དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 23 February 2012
༄༅། །རྫོགས་ཆེན་མཁན་པོ་ཐུབ་བསྟན་ཡེ་ཤེས་ཀྱི་ཞབས་བརྟན་དྲང་སྲོང་བདེན་ཚིག །
ཨོཾ་སྭ་སྟི་བི་ཛ་ཡནྟུ། །
རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་བླ་མ་རྗེ། །
མཁྱེན་བརྩེ་ནུས་པའི་བདག་ཉིད་ཡི་དམ་ལྷ། །
མཁའ་འགྲོ་ཆོས་སྐྱོང་སྲུང་མ་མྱུར་དགོངས་ནས། །
ཐུབ་བསྟན་ཡེ་ཤེས་བཞེད་དོན་ལྷུན་གྲུབ་ཤོག །


ཚུལ་ཁྲིམས་རྣམ་དག་སོར་བྱང་སྔགས་སྡོམ་གཙང་། །
ཏིང་འཛིན་ཡང་དག་ཞི་གནས་ལྡན་པས་བདེ། །
ཤེས་རབ་ཀ་དག་ཐུགས་རྒྱུད་ཡོན་ཏན་བདག །
ཐུབ་བསྟན་ཡེ་ཤེས་སྐུ་ཚེ་རྟག་བརྟན་ཤོག །
མདོ་སྔགས་འཆད་པའི་བཀའ་བབས་པན་ཆེན་རྗེ། །
ངག་རིག་རྩོད་པའི་དབང་ཕྱུག་མཁས་གྲུབ་རྗེ། །
གཞུང་ལུགས་རྩོམ་པའི་སྙན་མངགས་མཁན་པོ་རྗེ། །
ཐུབ་བསྟན་ཡེ་ཤེས་སྐུ་ཚེ་རྟག་བརྟན་ཤོག །
དབུ་ཕར་འདུལ་མཛོད་རིགས་ལམ་བྱང་ཆུབ་ཅིང་། །
བདེ་སྟོང་ཕྱག་རྒྱའི་དེ་ཉིད་མངོན་དུ་བྱས། །
ཡང་ཟབ་རྫོགས་ཆེན་བསྟན་པའི་བླ་མ་མཆོག །
རྫོགས་ཆེན་མཁན་པོའི་སྐུ་ཚེ་རྟག་བརྟན་ཤོག །
སྙིང་རྗེ་ཆེན་པོས་བདག་ལས་གཞན་གཅེས་འཛིན། །
ཤེས་རབ་ཆེན་པོས་རྒྱལ་བསྟན་ཚུལ་བཞིན་སྐྱོང་། །
དག་མཉམ་ཆེན་པོས་ཡང་གསང་བསྟན་པ་སྤེལ། །
རྫོགས་ཆེན་མཁན་པོའི་སྐུ་ཚེ་རྟག་བརྟན་ཤོག །
ཅེས་པ་འང་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོ་སར་སྐབས་སུ་རྫོགས་ཆེན་མཁན་པོ་ཐུབ་བསྟན་ཡེ་ཤེས་ལ་དབྱིན་ཡུལ་ཨེ་ཝྃ་རི་ཁྲོད་ནས་དཔལ་དགྱེས་པ་རྡོ་རྗེས་སྙིང་ནས་སྨོན་པ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། །།

0 comments:

ཟིན་བྲིས་འཚོལ་ཡུལ