་ཆོས་ཐར་བའི་ལམ་བཟང་ཆེ། །
ཆེ་བའི་ཆེ་མཆོག་ཕྱོགས་ལས་རྣམ་པར་རྒྱལ། །
ཨེ་མ་ཧོ། །
ཕན་བདེའི་མ་ལུས་འབྱུང་བའི་གཏེར་མཛོད་ནས།
གང་འདོད་ཕུན་ཚོགས་རྒྱས་པའི་ཚེ་བསོད་དཔལ། །
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ། །
ཆེ་བའི་ཆེ་མཆོག་ཕྱོགས་ལས་རྣམ་པར་རྒྱལ། །
ཨེ་མ་ཧོ། །
འཛམ་གླིང་གོ་ལ་ཟླུམ་པོའི་གནམ་ས་ནས། །
བདེ་སྐྱིད་དཔལ་དུ་སྨོན་པའི་སྐྱེ་འགྲོ་ཀུན། །
བསླབ་གསུམ་དྲི་མེད་ལྡན་པ་རིན་པོ་ཆེ། །
ཆེ་བའི་ཆེ་མཆོག་ཕྱོགས་ལས་རྣམ་པར་རྒྱལ། །
ཨེ་མ་ཧོ། །
རྒྱལ་ལོ་རྒྱལ་ལོ་དཀོན་མཆོག་གསུམ་པོ་རྒྱལ། །
རྒྱལ་དང་རྒྱལ་སྲས་རྒྱལ་བའི་བཀྲ་ཤིས་རྒྱལ། །
རྒྱལ་བསྟན་རིན་ཆེན་ཕྱོགས་ལས་རྣམ་པར་རྒྱལ། །
རྒྱལ་ཁམས་བདེ་སྐྱིད་མི་མཐུན་གཡུལ་རྒྱལ་ཤོག །
ཅེས་པ་འདི་རབ་རྒྱན་ལྕགས་ཡོས་ལྷ་བབས་དུས་སུ་བོད་ཆེན་པོའི་རྒྱལ་དར་ལ་བསྟོད་པ་ཞིག་བྲིས་ཀྱང་དེའི་ནུབ་རྨི་ལམ་འདྲ་མིན་དུ་མ་ཞིག་རྨིས་པའི་རྐྱེན་གྱིས་མི་མཐུན་གཡུལ་ལས་རྒྱལ་བའི་བརྡ་རྟགས་དང་རྟེན་འབྲེལ་ཉེས་སེལ་གྱི་ཆེད་དུ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གང་དྲན་དུ་མཁན་ཆེན་བླ་མའམ་མིང་དངོས་དཔལ་དགྱེས་པ་རྡོ་རྗེས་སྙིང་ནས་གསོལ་བ་འདེབས་པ་དགེའོ།། །།

Subscribe to:
Post Comments (Atom)
0 comments:
Post a Comment