དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 17 November 2011
༄༅། །གངས་ཅན་བོད་ཀྱི་རྒྱལ་དར་ལ་བསྔགས་པ་གཡུལ་རྒྱལ་ལྷ་ཡི་བ་དན་ཞེས་བྱ་བ་བཞུགས་སོ། །
ཨེ་མ་ཧོ། །
ཀ་དག་རིག་པའི་གསེར་མདོག་ཉི་མས་མ་རིག་རྨོངས་མུན་བསལ་བའི་བརྡའ། །
ཁ་བའི་གངས་དཀར་རི་རྒྱལ་རྩེ་གཅིག་བྱང་ཆུབ་སེམས་ཀྱི་སྙིང་པོའི་དོན། །
ག་ས་གང་དུ་སྔོ་དམར་འོད་ཟེར་སྟོང་ཉིད་སྙིང་རྗེ་ཆེན་པོའི་རྟགས། །
ང་ཚོའི་ཆོས་སྲིད་གངས་སེང་རྣམ་གཉིས་ནོར་བུ་དགའ་འཁྱིལ་ཕྱག་རྒྱ་ཅན། །
ཅ་དངོས་རིག་གཞུང་གནའ་དེང་ཀུན་ལ་གངས་ཅན་ལྗོངས་འདྲ་སྲིད་ན་དཀོན། །
ཆ་ལུགས་ཆོས་ལ་གོ་རིམ་ཀུན་འཛོམས་བོད་བརྒྱུད་རྣལ་འབྱོར་ཁྱད་དུ་འཕགས། །
ཇ་ཆང་འདོད་ཡོད་ཅི་དགོས་དབེན་ཡང་སྣོད་བཅུད་དག་པའི་ཞིང་དང་མཚུངས། །
ཉ་གང་ཟླ་བའི་མུ་ཁྱུད་མཛེས་ལྟར་གངས་རིའི་ཕྲེང་བས་མཐའ་འཁོར་བརྒྱན། །
ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་ཐེག་དགུ་ཆོས་ཀྱི་རྒྱ་མཚོ་ཆེར། །
ཐ་སྙད་ཤེས་བྱའི་བཅུ་ཕྲག་རིག་པའི་རྦ་རླབས་མཁའ་ལ་རྟག་འཕྱུར་བ། །
ད་ལྟའི་གོ་ལའི་ཁྱོན་ན་དཀོན་པའི་རྨད་བྱུང་དམ་ཆོས་བདུད་རྩི་འདི། །
ན་ཚོད་མཐོ་དམན་དབྱེ་བསལ་མེད་པར་ཀུན་གྱིས་འཐུང་ན་ཨེ་མ་ཧོ། །
པ་སངས་ལྟར་དཀར་ལྷག་བསམ་དྲི་མེད་བོད་བརྒྱུད་རྣལ་འབྱོར་ཆོས་ལས་འཁྲུངས། །
ཕ་རོལ་ཕྱིན་བཅུའི་ཡེ་ཤེས་རྒྱ་མཚོ་གངས་ཅན་བོད་པའི་ཆོས་ཀྱི་དར། །
བ་དན་ཁྲ་བོ་དགུང་དུ་བསྒྲིངས་པའི་ཚོགས་གཉིས་མི་ཟད་ཟ་མ་ཏོག །
མ་ལུས་འགྲོ་ཀུན་འདི་ཕྱིར་ཕན་པའི་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །
ཙ་ལག་ནག་པོ་སྡེ་དང་བཅས་པས་འདི་ཉིད་མཐོང་ན་སྙིང་རྩ་གཟེར། །
ཚ་གྲང་དམྱལ་བའི་སྡུག་བསྔལ་ལས་ལྷག་གནར་གཅོད་གཏོང་ལ་ཐེ་ཚོམ་བྲལ། །
ཛ་དྲག་བཙན་གནོན་དམར་བསོད་ངན་པས་ས་ཡ་དུ་མའི་ཚེ་སྲོག་བརླགས། །
ཝ་མོ་ཇི་བཞིན་གཡོ་སྒྱུ་ཅན་ཚོས་ད་དུང་རླབས་ཆེན་ཏང་ཞེས་བསྟོད། །
ཞ་ཆོས་ཕྱོགས་འཐེན་བདུད་ཀྱི་ཕོ་ཉ་བྱམས་བརྩེ་བྲལ་བའི་སྲིན་པོའི་རིགས། །
ཟ་འདོད་རྔམ་པའི་དཀོར་གཟན་རྐྱལ་བ་ལྟ་ངན་ཡི་དྭགས་གཏེར་སྲུང་དག །
འ་ཆད་འུ་ཐུག་རང་འདོད་ཁོ་ནས་རྒྱལ་དར་ཐལ་བའི་དོང་དུ་གཡུགས། །
ཡ་རབས་སྲོལ་དང་ཀ་ཁ་མི་ཤེས་ཀླད་རྩ་རུལ་རྣམས་ཨ་ཙ་མ། །
ར་བཟིའི་གྲུབ་མཐས་མགོ་བོ་རྨོངས་ནས་བོད་ཆོས་བཙན་རྒྱལ་རིང་ལུགས་འཛིན། །
ལ་རྒྱའི་བ་དན་དཔེ་དོན་མ་གོ་རང་ཕྱོགས་དབང་སྟེགས་མཐོ་དམན་རྩོད། །
ཤ་ཁྲག་རུས་རྒྱུན་གཅིག་ལས་མཆེད་ཀྱང་བབ་ཅོལ་གྲགས་པའི་རྗེས་རྒྱུགས་ལས། །
ས་སྐྱོང་བསྟན་པའི་དབུ་མའི་ལམ་བཟང་ཀུན་གྱིས་སྒྲུབ་ན་མི་ལེགས་སམ། ། །
ཧ་ཅང་བདེན་རྫུན་གོ་ལོག་སོང་བའི་དུས་ངན་སྙིགས་མའི་ཡང་མཐའ་འདིར། །
ཨ་ཁ་གཞན་ཕན་གོ་སྐབས་ཐོབ་པའི་སྐལ་བ་བཟང་པོ་ན་ཕྲ་ཡང་། །
ཧ་ལམ་ཁོག་ལ་ཅི་ཡོད་སྟོན་པའི་བརྡ་རྟགས་དོན་གྱི་བསྐུལ་མ་ཞིག །
ཨ་མཆོད་བཟང་པོའི་སྨོན་ལམ་ཇི་བཞིན་གངས་ལྗོངས་བསྟན་སྲིད་ཕན་བདེར་ཕུལ། །
ཞེས་པ་འདི་ཡང་རབ་རྒྱན་ལྕགས་ཡོས་ལྷ་བབས་དུས་ཆེན་སྐབས་སུ་བོད་ཆེན་པོའི་རྒྱལ་དར་བསྒྲིངས་ནས་བསངས་གསོལ་བྱེད་པའི་སྐབས་སུ་ཝལ་དཔལ་ཆེན་རྡོ་རྗེའི་འདྲི་བསྐུལ་ལ་བརྟེན་ནས་ཝལ་ཡེལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་རྒྱབ་རི་གླང་ཆེན་འགྱིང་རིའི་རྩེ་ནས་ཤྲྰིས་བྲིས་པ་ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།

Subscribe to:
Post Comments (Atom)
0 comments:
Post a Comment