དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 23 February 2012

གངས་རིའི་བུ་མོ་བདེ་གཡང་དྲན་གླུ། །

ན་མོ་ལོ་ཀེ་ཤྭ་ར་ཏྰ་ར་ཡེ། །

ཆོས་སྐུའི་ཡུམ་ཆེན་ཀུན་ཏུ་བཟང་མོ་དང་། །

ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་མཁའ་འགྲོ་ཚོགས། །

སྤྲུལ་སྐུའི་བསྟན་སྲིད་སྤེལ་བའི་མཛའ་ན་མོ། །

བདེ་ཆེན་གཡང་གི་དཔལ་མོར་དད་ཕྱག་འཚལ། །




ཡ་ཐོག་སྲིད་པའི་གངས་དཀར་ཆགས་ནས་བཟུང་། །

བདེན་དྲང་གཙུག་ཏུ་ཁུར་བའི་གངས་ཅན་པའི། །

ཡ་རབ་གཤིས་བཟང་བུ་མོ་ངོ་མཚར་ཅན། །

འཕགས་པ་སྒྲོལ་མའི་སྤྲུལ་པ་ཡོངས་སུ་གྲགས། །



རིག་འཛིན་བརྒྱུད་པའི་གདུང་སྲས་ཆོས་ཀྱི་རྒྱལ། །

ལོངས་སྤྱོད་རྫོགས་པའི་རྣམ་རོལ་སྤྲུལ་པའི་སྐུ། །

གསང་གསུམ་མཁའ་འགྲོའི་དབང་མོ་བདེ་ཆེན་དཔལ། །

གངས་དཀར་གཡང་དུ་བཞུགས་པར་ཨེ་མ་ཧོ། །



རབ་རྒྱན་ཆུ་འབྲུག་གནམ་ལོ་གསར་དུ་ཚེས། །

རབ་མཛེས་གངས་ཀྱི་བུ་མོའི་རྣམ་ཐར་དྲན། །

རབ་རྒྱལ་ལྷ་ཡི་རྔ་སྒྲ་དབྱིངས་ནས་བསྒྲགས། །

རབ་ཏུ་དགའ་བའི་བརྩེ་དུང་ཁྱེད་ལ་ཕྱོགས། །



སྐུ་ཚེ་གངས་ཀྱི་རི་རྒྱལ་རྟག་བརྟན་ཅིང་། །

གསུང་དབྱངས་སྙན་པའི་རོལ་མོ་རྒྱུན་ཆད་མེད། །

ཐུགས་བརྩེའི་དམ་ཚིག་བདེ་ཆེན་རྡོ་རྗེའི་དབང་། །

ཕྲིན་ལས་ཀུན་ཁྱབ་འཛམ་གླིང་རྒྱན་དུ་སྨོན། །



རབ་རྒྱན་ཆུ་འབྲུག་གི་ལོ་སར་སྐབས་སུ་དྲན་གདུང་ཞིག་གིས་རྐྱེན་ལས་ཨེ་ཝྃ་རི་ཁྲོད་ནས་ཤྲྰི་སྨྱོན་པས་སྨོན་པ་ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ