དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 16 March 2012
ཨེ་ཝྃ་ཆོས་སྨན་གླིང་གི་ལས་སྣེ་བ་བརྗེ་ལན། །

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །

ཨེ་ཝྃ་གསོ་རིག་ཆོས༵་སྨན༵་ཀུན་ཕན་གླིང༵་། ། 
བཤད་སྒྲུབ་ཞི་བདེའི་འཚོ་བས་རྟག་རོལ་ནས། །     
ཆོས་དཔལ་དགྱེས་པའི་གཏེར་མཛོད་རྡོ་རྗེའི་གར། །
བསྟན་སྲིད་ཕན་བདེའི་གླུ་བྲོས་མཛེས་གྱུར་ཅིག ། །


ཨེ་ཝྃ་ཆོས་སྨན་(AWAM Dharma Hospital.)གླིང་གི་༢༠༡༢ལོའི་འཆར་འགོད་དང་། ད་སྔོན་དུ་ལས་སྣེ་བ་དག་གིས་འབད་བརྩོན་ལ་བརྟེན་ནས་ནད་པ་སྟོང་ཕྲག་མང་པོ་དང་ཉམས་ཐག་བརྒྱ་ཕྲག་དུ་མར་ཆོས་དཔལ་རིག་གཞུང་གིས་གསོ་སྐྱོང་དང་ཕན་བདེས་མཛད་བཟང་གིས་སློབ་གསོ་དང་ཆོས་འཆད། འདས་མཆོད་དང་། སྐུ་རིམ་སྒྲུབ་མཆོད་དག ལེགས་གྲུབ་བྱུང་བས་ཚང་མ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་དག་ཚང་མ་ནི་ལས་སྣེ་བ་དག་གིས་ལྷག་བསམ་དང་བྱམས་སྐྱོང་གིས་མཛད་རིམ་འོག་ཕུན་སུམ་ཚོགས་པ་བྱུང་ཡོད། ད་དུང་མུ་འཐུད་དུ་རྒྱུན་སྐྱོང་དགོས་པས་གཙོ་བོ་གསོ་བ་རིག་པ་དང་བོད་ཀྱི་སྐད་ཡིག་དང་དམ་པའི་ཆོས་བཤད་སྒྲུབ་ཡར་རྒྱས་གོང་འཕེལ་གྱི་ཆེད་དུ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་སོ། ། དེ་ཡང་འཛམ་གླིང་རྒྱལ་སྤྱིའི་གསོ་རིག་དང་དཔལ་འབྱོར་ཚོགས་པ་འདི་དག་གིས་ཀྱང་ཕ་ཡུལ་བྱང་འབྲོག་གི་བོད་མི་རིགས་མང་ཆེ་བ་དག་ནི་ནད་མུག་རྒུད་པའི་བྱིང་ལས་སྐྱོབ་པར་འཚལ། ང་ཚོའི་ཆོས་དང་སྨན་གྱིས་ཕྱི་ནང་གསང་བའི་ནད་དང་ནད་ཀྱི་རྒྱུ་སྤང་ཐུབ་པར་རྟེན། ཆོས་ལ་ཐོས་བསམ་སྒོམ་པ་བྱ་བ་དང་རྒྱ་བོད་དབྱིན་ཇིའི་སྨན་རིགས་དང་སྨན་པ་མཁས་པས་རོགས་དན་གནང་བ་ཤིན་ཏུ་གལ་ཆེའོ། །
ད་ནས་བཟུང་ཨེ་ཝྃ་ཆོས་སྨན་གླིང་གི་འགན་འཛིན་པ་གཙོ་བོ་ནི། བླ་སྨན་རོང་ལེ་དང་། མཁན་པོ་འོད་གསལ་མཐའ་ཡས། དཀོར་གཉེར་བ་ནད་མེད་ཚེ་རིང་། རྫོང་སྨན་པ་ཉི་ཤར་བཅས་སྔར་བཞིན་དང་། བླ་འདས་པའི་སྐུ་ཚབ་ཏུ་ཨ་ཀྱྰ་བླ་མ་དང་བཅས་ཚོགས་མི་ལྔ་ལས་གྲུབ་པ་བཟོས་ཡོད་པས་དེ་ལུགས་ཀྱིས། སློབ་གསོའི་ནང་དོན་སྐོར་ལ་བོད་རང་གི་ཐུན་མིན་གྱི་སྐད་ཡིག་རིག་པ་གཞིར་བཞག་ནས་གསོ་རིག་རྒྱུད་བཞི་དང་གཡུ་ཐོག་རིག་པ། བོད་ཀྱི་ལུས་སྦྱོང་། རྩི་སྨན་བསྐུ་མཉེ། དཔྱད་བཅོས་རིག་པ། སེམས་ཁམས་རིག་པ། རྨི་ལམ་རིག་པ། རྟེན་འབྲེལ་སྔགས་བཅོས། ས་དཔྱད་རིག་པ། ཞི་ལྷག་སྒོམ་པ། རྩིས་རིག་པ་ལ་སོགས་པ་ཡིན་ལ། འདི་དག་དཔལ་འབྱོར་གྱི་ཚོང་ལས་ཁོ་ན་མ་ཡིན་པར་ཞིབ་འཇུག་གི་སྐོར་ལ་བོད་རང་གི་སྨན་སྦྱོར་རིག་པ། སྨན་པ་གསོ་སྐྱོང་། ནད་ཐོག་ལག་ལེན། དཔྱད་བཅོས་རིག་པ། སྨན་སྦྱོར་སྡེབ་ལ་སོགས་པ་དཔྱད་ཞིབ་བྱེད་ཞིབ་འཇུག་བྱ་རྒྱུ་དང་།རང་ཁ་རང་གསོ་ ཐུབ་པའི་སྨན་ཁང་སྨན་སྒྲུབ་ཚད་ལྡན་ཞིག་དང་། རྒྱལ་ཁབ་སྤྱི་ཐུན་སོ་སོའི་ཁྲིམས་མཐུན་གྱི་སྨན་རྫས་རིགས་ལ་ཐོ་འགོད་དང་བོད་ཀྱི་སྨན་རྫས་རིག་པ་མཉམ་བསྡུར་བྱེད་ཐུབ་པ་དེ་ཡིན།

ཨེ་ཝྃ་ཆོས་སྨན་བདུད་རྩིའི་བྱང་ཆུབ་སེམས། །
མ་ལུས་འགྲོ་བའི་རྒྱུད་ལ་ལེགས་འཁྲུངས་ནས། །
ལུས་བདེ་སེམས་སྐྱིད་ཕན་བདེའི་དཔལ་ཐོབ་པའི། །
འཛམ་གླིང་ཀུན་ཕན་ཞི་བདེའི་འཚོ་གྱུར་ཅིག །

རབ་རྒྱན་ཆུ་འབྲུག་ཟླ་ཚེས་དགེ་བའམ། ཕྱི་ལོ་༢༠༡༢ ༣ ༡༨ ཉིན་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ནས་བིརྱ་དྷ་ར་ཤྲྰི་ཨ་ནནྟ་བཛྲས་གུས་ཕུལ།

0 comments:

ཟིན་བྲིས་འཚོལ་ཡུལ