དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 21 February 2012

ལོ་སར་གྱི་སྨོན་ལམ་དཀར་པོ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
དལ་འབྱོར་གྲུ་ཆེན་རྙེད་དཀའ་མི་རྟག་དྲན། །
དགེ་བཅུའི་བ་དན་བསྐྱོད་པའི་ལས་འབྲས་ཉིད། །
བླང་དོར་ཤེས་བཞིན་བག་ཡོད་རླུང་གིས་བསྐུལ། །
སྲིད་གསུམ་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །
སྐྱབས་གནས་བསླུ་མེད་དཀོན་མཆོག་གཙུག་གི་རྒྱན། །
འགྲོ་ཀུན་སྒྲོལ་བའི་སེམས་བསྐྱེད་སྙིང་ལ་ཞུགས། །
དམ་ཚིག་རྡོ་རྗེས་ཚོགས་བསགས་སྒྲིབ་བྲལ་ནས། །
དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པར་ཤོག །
ཨེ་མ་མཚར་ལྔའི་དགོངས་དོན་མངོན་སུམ་མཐོང་། །
ཝྃ་ཆེན་བདེ་བའི་རྣལ་འབྱོར་ཕྱག་རྒྱས་མྱོང་། །
ཟུང་འཇུག་རིག་པའི་རྡོ་རྗེའི་དོན་རྟོགས་ནས། །
མཐའ་ཡས་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །
ཅེས་པའང་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོ་སར་གྱི་སྐབས་སུ་དབྱིན་ཡུལ་ཨེ་ཝྃ་རི་ཁྲོད་ནས་ཤྲྰིས་སྨོན་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ